ཞི་ཁྲུང་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-30 10:26ལ་འགྲུབ།

ཞི་ཁྲུང་རྫོང་།

ཞི་ཁྲུང་རྫོང་།
​ཞི་ཁྲུང་རྫོང་ནི་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ལ་གཏོགས། སི་ཁྲོན་གཤོངས་སའི་ཤར་བྱང་ཁུལ་དུ་གནས་པ་དང་། ནན་ཁྲུང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཤར་ངོས་སུ་ཧྲུན་ཆིན་ཆུས་དང་ཁྱིམ་མཚེས་ཡིན། ལྷོ་ངོས་སུ་ཅ་ལིང་ཆུས་དང་འབྲེལ། ནུབ་ངོས་སུ་མེན་དབྱང་གྲོང་ཁྱེར་གྱི་ཡན་ཐིང་རྫོང་དང་སུའེ་ཉིང་གྲོང་ཁྱེར་གྱི་ཕེང་ཞི་རྫོང་གཉིས་ལ་འབྲེལ། ཆིའུ་ཧུང་རྫོང་བཅས་དང་འབྲེལ་ཞིང་། བྱང་དུ་ལྷོ་ཁུལ་རྫོང་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1108ཡོད་པ་དང་། རྫོང་གྲོང་གི་བྱང་ངོས་ནས་ནན་ཁྲུང་གྲོང་ཁྱེར་བར་གྱི་དྲང་ཐིག་བར་ཐག་ལ་སྟོང་སྨི25ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཞི་ཁྲུང་རྫོང་།
རྒྱ་ཡིག་གི་མིང་།
西充县
ཕྱི་ཡིག་གི་མིང་།
Xichong County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ16 ཤང5 ཁྲོམ་གཞུང2
སྲིད་གཞུང་སྡོད་གནས།
ཅན་ཁྲེང་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0817
སྦྲག་སྲིད་ཚབ་ཨང་།
637200
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1108
མི་གྲངས།
ཁྲི60.59
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་བརླན་བཤེར་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཁྲོན།R 川R
སྲིད་འཛིན་ཚབ་ཨང་།
511325
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ12པའི་ཚེས14ཉིན། ཞི་ཁྲུང་ཞི་བས་བཅིངས་འགྲོལ་བྱས།

སྤྱི་ལོ1950ལོའི་ཟླ1པར། ཞི་ཁྲུང་ཁྲོན་ལྷོ་ནུབ་ཆུས་ཁྲོན་པེ་སྲིད་འཛིན་ཀུང་ཧྲུའུ་ཆུས་ནན་ཁྲུང་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1952ལོའི་ཟླ9པའི་ཚེས1ཉིན། སི་ཁྲོན་ཞིང་ཆེན་གྱི་སྒྲིག་གཞི་སླར་ཡང་བཙུགས། ཞི་ཁྲུང་ནི་སི་ཁྲོན་ཞིང་ཆེན་ནན་ཁྲུང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1968ལོར་ཁོང་སི་ཁྲོན་ཞིང་ཆེན་ནན་ཁྲུང་ས་ཁུལ་དུ་གཏོགས།

སྤྱི་ལོ1993ལོའི་ཟླ9པར་ནན་ཁྲུང་ས་ཁུལ་ནན་ཁྲུང་གྲོང་ཁྱེར་དུ་བསྒྱུར་རྗེས། སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་གྱི་ཁོངས་སུ་བསྒྱུར།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོའི་བར། ཞི་ཁྲུང་རྫོང་དུ་ཤང5དང་། གྲོང་རྡལ16 ཁྲོམ་གཞུང2བཅས་ཡོད། རྫོང་མི་དམངས་སྲིད་གཞུང་གི་ཤར་རླུང་ལམ་གྱི་ཨང་རྟགས་དང་པོར་བཅའ་སྡོད་བྱས་ཡོད།

