ཡིང་ཧྲན་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-30 10:28ལ་འགྲུབ།

ཡིང་ཧྲན་རྫོང་།

ཡིང་ཧྲན་རྫོང་།
ཡིང་ཧྲན་རྫོང་ནི་སི་ཁྲོན་གཤོངས་སའི་བྱང་ཤར་རྒྱུད་དུ་གནས་ཤིང་། པ་ཧོ་གཙང་པོ་དང་ཅ་ལིན་གཙང་པོའི་བར་ན་ཡོད། ཤར་ལྷོའི་ཕྱོགས་སུ་ཆུས་རྫོང་དང་ས་མཚམས་འབྲེལ་བ་དང་། ལྷོ་ནུབ་ཕྱོགས་སུ་ཕེང་ཨན་རྫོང་གི་ཁྱིམ་མཚེས་ཡིན། བྱང་ངོས་ཕྱོགས་སུ་དབྱི་ལུང་རྫོང་དང་གཏད་ནས་ཡོད། བྱང་ཤར་ཕྱོགས་སུ་ཕིང་ཁྲང་རྫོང་གཉིས་སྦྲེལ་ནས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཡིང་ཧྲན་རྫོང་།
རྒྱ་ཡིག་གི་མིང་།
营山县
ཕྱི་ཡིག་གི་མིང་།
Yingshan County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང3 གྲོང་རྡལ18 ཤང8
སྲིད་གཞུང་སྡོད་གནས།
སུའེ་ཨན་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0817
སྦྲག་སྲིད་ཚབ་ཨང་།
637700
རྒྱ་ཁྱོན།
1635k㎡
མི་གྲངས།
ཁྲི93.3
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཁྲོན།R 川R
སྲིད་འཛིན་ཚབ་ཨང་།
511322
1 ​ལོ་རྒྱུས་འཕེལ་རིམ། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར་ཡིང་ཧྲན་རྫོང་ནི་མིན་གོའི་སི་ཁྲོན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་གཅིག་པའི་ཁོངས་སུ་གཏོགས།

སྤྱི་ལོ1949ལོར་ཀྲུང་གོའི་ཁྲོན་པེ་སྲིད་འཛིན་ཀུང་ཧྲུའུ་གསར་པ་ནན་ཁྲུང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1952ལོར་སི་ཁྲོན་ཞིང་ཆེན་ནན་ཁྲུང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1968ལོར་སི་ཁྲོན་ནན་ཁྲུང་ས་ཁུལ་གྱི་ཁོངས་སུ་གཏོགས།

སྤྱི་ལོ1993ལོར་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་བཙུགས་པ་ནས་བཟུང་ཡིང་ཧྲན་རྫོང་ནི་དེའི་ཁོངས་སུ་གཏོགས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོའི་ཟླ12པའི་བར། ཡིང་ཧྲན་རྫོང་ཁོངས་ཀྱི་ཁྲོམ་ལམ3(སུའེ་ཨན་ཁྲོམ་གཞུང་། ལང་ཁྲི་ཁྲོམ་གཞུང། ཁྲེང་ནན་ཁྲོམ་གཞུང།)དང་། གྲོང་རྡལ18(ལོན་ཅིན་གྲོང་རྡལ། ཏུང་ཧྲེང་གྲོང་རྡལ། ལུའོ་ཧྲི་གྲོང་རྡལ། ཧོང་ཏུའུ་གྲོང་རྡལ། ཞའོ་ཆའོ་གྲོང་རྡལ། ལིན་ཡིང་གྲོང་རྡལ། ལའོ་ལིན་གྲོང་རྡལ། མུའུ་དབྱང་གྲོང་རྡལ། ཧྲུའུ་ཧྲུའུ་གྲོང་རྡལ། ཧྲོང་ལིའུ་གྲོང་རྡལ། ལིའུ་ཧྲུའེ་གྲོང་རྡལ། ཅེ་ཡེ་གྲོང་རྡལ། ཞིན་ཏན་གྲོང་རྡལ། ཧུའེ་ལུང་གྲོང་རྡལ། ཞིན་ཧོ་གྲོང་རྡལ། ཞི་ཆའོ་གྲོང་རྡལ། ཝང་ལུང་ཧུའུ་གྲོང་རྡལ། ཆིན་ཧྲན་གྲོང་རྡལ) ཤང8(མུའུ་ཏིང་ཤང་། མིན་ཏེ་ཤང་། ཐའེ་ཧྥེང་ཤང་། ལིན་ལིན་ཤང་། ཡུའེ་ཀྲུང་མིའོ་ཤང་། ཏ་ཧྲོའུ་ཤང)བཅས་ཡོད་པ་སྟེ།

