ནན་པུའུ་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-30 10:28ལ་འགྲུབ།

ནན་པུའུ་རྫོང་།

ནན་པུའུ་རྫོང་།
​ནན་པུའུ་རྫོང་ནི་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་པ་དང་། དེ་ནི་སི་ཁྲོན་གཤོངས་སའི་བྱང་རྒྱུད་དང་ནན་ཁྲུང་གྲོང་ཁྱེར་གྱི་ནུབ་བྱང་ཕྱོགས། ཅ་ལིང་གཙང་པོའི་དབུས་སྟོད་རྒྱུད་དུ་གནས་པ་དང་། རྫོང་ཁོངས་ཤར་ངོས་སུ་དབྱི་ལུང་དང་ཕེང་ཨན་གཉིས་ལ་འབྲེལ་ཡོད། ནུབ་ཕྱོགས་སུ་ཡན་ཐིན་དང་ཙི་ཡུས་གཉིས་དང་ཁྱིམ་མཚེས་ཡིན། ལྷོ་ཕྱོགས་སུ་ཞི་ཁྲུང་དང་ཧྲུན་ཆིང་གཉིས་ལ་འབྲེལ་ཡོད། བྱང་ངོས་ཕྱོགས་སུ་ལང་ཀྲུང་དང་ཅན་ཀོ་གཉིས་ལ་འབྲེལ་ཡོད། ལྷོ་ངོས་ཕྱོགས་སུ་རྫོང་ཁོངས་ཆིན་པ་རི་ཁུལ་དུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ནན་པུའུ་རྫོང་།
རྒྱ་ཡིག་གི་མིང་།
南部县
ཕྱི་ཡིག་གི་མིང་།
Nanbu County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང4 གྲོང་རྡལ33 ཤང5
སྲིད་གཞུང་སྡོད་གནས།
ཧྲུའུ་པེ་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0817
སྦྲག་སྲིད་ཚབ་ཨང་།
637300
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2230
མི་གྲངས།
ཁྲི123.6
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་བརླན་བཤེར་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཁྲོན།R 川R
སྲིད་འཛིན་ཚབ་ཨང་།
511321
1 ​ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ནན་པུའུ་རྫོང་ཁོངས་ཅ་ལིང་ཏའོ་ཡི་ཁོངས་སུ་གཏོགས་པ་དང་། སྲིད་ལོ24ལོར་སི་ཁྲོན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་གཅིག་པའི་ཁོངས་སུ་གཏོགས།

སྤྱི་ལོ1933ལོ་ནས་སྤྱི་ལོ1935ལོའི་བར་ཁྲོན་ཧྲན་ཆུས་སུ་ལང་ནན་སུའུ་ཝེ་ཨུའེ་སྲིད་དབང་བཙུགས།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ནན་པུའུ་རྫོང་ནི་ནན་ཁྲུང་ཀྲོན་ཆུས(ས་ཁུལ་དང་གྲོང་ཁྱེར)ཀྱི་ཁོངས་གཏོགས་ཡིན།

སྤྱི་ལོ1993ལོར་ནན་ཁྲུང་གྲོང་ཁྱེར་བཙུགས་རྗེས་ནན་པུའུ་རྫོང་ནི་ནན་ཁྲུང་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོའི་ཟླ10པར། ནན་པུའུ་རྫོང་གི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་ཤིང་། དེའི་ཁོངས་སུ་ཁྲོམ་གཞུང4(པིན་ཅང་ཁྲོམ་གཞུང་། ཧྲུའུ་པེ་ཁྲོམ་གཞུང་། ནན་ལུང་ཁྲོམ་གཞུང་། མན་ཕུའུ་ཁྲོམ་གཞུང)དང་། གྲོང་རྡལ33(    ཝུའུ་ཡ་གྲོང་རྡལ། ཡུང་ཏིན་གྲོང་རྡལ། རྡོ་རིང་གྲོང་རྡལ། ཞེ་ཧོ་གྲོང་རྡལ། ཕན་ལུང་གྲོང་རྡལ། ཐེ་ཧྥུ་ཐང་གྲོང་རྡལ། ཧྲི་ཧོ་གྲོང་རྡལ། ཝང་ཅ་གྲོང་རྡལ། ཧྥུ་ལི་གྲོང་རྡལ། ནན་མུའུ་གྲོང་རྡལ། ཁྲང་ཕིང་གྲོང་རྡལ། ཏུང་པ་གྲོང་རྡལ། ཧོ་པ་གྲོང་རྡལ། ཏིན་ཧྲུའེ་གྲོང་རྡལ། ཏ་ཝང་གྲོང་རྡལ། ཅིན་ཧྭ་གྲོང་རྡལ། ཅན་ཞིན་གྲོང་རྡལ། སན་ཀོན་གྲོང་རྡལ། ཧྥུ་ཧུའུ་གྲོང་རྡལ། ཧྲོང་ཧྥུ་གྲོང་རྡལ། ཧྭ་ཝན་གྲོང་རྡལ། ཝན་ཉན་གྲོང་རྡལ། ཧྲེང་ཀྲུང་གྲོང་རྡལ། ཧྲེང་ཧྲུའེ་གྲོང་རྡལ། ཏ་ཕིན་གྲོང་རྡལ། ཧྲེན་པ་གྲོང་རྡལ། པ་ཨེར་གྲོང་རྡལ། ཧྲི་ལུང་གྲོང་རྡལ། ཞི་ཧྲུའེ་གྲོང་རྡལ། ཐུང་ཕིང་གྲོང་རྡལ)དང་། ཤང5(    ཝུའུ་ལིན་ཤང་། ཞའོ་ཡོན་ཤང་། ཧུང་ཀོན་ཤང་། ཧྲོང་ཧྥེང་ཤང་། ཐའེ་ཞ་ཤང)བཅས་ཡོད།

