ཐུང་ཁྲོན་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-30 10:14ལ་འགྲུབ།

ཐུང་ཁྲོན་ཆུས།

ཐུང་ཁྲོན་ཆུས།
ཐུང་ཁྲོན་ཆུས་ནི་སི་ཁྲོན་གྱི་བྱང་ཤར་རྒྱུད་དང་ཏ་ཀྲོའུ་གྲོང་ཁྱེར་གྱི་དབུས་རྒྱུད་དུ་གནས་ཡོད། བྱང་ཤར་ཕྱོགས་སུ་ཞོན་ཧན་རྫོང་དང་འབྲེལ་ཞིང་། ལྷོ་ནུབ་ཕྱོགས་སུ་ཏ་ཁྲོན་ཆུས་དང་འབྲེལ་ཡོད། ནུབ་བྱང་ཕྱོགས་སུ་ཕིང་ཁྲང་རྫོང་དང་ས་མཚམས་འབྲེལ་ཞིང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ90029ལྷག་ཙམ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཐུང་ཁྲོན་ཆུས།
རྒྱ་ཡིག་གི་མིང་།
通川区
ཕྱི་ཡིག་གི་མིང་།
Tongchuan District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང5 གྲོང་རྡལ12 ཤང1
སྲིད་གཞུང་སྡོད་གནས།
ཏུང་ཁྲེང་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0818
སྦྲག་སྲིད་ཚབ་ཨང་།
635000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ900.9
མི་གྲངས།
ཁྲི78.21
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཁྲོན།S 川S
སྲིད་འཛིན་ཚབ་ཨང་།
511702
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1950ལོར་ཁོངས་ཁྲོན་པེ་སྲིད་འཛིན་ཀུང་ཧྲུའུ་ཆུས་ཏ་ཞན་གྱི་ཁོངས་སུ་གཏོགས།

སྤྱི་ལོ1952ལོར་སི་ཁྲོན་ཞིང་ཏ་ཞན་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1968ལོར་ཏ་ཞན་ཀྲོན་ཆུས་དེ་ས་ཁུལ་དུ་བསྒྱུར།

སྤྱི་ལོ1976ལོར་ཏ་ཞན་ས་ཁུལ་ནས་དབྱེ་སྟེ་ཏ་ཞན་གྲོང་ཁྱེར་བཙུགས་པ་རེད།

སྤྱི་ལོ1993ལོར་ཏ་ཁྲོན་གྲོང་ཁྱེར་ཞེས་པར་མིང་བསྒྱུར།

སྤྱི་ལོ1999ལོར་ཐུང་ཁྲོན་ཆུས་ཞེས་པར་མིང་བསྒྱུར།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོའི་ཟླ12པར་ཐུང་ཁྲོན་ཆུས་ཁོངས་ཀྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ5(ཏུང་ཁྲིན་ཁྲོམ་གཞུང། ཞི་ཁྲིན་ཁྲོམ་གཞུང། ཁྲའོ་དབྱང་ཁྲོམ་གཞུང། ཧྥུན་ཞི་ཁྲོམ་གཞུང། ཧྥུན་པེ་ཁྲོམ་གཞུང)དང་། གྲོང་རྡལ12(ཧྥུའུ་ཞིང་གྲོང་རྡལ། ལུའོ་ཅང་གྲོང་རྡལ། ཕུའུ་ཅ་གྲོང་རྡལ། ཧྲོང་ལུང་གྲོང་རྡལ། ཧྲི་མིའོ་གྲོང་རྡལ། ཅང་ལིང་གྲོང་རྡལ། ཏུང་ཡུའེ་གྲོང་རྡལ། ཕེན་ཧྲི་གྲོང་རྡལ། ཙི་ཐུང་གྲོང་རྡལ། པེ་ཧྲན་གྲོང་རྡལ། ཅིན་ཧྲི་གྲོང་རྡལ། ཆིང་ཉིང་གྲོང་རྡལ)  ཤང1(ཨན་ཡུན་ཤང)བཅས་ཡོད། ཤང་དང་གྲོང་རྡལ་རིམ་པའི་ཆབ་སྲིད་ཁུལ18ཡོད། ཆུས་མི་དམངས་སྲིད་གཞུང་ནི་ཏུང་ཁྲེང་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཆ་རྐྱེན།
3_1 གནས་ས།