ཁྲོམ་གཞུང། ནན་ཐའེ་ཁྲོམ་གཞུང། ཅིན་ཁྲིན་ཁྲོམ་གཞུང།

གྲོང་རྡལ། ཁྲང་ལིན་གྲོང་རྡལ། ལེན་ཁྲི་གྲོང་རྡལ། ཐའེ་ཕིན་གྲོང་རྡལ། ཀུའུ་ལོའུ་གྲོང་རྡལ། ཏ་ཆོན་གྲོང་རྡལ། ཞན་ལིན་གྲོང་རྡལ། དབྱི་ཞིན་གྲོང་རྡལ། ཧྥེང་མིན་གྲོང་རྡལ། ཀོན་ཝུན་གྲོང་རྡལ། ཆིན་ཧྲི་གྲོང་རྡལ། ཧུའེ་ཧྲུའུ་གྲོང་རྡལ། མིང་ལུང་གྲོང་རྡལ། ཧྲོང་ཧྥེང་གྲོང་རྡལ། ཀའོ་ཡོན་གྲོང་རྡལ། རེན་ཧོ་གྲོང་རྡལ། ཏུའོ་ཧྥུ་གྲོང་རྡལ།

ཤང་། ཀྲན་ཧྲན་ཤང་། ཀོན་ཡ་ཤང་། ཁྲེ་ལུང་ཤང་། ཞང་ལུང་ཤང་། ཏུང་ཐའེ་ཤང་།

3 ས་ཁམས་ཆ་རྐྱེན།
3_1 གནས་ས།

སི་ཁྲོན་གཤོངས་སའི་ཤར་བྱང་ཁུལ་དུ་གནས་པ་དང་། ནན་ཁྲུང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཤར་ངོས་སུ་ཧྲུན་ཆིན་ཆུས་དང་ཁྱིམ་མཚེས་ཡིན། ལྷོ་ངོས་སུ་ཅ་ལིང་ཆུས་དང་འབྲེལ། ནུབ་ངོས་སུ་མེན་དབྱང་གྲོང་ཁྱེར་གྱི་ཡན་ཐིང་རྫོང་དངསུའེ་ཉིང་གྲོང་ཁྱེར་གྱི་ཕེང་ཞི་རྫོང་གཉིས་ལ་འབྲེལ། ཆིའུ་ཧུང་རྫོང་བཅས་དང་འབྲེལ་ཞིང་། བྱང་དུ་ལྷོ་ཁུལ་རྫོང་དང་འབྲེལ་ཡོད།

3_2 ​ས་བབ།

ཞི་ཁྲུང་རྫོང་ནི་ཅ་ལིང་གཙང་པོ་དང་ཕེ་ཅང་གཙང་པོའི་སྒལ་གཞུང་དུ་གནས་ཡོད། དེའུ་འབུར་གྱི་ས་དབྱིབས་དང་། གྲོག་རོང་འཕྲེད་གཞུང་དུ་ཁྱབ་པ་དང་། རི་མ་ཐང་མང་པ། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོར་དམའ། ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་དལ་བུར་གསེག་ཅིང་། རི་རྒྱུད་ལྷོ་བྱང་དུ་ཆགས་ཤིང་། བྱང་ཕྱོགས་སུ་ཅུང་མཐོ།

3_3 ནམ་ཟླ།

ཞི་ཁྲུང་རྫོང་ནི་ཚ་ཁུལ་ཕལ་བའི་བརླན་གཤེར་ཆེ་བའི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས། ལོ་རེའི་ཆ་སྙོམས་དྲོད་ཚད16.9℃ཡིན་པ་དང་། ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི980.8ཡིན། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི361.2དང་སད་མེད་དུས་ཀྱི་ཉིན300ཡན་ཡིན། དུས་བཞིའི་དབྱེ་བ་གསལ་ཞིང་གནམ་གཞི་འཇམ་པའི་ཁྱད་ཆོས་ལྡན།

3_4 ཆུ་དཔྱད།

ཞི་ཁྲུང་རྫོང་ལ་ཆུ་བོ་མང་ཞིང་། བཞུར་རྒྱུད་ཀྱི་རྒྱ་ཁྱོན་ནི་སྟོང་སྨི་གྲུ་བཞི་མ100ཡན་གྱི་ཆུ་བོ6ཡོད་པ་དང་། ཆེས་ཆེ་ཤོས་ནི་ལྷོ་ཁུལ་རྫོང་གི་ཧྥུ་ཧུའུ་ནས་བྱུང་བའི་པའོ་མཱ་ཆུ་བོ་ཡིན། སྤྱིའི་རིང་ཚད་ལ་སྟོང་སྨི41.6ཡོད། ཤར་ཕྱོགས་སུ་བཞུར་པ་ནི་ཅ་ལིང་གཙང་པོའི་ཆུ་རྒྱུད་ཡིན་པ་དང་། རྫོང་ཁོངས་སུ་གཙང་པོ་གཉིས་ལས་མེད།    