3 ས་ཁམས་ཆ་རྐྱེན།
3_1 གནས་ས།

ཡིང་ཧྲན་རྫོང་ནི་སི་ཁྲོན་གཤོངས་སའི་བྱང་ཤར་རྒྱུད་དུ་གནས་ཤིང་། པ་ཧོ་གཙང་པོ་དང་ཅ་ལིན་གཙང་པོའི་བར་ན་ཡོད། ཤར་ལྷོའི་ཕྱོགས་སུ་ཆུས་རྫོང་དང་ས་མཚམས་འབྲེལ་བ་དང་། ལྷོ་ནུབ་ཕྱོགས་སུ་ཕེང་ཨན་རྫོང་གི་ཁྱིམ་མཚེས་ཡིན། བྱང་ངོས་ཕྱོགས་སུ་དབྱི་ལུང་རྫོང་དང་གཏད་ནས་ཡོད། བྱང་ཤར་ཕྱོགས་སུ་ཕིང་ཁྲང་རྫོང་གཉིས་སྦྲེལ་ནས་ཡོད།

3_2 ས་བབ།

ཡིང་ཧྲན་རྫོང་གི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1635ལ་སླེབས།་ཡོད། ཡིང་ཧྲན་རྫོང་གི་ས་བབ་བྱང་མཐོ་ལ་ལྷོ་དམའ་ཞིང་། ཤར་ལྷོར་གསེག་སྟེ་རི་དམའ་བ་དང་རི་མ་ཐང་གཙོ་བོ་ཡིན། བྱང་ནས་ལྷོ་བར་རིམ་བཞིན་རི་མ་ཐང་དང་རི་འབུར་གཏིང་ཐུང་ཆུ་རགས་ཡོད་པའི་ས་ཞིང་ཡིན། ཐགས་ཡིབས་ཀྱི་ཆུ་རགས་འཕྲེད་དུ་འཕྲེད་བཅད་བྱས་ཡོད་པ་དང་། ཆེས་མཐོ་བའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི889ཡོད།

3_3 ཆུ་དཔྱད།

ཡིང་ཧྲན་རྫོང་གི་ཆུ་བོ་གཙོ་བོར་ལིའུ་ཅང་ཆུ་བོ་དང་དེའི་ཡན་ལག་ཆུ་བོ་དབྱི་ལུང་ཆུ་བོ་དང་ཞའོ་ཧྲུའེ་ཆུ་བོ་བཅས་ཡོད།

4 རང་བྱུང་ཐོན་ཁུངས།
4_1 རྩི་ཤིང་།

ཡིང་ཧྲན་རྫོང་དུ་ཀྭ་ཙི་ནག་པོ་དང་། སོ་མ་ར་ཙ། དར་དམར་པོ། པྲ་ཚིལ་དཀར་པོ། ཚ་ལུ་མ། བཀྲག་ཤིང་བཅས་ཡོད།

4_2 གཏེར་རྫས།

ས་སྟེང་དུ་གསར་སྤེལ་དང་བེད་སྤྱོད་བྱས་ཆོག་པའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་རིགས1100ལ་སླེབས་པ་དང་། སྔོགས་འདོད་མ་བྱས་པའི་གཏེར་ཁའི་ཐོན་ཁུངས་ལ་ཚྭ་རྒྱུ་དང་། རྡོ་སྣུམ། རང་བྱུང་སོལ་རླངས། རྡོ་ཐལ་རྡོ། སྭེལ་བྱེ་རྡོ། ས་སྦོས། གཟེ་ལྕགས་གཏེར་བཅས་ཡོད།