ཐུང་ཁྲོན་ཆུས་ནི་སི་ཁྲོན་གྱི་བྱང་ཤར་རྒྱུད་དང་ཏ་ཀྲོའུ་གྲོང་ཁྱེར་གྱི་དབུས་རྒྱུད་དུ་གནས་ཡོད། བྱང་ཤར་ཕྱོགས་སུ་ཞོན་ཧན་རྫོང་དང་འབྲེལ་ཞིང་། ལྷོ་ནུབ་ཕྱོགས་སུ་ཏ་ཁྲོན་ཆུས་དང་འབྲེལ་ཡོད། ནུབ་བྱང་ཕྱོགས་སུ་ཕིང་ཁྲང་རྫོང་དང་ས་མཚམས་འབྲེལ་ཞིང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ90029ལྷག་ཙམ་ཡོད།

3_2 ས་དབྱིབས།

ཐུང་ཁྲོན་ཆུས་ནི་སི་ཁྲོན་ཤར་རྒྱུད་དང་མཉམ་གཤིབ་ཀྱི་རི་ལུང་དུ་གནས་ཡོད། ས་བབ་རྒྱབ་ཏུ་གསེག་ཅིང་། རི་བོ་དམའ་མོར་གྱུར་ཡོད། ཕྱོགས་སུ་ཡངས་ཤིང་རྒྱ་ཆེ་བས་རི་མ་ཐང་གི་ལུང་གཞུང་མང་པོ་ཆགས་ཡོད། ས་ངོས་ཆགས་ཚུལ་ནི་རི་ཆུང་ཆུང་དང་རི་མ་ཐང་དང་། གྲོག་རོང་དང་བདེ་ཐང་གཉིས་ཀ་ཡོད།

3_3 ནམ་ཟླ།

ཐུང་ཁྲོན་ཆུས་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དེའི་ཁྱད་ཆོས་ནི་དུས་བཞིའི་དབྱེ་བ་གསལ་པོ་ཡོད་པ་དང་། དགུན་དུས་དྲོ་བ་དང་། དཔྱིད་དུས་སླེབས་སྔ་བ། དབྱར་དུས་ཀྱི་ཚ་བ་ཆེ་བ་དང་སྟོན་ཀའི་བསིལ་བ། སད་མེད་དུས་ཡུན་རིང་བ། ལོ་མང་པོའི་རིང་གི་ཆ་སྙོམས་དྲོད་ཚད17.3℃ཡིན།

3_4 ཆུ་དཔྱད།

ཐུང་ཁྲོན་ཆུས་ཁོངས་ཀྱི་ཆུ་རྒྱུན་ནི་འབྲི་ཆུའི་འབབ་རྒྱུད་དུ་གཏོགས་པ་ཡིན། ཆུ་བོ་ཆེ་ཤོས་ནི་ཀྲོའུ་ཆུ་བོ་ཡིན་པ་དང་། ཐུང་ཁྲོན་ཆུས་ཀྱི་མངའ་ཁོངས་སུ་རིང་ཚད་སྟོང་སྨི34ཡོད་པ་དང་། འབབ་རྒྱུད་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ388.2ཡོད་པ་དང་། ལོ་རེའི་ཆ་སྙོམས་ཀྱི་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ192.7ཡིན། རང་བྱུང་གི་འབབ་ཁྱད་སྨི16དང་གྲམ་ཐང21ཡོད།