4 མི་གྲངས་གནས་ཚུལ།
4_1 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཞི་ཁྲུང་རྫོང་གི་མི་འབོར་བསྡོམས་འབོར་ཁྲི60.59ལ་སླེབས་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི12.74ཡོད་པ་དང་གྲོང་གསེབ་ཀྱི་མི་འབོར་ཁྲི47.85ཡོད་པ་རེད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར7527ཡོད་པ་དང་མི་འབོར་སྐྱེ་ཚད12.4‰ལ་སླེབས། མི་ཤི་བའི་མི་འབོར11852ཡོད་པ་དང་། མི་ཤི་ཚད་19.6‰ཡིན་པ་དང་། མི་འབོར་རང་ཤུགས་སུ་འཕར་ཚད-7.1%ཡིན། ལོ་ཧྲིལ་པོར་མི60ལ་གྲོང་ནང་དུ་གནས་སྤོར་པ་དང་། ནང་དུ་ཞུགས་ཚད0.1%ལ་སླེབས་ཡོད། ལོ་ཧྲིལ་པོར་མི305གནས་སྤོར་བྱས་པ་དང་། གནས་སྤོ་བྱེད་ཚད0.5%ལ་སླེབས་ཡོད། སྤྱིའི་གནས་སྤོ་བྱེད་ཚད0.6%ལ་སླེབས་པ་དང་། མི་འབོར་གྱི་གནས་སྤོ་བྱེད་ཚད0.4%ལ་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད39.4%ལ་སླེབས་ཡོད།

5 ཆབ་སྲིད་འགོ་ཁྲིད།

རྫོང་ཏང་ཨུའི་ཧྲུའུ་ཅི། སུན་ཅུན།

རྫོང་དཔོན། ཀྲང་ཀོང་ཆོན།

རྒྱུན་ཨུ་དང་རྒྱུན་ལས་རྫོང་དཔོན་གཞོན་པ། ཞང་ཧྥེང་།

རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། ཁྲེན་ཝེ།

རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཀྲའོ་ཡུན་ཆང་།

རྒྱུན་ལས་ཨུ་ཡོན་དང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཧོ་ལི།

རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཕུའུ་ཡུང་ཧུང་།

རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ལུའོ་ཅ་ལིན།

རྫོང་ཏང་ཨུའི་རྒྱུན་ཨུ་དང་། རྫོང་སྒྲིག་ཨུའི་ཧྲུའུ་ཅི། རྫོང་ལྟ་ཞིབ་ཨུ་ལྷན་ཁང་གི་ཀྲུའུ་རེན། ཀྲང་ཧུང་པོ།

རྫོང་ཨུའི་རྒྱུན་ཨུ་རྒྱུན་ལས་རྫོང་དཔོན་གཞོན་པ། ཞང་ཧྥེང་།

རྫོང་དཔོན་གཞོན་པ། ཧོ་ཏེ་ཆིན། ཧོ་ཡུང་ཆོན། ཀྲོའུ་ཞའོ་ཧུང་། ཧུའུ་ཡོན།(ལས་སྦྱར)

