མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཕེང་ཀྲོའུ་མེད་པར་བཟོས་ནས་ཕེང་ཀྲོའུ་གི་ཕེང་དང་ཨན་ཧན་རྫོང་གི་ཡིག་འབྲུ་གོང་མ་གཉིས་བླངས་ནས་ཕེང་ཨན་རྫོང་བཙུགས།
སྤྱི་ལོ1949ལོའི་ཟླ12པའི་ཚེས12ཉིན་ཕེང་ཨན་བཅིངས་འགྲོལ་བཏང་། ཁྲོན་པེ་སྲིད་འཛིན་ཀུང་ཧྲུའུ་ནན་ཁྲུང་ཀྲོན་ཆུས་ཀྱི་མངའ་འོག་ཏུ་ཡོད་པ་དང་རྫོང་མཁར་གནས་ཡུལ་ཅིན་ཕེང་གྲོང་རྡལ་ཡིན།
སྤྱི་ལོ1952ལོར་སི་ཁྲོན་ཞིང་ཆེན་ནན་ཁྲུང་ས་ཁུལ་གྱི་མངའ་འོག་ཏུ་གཏོགས།
སྤྱི་ལོ1957ལོའི་ཟླ12པར་རྫོང་མཁར་ཀྲོའུ་ཁོའུ་གྲོང་རྡལ་དུ་སྤོས།
སྤྱི་ལོ1968ལོར་ནན་ཁྲུང་ས་ཁུལ་གྱི་ཁོངས་གཏོགས་རྫོང་ཡིན།
སྤྱི་ལོ1993ལོར་ནན་ཁྲུང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཡིན།
སྤྱི་ལོ2006ལོར་ཀྲོའུ་ཁོའུ་གྲོང་རྡལ་མེད་པར་བཟོས་ནས་ཤང་རུའུ་གྲོང་རྡལ་བཙུགས་པ་དང་རྫོང་སྲིད་གཞུང་ནི་ཤང་རུའུ་གྲོང་རྡལ་དུ་སྤོས།
རྫོང་ཏང་ཨུའི་ཧྲུའ་ཅི། ཚུའེ་ཀྲུའུ་ཅུན།
རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཐང་ཧྥང་ཁྲུན། ཅིང་ཅན། ལུང་ཤང་ཕེང་།(ལས་སྦྱར)
རྒྱུན་ཨུ། དབྱང་ཅ། ཡུས་ཀྲའོ་ཡུས། ཆིའུ་ཧྲི་རུང་། ཧྲི་ཁུན་ལུན། ཝུའུ་ཤང་མིང་། ཀྲང་ཧྭ།
རྫོང་དཔོན། ཐང་ཧྥང་ཁྲོན།
རྫོང་དཔོན་གཞོན་པ། དབྱང་ཅ། ཧོ་ཀྲེན་ཡུས། ལིའུ་ཡིན། ཁྲེན་ཡོན། སུན་ཁྲའོ།
ཏང་ཙུའུ་ཡི་ཁོངས་མི། ཐང་ཆི་ཝུན།
སྤྱི་ལོ2019ལོའི་ཟླ10པའི་ཚེས31ཉིན་བར། ཕེང་ཨན་རྫོང་གི་མངའ་འོག་ཏུ་སྲང་ལམ་དོན་གཅོད་ཁང2(ཀྲོའུ་ཁོའུ་སྲང་ལམ་དོན་གཅོད་ཁང་དང་ཤང་རུའུ་སྲང་ལམ་དོན་གཅོད་ཁང) གྲོང་རྡལ14(ཞུས་ཅ་གྲོང་རྡལ། ཅིན་ཞི་གྲོང་རྡལ། ཅུས་ལུང་གྲོང་རྡལ། ཞིན་པ་གྲོང་རྡལ། ཅིན་ཕེང་གྲོང་རྡལ། ཀྲེང་ཡོན་གྲོང་རྡལ། ཧོ་ཧྲུའུ་གྲོང་རྡལ། ལི་ཞི་གྲོང་རྡལ། དབྱང་ཅ་གྲོང་རྡལ། ལུང་ཁྲན་གྲོང་རྡལ། ཞིན་ཅ་གྲོང་རྡལ། ལུའོ་ཅ་གྲོང་རྡལ། ཧྥུ་ཏེ་གྲོང་རྡལ། དབྱིན་ཧན་གྲོང་བརྡལ) ཤང5(ཕིན་ཐོའུ་ཤང་། ཞན་ཏེན་ཤང་། ཅིན་ཅ་ཤང་། ཧྲི་ཁུང་ཤང་། ཞིན་ཡོན་ཤང) ཕེང་ཨན་རྫོང་མི་དམངས་སྲིད་གཞུང་ནི་ཞང་རུའུ་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།