4 མི་གྲངས་གནས་ཚུལ།
5 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཐུང་ཁྲོན་ཆུས་ཀྱི་ཆུས་ཡོངས་ཀྱི་ཐེམ་ཐོ་མི་འབོར་ཁྲི59.41ཡོད་པ་དང་། དེའི་ནང་བུད་མེད་མི་འབོར་ཁྲི29.33སླེབས་ཡོད། གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱིས་ལྡོག་འདྲེན་བྱས་པ་ལྟར་ན། རང་ཆུས་ཀྱི་སྤྱི་ལོ2018ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི78.21ཡོད་པ་དང་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད70.05%སླེབས་ཡོད། ལོ་སྔོན་མ་ལས0.32%ཇེ་མཐོར་གྱུར། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར5679ཡོད་པ་དང་སྐྱེས་ཚད9.94‰སླེབས། རྐྱེན་ལམ་དུ་ཤོར་བའི་མི་འབོར2518དང་ཤི་ཚད4.41‰སླེབས། རང་བྱུང་འཕར་ཚད5.53‰ཡིན། ཕྲུ་གུ་དམར་འབྱར་ཤི་ཚད་དང་ལོ5མན་གྱི་བྱིས་པའི་ཤི་ཚད་སོ་སོར3.33‰དང4.99‰བར་མར་ཆག་ཡོད།

6 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོར། ཐུང་ཁྲོན་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར239.33བྱུང་བ་དེ་ལོ་གོང་མ་ལས8.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར22.46སླེབས་ནས3.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར75.83སླེབས་ནས7.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར141.04སླེབས་ནས10.1%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི9.4:31.7:58.9ཡིན། ཐོན་ལས་ཐེངས་གསུམ་པསGDPལ་བྱས་རྗེས་བཞག་ཚད་སོ་སོར9.35%དང་། 32.35%དང་། 58.30%བཅས་ཡིན། GDPསོ་སོར0.79%དང་། 2.75% 4.96%བཅས་སྐུལ་ཁྲིད་བྱས་ཡོད། ཆུས་ཡོངས་ཀྱི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར31374སླེབས་ནས2.26%མར་ཆག་ཡོད།

6_1 སྔོན་རྩིས་ཡོང་འབབ།

སྤྱི་ལོ2018ལོར། ཐུང་ཁྲོན་ཁུལ་དུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི86043ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས10.9%འཕར་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི55002དང་ཁྲལ་མིན་ཡོང་འབབ་སྒོར་ཁྲི31041སླེབས་ཡོད། ཡོང་འབབ་བསྡོམས་འབོར་གྱི་སོ་སོར63.92%དང36.08%ལ་སླེབས་ཡོད། ལོ་ཧྲིལ་པོར་ཁྲལ་དོན་ཅུས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི131026སླེབས་ནས32.83%འཕར་ཡོད། ལོ་ཧྲིལ་པོར་ས་གནས་ཀྱི་སྤྱི་པའི་ནོར་སྲིད་གཏོང་སྒོ་སྒོར་ཁྲི281327སླེབས་ནས5.3%མར་ཆག་ཡོད།’

6_2 དམངས་གཉེར་དཔལ་འབྱོར།

སྤྱི་ལོ2018ལོར་ཐུང་ཁྲོན་ཆུས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་ཁྲི1533634སླེབས་པ་དང་། ལོ་གོང་མ་ལས8.7%འཕར་བ་དེསGDPཡི64.1%བཟུང་བ་དངGDPལ་སྐྱེས་འབུལ་ཚད64.5%སླེབས་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི60361སླེབས་ནས2.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི698526སླེབས་ནས7.8%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི774747སླེབས་ནས9.9%འཕར་ཡོད།

6_3 གཏན་འཇགས་མ་དངུལ།

སྤྱི་ལོ2018ལོར་ཐུང་ཁྲོན་ཆུས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི1881693བཏང་ནས13.6%འཕར་ཡོད། དེའི་ནང་དམངས་གཉེར་མ་འཇོག་སྒོར་ཁྲི914165སླེབས་ནས42.5%འཕར། སྒོར་ཁྲི5000ཡན་གྱི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི670200བཏང་ནས5.3%མར་ཆག་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར6.3བཏང་ནས6.2%འཕར་བ་དང་། ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར20.01བཏང་ནས17.9%འཕར། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར161.84བཏང་ནས13.4%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ཆུས། གྲོང་ཁྱེར།