ཡུའེ་ཁྲི་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-29 10:31ལ་འགྲུབ།

ཡུའེ་ཁྲི་རྫོང་།

ཡུའེ་ཁྲི་རྫོང་།
ཡུའེ་ཁྲི་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ཀོང་ཨན་གྲོང་ཁྱེར་དུ་གཏོགས་ཤིང་སི་ཁྲོན་གཤོང་སའི་བྱང་ཤར་རྒྱུད་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
岳池
ཡུལ་སྐད།
སི་ཁྲོན་སྐད།
དབྱིན་ཡིག་གི་མིང་།
Yuechi County
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མིང་གཞན།
དབྱིན་ཁྲིན།
མི་གྲངས།
ཁྲི119ཡོད།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མངའ་ཁོངས།
ཧྭ་ཡོན་གྲོང་རྡལ་སོགས་ཡོད།
རླངས་འཁོར་ཚབ་ཨང་།
川X
ས་ཁོངས་ཁ་པར་ཨང་རྟགས།
0826
མེ་འཁོར་འབབ་ཚུགས།
ཡུའེ་ཁྲི་འབབ་ཚུགས།
སྦྲག་སྲིད་ཨང་རྟགས།
638399
GDP
དུང་ཕྱུར243.2ཟིན།
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
511621
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1479ཡོད།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1952ལོའི་ཟླ2པའི་ཚེས1ཉིན་ནན་ཁྲུང་ཀྲོན་ཆུས་ཀུང་ཧྲུའུ་དང་ནན་ཁྲུང་དམག་ཁུལ་གྱི་སྡོད་གནས་ཡུའེ་ཁྲི་རྫོང་ནས་ནན་ཁྲུང་གྲོང་ཁྱེར་ཧོ་ཏུང་ཡུལ་ཚོ་རུ་སྤོས། 

སྤྱི་ལོ1952ལོའི་ཟླ9པར་སི་ཁྲོན་བྱང་རྒྱུད་སྲིད་འཛིན་ཁུལ་ནས་ཕྱིར་འཐེན་བྱས་ཏེ་སི་ཁྲོན་ཞིང་ཆེན་ནན་ཁྲུང་དུ་གཏོགས་པར་བྱས།

སྤྱི་ལོ1968ལོར་ནན་ཁྲུང་ས་ཁུལ་དུ་བསྒྱུར།

སྤྱི་ལོ1993ལོའི་ཟླ7པའི་ཚེས2ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀོང་ཨན་ས་ཁུལ་འཛུགས་རྒྱུའི་ཆོག་མཆན་གནང་། 

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཡུའེ་ཁྲི་རྫོང་གི་ཁོངས་གཏོགས་སུ་ཁྲོམ་གཞུང2དང་གྲོང་རྡལ23 ཡུལ་ཚོ2བཅས་ཡོད། 

3 ས་ཁམས་གནས་ཡུལ།

ཡུའེ་ཁྲི་རྫོང་ནི་སི་ཁྲོན་གཤོང་སའི་ཤར་རྒྱུད་དུ་གནས་ཡོད་ཅིང་བྱང་གི་འཕྲེད་ཐིག30°15’~30°48’བར་དང་ཤར་གྱི་གཞུང་ཐིག106°7’~106°44’བར་དུ་གནས། ཤར་ངོས་ཀོང་ཨན་ཆུས་དང་ལྷོ་ངོས་ཁྲུང་ཆིང་གྲོང་ཁྱེར་གྱི་ཧོ་ཁྲོན་ཆུས་མཚམས་དང་འདྲེས་ཤིང་རྫོང་ཁོངས་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ59.66ཡོད།