3 ས་ཁམས་ཆ་རྐྱེན།
3_1 གནས་ས།

དེ་ནི་སི་ཁྲོན་གཤོངས་སའི་བྱང་རྒྱུད་དང་ནན་ཁྲུང་གྲོང་ཁྱེར་གྱི་ནུབ་བྱང་ཕྱོགས། ཅ་ལིང་གཙང་པོའི་དབུས་སྟོད་རྒྱུད་དུ་གནས་པ་དང་། རྫོང་ཁོངས་ཤར་ངོས་སུ་དབྱི་ལུང་དང་ཕེང་ཨན་གཉིས་ལ་འབྲེལ་ཡོད། ནུབ་ཕྱོགས་སུ་ཡན་ཐིན་དང་ཙི་ཡུས་གཉིས་དང་ཁྱིམ་མཚེས་ཡིན། ལྷོ་ཕྱོགས་སུ་ཞི་ཁྲུང་དང་ཧྲུན་ཆིང་གཉིས་ལ་འབྲེལ་ཡོད། བྱང་ངོས་ཕྱོགས་སུ་ལང་ཀྲུང་དང་ཅན་ཀོ་གཉིས་ལ་འབྲེལ་ཡོད། ལྷོ་ངོས་ཕྱོགས་སུ་རྫོང་ཁོངས་ཆིན་པ་རི་ཁུལ་དུ་ཆགས་ཡོད།

3_2 ས་བབ།

རྫོང་ཁོངས་ཀྱི་ས་དབྱིབས་རྣམ་པ་དེ་ཕིང་པ་དང་ཐའེ་ས་ཆ། ས་བབ་གཙོ་བོ་རི་དམའ་ཐང། མཐོ་སྒང་། རི་དམའ་སྒང་། ཆུ་ཁོངས་བཅས་གཞི་རྩའི་རིགས་དྲུག་ལ་དབྱེ་ཆོག

3_3 ནམ་ཟླ།

ནན་པུའུ་རྫོང་ནི་ཚ་ཁུལ་བར་མའི་བརླན་གཤེར་ཅན་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས། ཆིན་ལིན་དང་ཏ་པ་རི་རྒྱུད་ཀྱིས་རང་བྱུང་གི་སྒྲིབ་ཡོལ་གྲུབ་པས། བྱང་ཕྱོགས་ཀྱི་མཁའ་རླུང་གྲང་མོ་ནང་དུ་ཡོང་དཀའ། དེའི་རྐྱེན་གྱིས་མངའ་ཁོངས་ནང་གི་གནམ་གཤིས་དྲོ་ཞིང་འཇམ་པ་དང་། དགུན་དུས་སུ་གྲང་ངར་མེད་པ་དང་། དབྱར་ཁར་ཚ་གདུག་ཆེན་པོ་མེད། འོན་ཀྱང་དུས་བཞིའི་དབྱེ་བ་གསལ་བ་དང་། དུས་རླུང་མངོན་གསལ་དོད་པ། ཆར་ཆུ་འབེལ་བ། ཉི་འོད་ཕོག་ཚད་ཅུང་ཉུང་བཅས་ཀྱི་ཁྱད་ཆོས་ལྡན།

4 ཆབ་སྲིད་འགོ་ཁྲིད།

རྫོང་ཏང་ཨུའི་ཧྲུའུ་ཅི། ཀྲང་ཀེན་ཧྲེང་།

རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན། ཧོང་པོ།

རྫོང་དཔོན་གཞོན་པ། ཀྲུའུ་ཏ་ཀྲི། ཧྥེང་ཝུན་ཆང་། དབྱང་པོ། ཁྲེན་ཡན་ཧུའེ། ཏུའུ་པིན། ལི་ལེ།