6 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོར། ཞི་ཚང་རྫོང་དུ་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར135.04མངོན་འགྱུར་བྱུང་བས9.6%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར34.10ལ་སླེབས་ནས4.2%འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར50.77ལ་སླེབས་ནས10.8%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར50.17ལ་སླེབས་ནས12.7%འཕར་ཡོད། ཐོན་ལས་དང་པོས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད12.1%ལ་སླེབས་ནས་དཔལ་འབྱོར་འཕར་ཚད1.2%ལ་སླེབས་པ་དང་། ཐོན་ལས་གཉིས་པས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད45.1%ལ་སླེབས་ནས་དཔལ་འབྱོར་འཕར་ཚད4.3%ལ་སྐུལ་ཁྲིད་བྱས་པ་དང་། ཐོན་ལས་གསུམ་པས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད42.8%ལ་སླེབས་ནས་དཔལ་འབྱོར་འཕར་ཚད4.1%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ས་གནས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར25170ཡིན་པས9.2%འཕར། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་ནི25.2:37.6:37.2ཡིན། ཐོན་ལས་དང་པོ་དང་གཉིས་པས་རྒྱལ་དམངས་དཔལ་འབྱོར་ཁྲོད་ལ་སླེབས་པའི་བསྡུར་ཚད་སོ་སོར1.2%དང0.7%མར་ཆག་པ་དང་། ཐོན་ལས་གསུམ་པ1.9%ཇེ་མཐོར་གྱུར།

སྤྱི་ལོ2018ལོར་ཞི་ཁྲུང་རྫོང་དུ་དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར78.59ལ་སླེབས་ནས9.9%འཕར་ཡོད། ཐོན་ལས་དང་པོའི་དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར17.76ཡིན་པས5.2%འཕར་ཡོད། ཐོན་ལས་གཉིས་པའི་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར40.78ལ་སླེབས་ནས10.2%འཕར། ཐོན་ལས་གསུམ་པའི་དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར20.05ལ་སླེབས་ནས14.0%འཕར་ཡོད། དམངས་གཉེར་དཔལ་འབྱོར་གྱིསGDPནང་བཟུང་བའི་བསྡུར་ཚད58.2%ལ་སླེབས་ནས་སྐྱེས་འབུལ་ཚད61.6%ལ་སླེབས་ཡོད།

སྤྱི་ལོ2018ལོར་ཞི་མཚོ་རྫོང་གི་སྤྱི་ཚོགས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར132.33བཏང་ནས16.1%འཕར་ཡོད། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར18.71བཏང་བ་དེ་དུས་མཚུངས་ལས42.8%འཕར། ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར25.92བཏང་ནས48.8%འཕར་ཡོད། བཟོ་ལས་ཐད་མ་དངུལ་སྒོར་དུང་ཕྱུར25.77བཏང་ནས49.1%འཕར། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར87.70བཏང་ནས66.3%འཕར་ཡོད། དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་མ་དངུལ་སྒོར་དུང་ཕྱུར17.05བཏང་ནས8.5%མར་ཆག་ཡོད།    

སྤྱི་ལོ2018ལོར། ཞི་ཁྲུང་རྫོང་དུ་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་70046བྱུང་ནས15.5%འཕར་ཡོད། ཁྲལ་འབབ་ཁག་སྒོར་ཁྲི39097ལ་སླེབས་ནས24.9%འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་ཁྲི371765ཡིན་པས5.4%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་ཁྲི33783ལ་སླེབས་ནས53.3%འཕར་བ། སློབ་གསོའི་གཏོང་སྒོ་སྒོར་ཁྲི63987ལ་སླེབས་ནས0.9%འཕར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ལས་དོན་གྱི་གཏོང་སྒོ་སྒོར་ཁྲི81681ཡིན་པས89.6%འཕར་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ12པའི་ཚེས14ཉིན། ཞི་ཁྲུང་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་སྐབས་བཞི་བའི་ཤེས་རིག་དཔལ་ཡོན་ལྡན་པའི་གྲོང་ཁྱེར་དུ་བདམས།

སྤྱི་ལོ2019ལོའི་ཟླ3པར་སྐོར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་ཚུད།

སྤྱི་ལོ2020ལོའི་ཟླ3པར་རྒྱལ་ཡོངས་ཀྱི་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང་གི་མཚན་སྙན་ཐོབ་པ་དང་ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་དང་ཞིང་ལས་གྲོང་གསེབ་པུའུ་ཡིས་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས་པ་རེད།

སྤྱི་ལོ2020ལོའི་ཟླ3པའི་ཚེས31ཉིན་སྤྱི་ལོ2019ལོའི་ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་སྒྱུར་བཅོས་ལས་དོན་གྱི་སྔོན་ཐོན་རྫོང(གྲོང་ཁྱེར་དང་ཆུས)གི་མིང་ཐོར་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ཆུས། གྲོང་ཁྱེར།