4_3 སྲོག་ཆགས།

རི་སྐྱེས་སྲོག་ཆགས་ལ་ཆུ་སྲམ་དང་། སྲམ་བུ། ཝ་མོ། བྱ་རྒོད། བྱ་དཀར། བྱ་འུག་པ་བཅས་ཡོད།

5 མི་གྲངས་གནས་ཚུལ།
5_1 མི་གྲངས།

2016ལོའི་ལོ་མཇུག་ཏུ་ཡིང་ཧྲན་རྫོང་གི་སྤྱི་བདེའི་ཐེམ་ཐོའི་མི་གྲངས་ཁྲི93.33ལ་སླེབས།་ཡོད། དེའི་ནང་སྐྱེས་པ་ཁྲི49.09དང་བུད་མེད་ཁྲི44.24ཡོད། དེའི་ནང་གྲོང་གསེབ་ཀྱི་མི་གྲངས་ཁྲི75.46དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི17.87ཡོད་པ་རེད། ལོ་ཧྲིལ་པོར་མི་གྲངས་ཁྲི0.72ཡོད་པ་དང་། མི་གྲངས་ཁྲི0.61ལ་སླེབས།་པ། མི་གྲངས་རང་བྱུང་འཕར་ཚད1.41‰ལ་སླེབས།་ཡོད།

5_2 མི་རིགས།

ཡིང་ཧྲན་རྫོང་ལ་རྒྱ་རིགས་གཙོ་བོ་ཡིང་པའི་མི་རིགས20འདྲེས་སྡོད་ཆེན་པོ་བྱེད་པའི་རྣམ་པ་ཆགས་ཡོད། གྲངས་ཉུང་མི་རིགས་ནི་ཐུའུ་ཅ་རིགས་དང་། བོད་རིགས། ཀྲོང་རིགས། ཡིངས་རིགས། པུའུ་ཡིང་རིགས། ཡའོ་རིགས། ཁྲའོ་ཞན་རིགས་སོགས་ཡིན།

6 དཔལ་འབྱོར་རགས་བཤད།

སྤྱི་ལོ2017ལོར་རྫོང་ཡོངས་སུGDP170.5མངོན་འགྱུར་བྱུང་ཡོད། 9%འཕར་ནས་འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་ཨང་གསུམ་པར་སླེབས་ནས་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར6.83ལ་སླེབས་ནས23.7%འཕར་བ་དང་འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར128.5བཏང་ནས18.5%འཕར་བ་དང་འཕར་ཚད་ལོ་བཞི་བསྟུད་མར་གྲོང་ཁྱེར་དེ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་རིན་ཐང་འཕར་མ0.5%འཕར་ནས་འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་ཨང་གཉིས་པར་སླེབས་ནས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར89ལ་སླེབས་ནས་13%འཕར་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར22407ལ་སླེབས་ནས9%འཕར་བ་དང་འཕར་ཚད་དེ་གྲོང་ཁྱེར་ཡོངས་ཀྱི་ཨང་གསུམ་པར་སླེབས་ནས་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར12307ལ་སླེབས་ནས10%འཕར་ཡོད།

7 གཟི་བརྗིད་མཚན་སྙན།

ཀྲུང་གོའི་མ་འཇོག་གི་མི་མངོན་པའི་ནུས་པ་ཆེ་ཤོས་ལྡན་པའི་གྲོང་ཁྱེར་འབྲིང་ཆུང་གི་ཕུལ་བྱུང་རྫོང་བརྒྱའི་གྲས།

ཀྲུང་གོའི་སྣོད་བཅུད་ཡུལ་སྐོར་གྱི་ཕུལ་བྱུང་གི་རྫོང་བརྒྱའི་གྲས།

རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་གྱི་སྔོན་ཐོན་གྱི་རྫོང་བརྒྱའི་གྲས།

རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཀྱི་སྔོན་ཐོན་གྱི་རྫོང་བརྒྱའི་གྲས།

རྒྱལ་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ཚོད་ལྟའི་རྫོང་།

རྒྱལ་ཁབ་ཀྱི་རྩ་ཆེའི་ཤིང་སོན་འདེབས་གསོ་དཔེ་སྟོན་རྫོང་།

ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་།

སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་དཔེ་བཟང་རྫོང་།

སི་ཁྲོན་ཞིང་ཆེན་གྱི་སྔོ་འགྱུར་དཔེ་བཟང་རྫོང་།

སི་ཁྲོན་ཞིང་ཆེན་གྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་ཐོན་གྱི་རྫོང་།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ཆུས། གྲོང་ཁྱེར།