4 མི་གྲངས་དང་མི་རིགས། 
4_1 མི་གྲངས།

སྤྱི་ལོ2013ལོར་རྫོང་སྤྱི་བདེ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ཐོག་ནས་མངོན་པར་གཞིགས་ན། ཡུའེ་ཁྲི་རྫོང་ཡོངས་སུ་མི་གྲངས་ཁྲི119.08ཡོད་ཅིང་རྒྱུན་སྡོད་མི་འབོར་ཁྲི77.86ཡོད།སྤྱི་ལོ2011ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་ཁྱབ་བསྒྲགས་ཏེ། རྫོང་ཡོངས་སུ་སྤྱི་ལོ2010ལོའི་ལོ་ཧྲིལ་པོར་སྐྱེས་པའི་མི་འབོར10544དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས8327ཡོད། མི་འབོར་སྐྱེ་ཚད8.97‰ཡིན་པའི་ནང་ཕྲུ་གུ་སྐྱེ་ཚད82.3%དང་ཕྲུ་གུ་སྐྱེ་ཚད17%བཅས་ཡིན། 

4_2 མི་རིགས།

ཡུའེ་ཁྲི་རྫོང་དུ་ཡོད་པའི་གྲངས་ཉུང་མི་རིགས་ལ་དབྱིས་རིགས། མིའོ་རིགས། པའེ་རིགས། བོད་རིགས། ཐུའུ་ཅ་རིགས་བཅས་ཡོད།

5 དཔལ་འབྱོར།

སྤྱི་ལོ2013ལོར་རྫོང་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོརGDPསྒོར་ཁྲི1577188མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར། ལོ་གོང་མའི་དུས་མཉམ་དང་བསྡུར་ན10.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི360757ཟིན་ནས3.5%འཕར་བ་དང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི725475ཟིན་ནས12.9%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི490956ཟིན་ནས11.1%འཕར་བ་དང་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི23.6:45.9:30.5ནས22.9:46:31.1བར་ལེགས་སྒྲིག་བྱས། ཐོན་ལས་ཐེངས་གསུམ་པསGDPལ་ལེགས་སྐྱེས་འབུལ་ཚད་སོ་སོར་བརྒྱ་ཆའི7.4དང་བརྒྱ་ཆའི59.1 བརྒྱ་ཆའི33.5བཅས་ཡིན། དཔལ་འབྱོར་འཕར་ཚད་རིམ་བཞིན་བརྒྱ་ཆའི་གྲངས0.76དང་བརྒྱ་ཆའི་གྲངས6.09 བརྒྱ་ཆའི་གྲངས3.45བཅས་སྐུལ་ཁྲིད་བྱས་ཡོད། 

ལོ་ཧྲིལ་པོར་དམངས་གཉེར་དཔལ་འབྱོར་འཕར་ཐང་སྒོར་ཁྲི847318ཟིན་ནས13.6%འཕར་ཡོད། དེསGDPཡི53.7%བཟུང་བ་དངGDPའཕར་རྒྱུར་ལེགས་སྐྱེས་འབུལ་ཚད72.3%ཟིན་ཡོད། ཐོན་ལས་དང་པོའི་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་ཁྲི92583ཟིན་ནས4.9%འཕར་བ་དང་། ཐོན་ལས་གཉིས་པའི་དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་ཁྲི442401ཟིན་ནས16.3%འཕར། ཐོན་ལས་གསུམ་པའི་དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་ཁྲི312334ཟིན་ནས12.5%འཕར་ཡོད། 

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོ།

རྫོང་ཡོངས་ལ་སློབ་གྲྭ་འབྲིང་ཆུང146དང་སློབ་གྲྭར་ཡོད་པའི་སློབ་མ115922 ཆེད་བསྐོས་དགེ་རྒན6627ཡོད། དེའི་ནང་སློབ་ཆུང78དང་སློབ་གྲྭར་ཡོད་པའི་སློབ་ཆུང་སློབ་མ63248ཡོད། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད96.37%ཟིན་པ་དེའི་ནང་བྱིས་པ་སློབ་གྲྭར་ཞུགས་ཚད90.39%ཟིན་ཡོད། སློབ་འབྲིང་དཀྱུས་མ(འབྲིང་རིམ་ལས་རིགས་སློབ་གྲྭ་ཚུད)68དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ52674ཡོད།