5 མི་གྲངས་གནས་ཚུལ།
5_1 མི་གྲངས།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར(སྤྱི་བདེའི་ཐེམ་ཐོའི་མི་འབོར་ཛ)ཁྲི123.6ལ་སླེབས་པ་དང་། དེའི་ནང་ཞིང་ལས་མི་འབོར་ཁྲི102.6དང་ཞིང་ལས་མིན་པའི་མི་འབོར་ཁྲི21.0ཡོད། བུད་མེད་ཁྲི58.8དང་། སྐྱེས་པ་ཁྲི64.8ཕོ་མོའི་ཕོ་མོའི་བསྡུར་ཚད་ནི110.2:100.0བཅས་ཡིན།

5_2 མི་རིགས།

ནན་པུའུ་རྫོང་གི་རྒྱུན་སྡོད་མི་འབོར་ཁྲོད་གྲངས་ཉུང་མི་རིགས36ཡོད་པ་དང་། ཧུའེ་རིགས་དང་། དབྱིས་རིགས། བོད་རིགས། ཀྲོང་རིགས། མིའོ་རིགས། ཆའང་རིགས། ལི་སུའུ་རིགས། ཧ་སག་རིགས། ཏུང་རིགས་བཅས་ཡོད།

6 དཔལ་འབྱོར་རགས་བཤད།

སྤྱི་ལོ2019ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར400.6ཡིན་པ་དང་། དུས་མཚུངས་ལས8.1%འཕར་བ་དེ་རྒྱལ་ཡོངས་དང་། ཞིང་ཆེན། གྲོང་ཁྱེར་ཡོངས་བཅས་ཀྱི2.0%དང་། 0.6% 0.1%བཅས་ལས་མཐོ་བ་ཡོད་པ་རེད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར67.9ལ་སླེབས་ཡོད། དུས་མཚུངས་ལས3.0%འཕར་ནས་དཔལ་འབྱོར་འཕར་ཚད0.60%ལ་སྐུལ་ཁྲིད་ཐུབ་པ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར194.8ལ་སླེབས་པ་དེ་དུས་མཚུངས་ལས9.2%འཕར་ཡོད། དཔལ་འབྱོར་འཕར་ཚད4.66%སྐུལ་ཁྲིད་བྱེད་པའི་ནང་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར133.2ལ་སླེབས་ནས་དུས་མཚུངས་ལས9.7%འཕར་བ་དང་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར61.7ལ་སླེབས་པ་དེ་དུས་མཚུངས་ལས8.0%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་137.9ལ་སླེབས་པ་དེ་དུས་མཚུངས་ལས9.9%འཕར་ནས་དཔལ་འབྱོར་འཕར་ཚད2.84%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི17.0:48.6:34.4ཡིན།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2010ལོའི་ཟླ6པའི་ཚེས11ཉིན། ནན་པུའུ་རྫོང་ལ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་སྤྱི་ལོ2010ལོ་ནས་སྤྱི་ལོ2014ལོའི་ལོ་འཁོར་གྱི“རྒྱལ་ཡོངས་ཉ་འཛིན་གྲོང་ཁྱེར”ཞེས་མིང་བསྩལ། སྤྱི་ལོ2014ལོའི་ཟླ1པའི་ཚེས3ཉིན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་ལྟེ་གནས་ཀྱིས་ནན་པུའུ་རྫོང་གི“རྒྱལ་ཡོངས་ཉ་འཛིན་གྲོང་ཁྱེར”ཞེས་པ་དེ“ཀྲུང་གོའི་ཉ་འཛིན་གྲོང་ཁྱེར”ཞེས་པར་མིང་བསྒྱུར།

སྤྱི་ལོ2010ལོའི་ཟླ9པའི་ཚེས8ཉིན་ཀྲུང་གོ་མེ་ཏོག་ཚགས་པར་ཁང་གིས་ནན་པུའུ་རྫོང་ལ“ཀྲུང་གོའི་ཀུའེ་ཧྭ་གྲོང་ཁྱེར”གྱི་མཚན་སྙན་དངོས་སུ་སྤྲད་པ་རེད།

སྤྱི་ལོ2014ལོའི་ཟླ་དང་པོར་རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ཨུ་ལྷན་གྱིས་ནན་པུའུ་རྫོང་གྲོང་ལ་སྤྱི་ལོ2011ལོ་ནས་སྤྱི་ལོ2013ལོ་བར་གྱི་རྒྱལ་ཁབ་འཕྲོད་བསྟེན་རྫོང་གྲོང་ཞེས་པའི་མཚན་སྙན་བསྩལ།

སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་ཚུད།

སྤྱི་ལོ2019ལོའི་ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་ཞིང་པའི་འབབ་འཕར་ལས་དོན་གྱི་སྔོན་ཐོན་རྫོང་དུ་བདམས།

སྤྱི་ལོ2020ལོའི་ཟླ6པའི་ཚེས9ཉིན་སི་ཁྲོན་ཞིང་ཆེན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་སྔོན་ཐོན་རྫོང(གྲོང་ཁྱེར་དང་ཆུས)ཏང་ཨུ་དང་སྲིད་གཞུང་ལ་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ཆུས། གྲོང་ཁྱེར།