ཕེང་ཨན་རྫོང་ནི་སི་ཁྲོན་གཤོངས་སའི་བྱང་ཤར་རྒྱུད་དང་། ཅ་ལིང་གཙང་པོའི་དབུས་རྒྱུད་དུ་གནས་ཡོད། ཤར་ནུབ་ཞེང་ཚད་སྤྱི་ལེ22.11ཙམ་དང་ལྷོ་བྱང་རིང་ཚད་སྤྱི་ལེ61ཙམ་ཡོད། ཤར་ངོས་ཕྱོགས་སུ་ཡིན་ཧྲན་རྫོང་དང་ཆུས་རྫོང་གཉིས་ལ་འབྲེལ། ལྷོ་ངོས་ཕྱོགས་སུ་ཡུའེ་ཁྲི་རྫོང་དང་ཀོང་ཨན་ཆུས་གཉིས་ལ་འབྲེལ། ནུབ་ངོས་ཕྱོགས་སུ་ཀའོ་ཕིན་ཆུས་དང་ཧྲུན་ཆིང་ཆུས། ནན་པུའུ་རྫོང་བཅས་དང་ཁྱིམ་མཚེས་ཡིན། བྱང་ངོས་ཕྱོགས་སུ་དབྱི་ལུང་རྫོང་དང་འབྲེལ་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ1332ཡོད་པ་དང་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི54.9ལྷག་ཙམ་ཡོད།
ཕེང་ཨན་རྫོང་གི་ས་དབྱིབས་ནི་རི་མ་ཐང་དམའ་ས་གཙོ་བོར་འཛིན་པ་དང་རི་འབུར་གཏིང་ཐུང་གིས་ཆུ་རགས་ཁྲིད་དེ་རམ་འདེགས་སུ་བྱེད་ཀྱིན་ཡོད། སྤྱིར་བཏང་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི500-སྨི800བར་ཡོད།
ཕེང་ཨན་རྫོང་གི་མངའ་ཁོངས་ཡོངས་རྫོགས་ནུབ་བྱང་ནས་ཤར་ལྷོའི་བར་ནར་དབྱིབས་རིང་པོ་ཆགས་ཡོད་པ་དང་། ས་ངོས་ཆགས་ཚུལ་ནི་རི་མ་ཐང་དམའ་ས་གཙོ་བོ་ཡིན་ཞིང་། སྟེང་ངོས་རི་མ་ཐང་གི་ཆུ་རགས་ཕལ་བ་ཡིན་པ་དང་། རིགས་སྣ་ཁ་མང་ཞིང་། བདེ་ཐང་དང་། ཐང་། སྟེང་ངོས་རི་མ་ཐང་། ཟབ་སྒང་། དམའ་སྒང་། གྲོག་རོང་བཅས་ཀྱང་ཡོད།
ཕེང་ཨན་རྫོང་གི་ས་ཁོངས་སུ་ཆུ་ཕྲན་ཆེ་ཆུང104ཡོད་པ་དང་སྤྱིའི་རིང་ཚད་སྤྱི་ལེ600ལྷག་ཙམ་ཡོད། ཅ་ལིང་ཅང་གཙང་པོ་ནི་ནུབ་བྱང་རྒྱུད་ཀྱི་ཕིན་ཐོའུ་ཤང་དང་ཀུའུ་ཡ་ཐན་རྫོང་གི་མངའ་ཁོངས་སུ་སླེབས། ཤར་རྒྱུག་ནུབ་འཁྱོག་དང་རི་སྐོར་རགས་སྐོར་གྱིས་ཤང(གྲོང་རྡལ)16བརྒྱུད་དེ་རྫོང་ལྷོ་ནུབ་ཀྱི་མའོ་ཨར་ཆུ་ཕྲན་རྫོང་གི་མངའ་ཁོངས་ནས་བཞུར། མངའ་ཁོངས་ནང་གི་བརྒྱུད་རིམ་སྤྱི་ལེ89ལ་སླེབས་ཡོད།
སྤྱི་ལོ2019ལོར་རྫོང་ཡོངས་ཀྱི་ལོ་མཇུག་ཏུ་མི་གྲངས་བསྡོམས་འབོར་ཁྲ་67.11ལ་སླེབས་པ་དང་། དེའི་ནང་བུད་མེད་ཁྲི31.78ཡོད། སྡོད་གནས་གཞིར་བཟུང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི12.76དང་གྲོང་གསེབ་ཀྱི་མི་གྲངས་ཁྲི54.35ཡོད་པ་རེད། ལོ་ཧྲིལ་པོར་གསར་སྐྱེས་མི་གྲངས6475ཡོད་པ་དང་། མི་གྲངས་སྐྱེ་ཚད10.99‰ཡིན། རྐྱེན་ལམ་དུ་ཤོར་བའི་མི་གྲངས4445ཡོད་པ་དང་། མི་ཤི་ཚད7.54‰ལ་སླེབས། མི་གྲངས་རང་ཤུགས་སུ་འཕར་ཚད3.45‰ལ་སླེབས་པ་བཅས་རེད། སྤྱི་ལོ2019ལོར་རྒྱུན་སྡོད་མི་གྲངས་ཁྲི57.7ལ་སླེབས་པ་དང་ལོ་མཇུག་ཏུ་རྒྱུན་སྡོད་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད43.01%ལ་སླེབས་ཡོད།