6_2 འཕྲོད་བསྟེན། 

སྤྱི་ལོ2013ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་འཕྲོད་བསྟེན་སྒྲིག་གཞི51དང་ཉལ་ཁྲི2436ཡོད་པ་དེ་ལོ་གོང་མ་ལས688འཕར་བ་དང་འཕྲོད་བསྟེན་ལག་རྩལ་མི་སྣ1673ཡོད་པའི་ནང་སྨན་པ677ཡོད། ཐོ་འགོད་བྱས་པའི་ནད་གཡོག468དང་འཕྲོད་བསྟེན་རིམས་འགོག་མི་སྣ215ཡོད། རྫོང་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར6དང་། སྒོ་བསྟེན་སྨན་ཁང་དུ་སྡོད་མཁན་མི་ཐེངས་ཁྲི301སྨན་ཁང་དུ་སྡོད་མཁན་མི་ཐེངས་ཁྲི5.7བཅས་ཟིན། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི་གྲངས་ཁྲི89.1ཟིན་པ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་ཚད99.6%ཟིན་ཡོད། རྫོང་མི་དམངས་སྨན་ཁང་དང་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སྒྲིག་གཞི་གཙོ་བོར་གཙོ་ཁྲིད་བྱས།

6_3 འགན་སྲུང་།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་སྤྱི་ཚོགས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལ་ཞུགས་པའི་མི་གྲངས་ཁྲི5.17ཟིན། ལས་ཤོར་འགན་བཅོལ་ལ་ཞུགས་པའི་མི་གྲངས་ཁྲི1.52དང་ལས་བཟོ་པའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་གྲངས་ཁྲི4.43ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་མི་སྣ2739ཟིན་ཡོད། ལོ་མཇུག་ཏུ་རྫོང་ཡོངས་སུ་སྤྱི་ཚོགས་ཕན་བདེའི་རང་བཞིན་གྱི་གསོ་ཉར་ཚན་པ43ཡོད་པ་དང་ཉལ་ཁྲི3641ཡོད། མ་མཐའི་འཚོ་བའི་འགན་སྲུང་ལོངས་སུ་སྤྱོད་མཁན་མི་གྲངས3191 གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ལོངས་སྤྱོད་མི་གྲངས44194དང་གྲོང་གསེབ་ཀྱི་སྲོལ་རྒྱུན་རྒུད་སྐྱོབ་མི་གྲངས267ཟིན།

7 གཟི་བརྗིད་མཚན་སྙན།

ཀྲུང་གོའི་གཞས་མ་གཏམ་གྱི་ཕ་ཡུལ།

ཀྲུང་གོའི་གློག་སྐྱེལ་གློག་སྒྱུར་གྱི་ཕ་ཡུལ།

ཀྲུང་གོའི་འབྲས་ཕྱེ་ཕ་ཡུལ། 

ཀྲུང་གོའི་ནུབ་རྒྱུད་སྨན་རྫས་ཐོན་ལས་གྲོང་། 

ཀྲུང་གོའི་གློག་རྡུལ་ཚོང་དོན་ཕུལ་བྱུང་ཅན་བརྒྱའི་རྫོང་། 

སི་ཁྲོན་ཞིང་ཆེན་གྱི་དཔལ་ཡོན་གྲོང་ཁྱེར།

སི་ཁྲོན་ཞིང་ཆེན་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་ཐོན་རྫོང་། 

སི་ཁྲོན་ཞིང་ཆེན་གྱི་ཁོར་ཡུག་དཔེ་སྟོན་རྫོང་།

སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་རྫོང་བརྒྱའི་གྲོང་ཁྱེར་དུ་ཚུད།

སྤྱི་ལོ2020ལོའི་ཀྲུང་གོའི་ཁྱད་ལྡན་སིལ་ཟས་རྫོང་དང་གྲོང་ཁྱེར་བརྒྱ་གྲས་སུ་ཚུད།

དཔྱད་གཞིའི་ཡིག་ཆ།