སྤྱི་ལོ2007ལོར། ཏའེ་རིགས་དང་པའེ་རིགས། ཐུའུ་ཅ་རིགས། སོག་རིགས། ཧུའེ་རིགས། མན་ཇུ་རིགས། བོད་རིགས། ལི་རིགས། ཡུ་གུར་རིགས། ཀའོ་ཧྲན་རིགས། ཆའང་རིགས། ཀྲོང་རིགས། དབྱིས་རིགས། ཡུས་ཀུའུ་རིགས། མིའོ་རིགས་བཅས་གྲངས་ཉུང་མི་རིགས15ཡོད་ཅིང་། ཁྱོན་བསྡོམས་མི་གྲངས1787ཡོད། སྤྱི་ལོ2009ལོར་གྲངས་ཉུང་མི་རིགས23ཡོད་པ་དང་མི་གྲངས1600ཙམ་ཡོད། སྤྱི་ལོ2012ལོར་གྲངས་ཉུང་མི་རིགས23དང་མི་གྲངས1600ཙམ་ཡོད།
སྤྱི་ལོ2015ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར130.4ལ་སླེབས་ནས7.7%འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར4.7ལེགས་གྲུབ་བྱུང་བ་དེ10.7%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར46.3ལ་སླེབས་ནས12.1%འཕར་ཡོད། ལོ་མཇུག་ཏུ་རྫོང་དུ་བཅའ་སྡོད་བྱེད་པའི་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར166.4དང་སྒོར་དུང་ཕྱུར62.3ལ་སླེབས་ནས་སོ་སོར11.8%དང11.1%འཕར་ཡོད།
སྤྱི་ལོ2017ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར155.3ལ་སླེབས་ནས8.5%འཕར་ཡོད། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར49.2ལ་སླེབས་ནས6.4%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར156.4བཏང་ནས17.7%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བྱས་གྲངས་བསྡོམས་འབོར་སྒོར་དུང་ཕྱུར58.8ལ་སླེབས་པས13.2%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21950དང་སྒོར13856ལ་སླེབས་ནས་ཁག་སོ་སོར9%དང10%འཕར་ཡོད།
སྤྱི་ལོ2020ལོའི་ཟླ3པའི་ཚེས31ཉིན་ཕེང་ཨན་རྫོང་ལ་སྤྱི་ལོ2019ལོའི་ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གྱི་ཞིང་པའི་ཡང་འབབ་འཕར་བའི་ལས་དོན་གྱི་སྔོན་ཐོན་རྫོང(གྲོང་ཁྱེར་དང་ཆུས)དུ་བདམས་པ་རེད།