ཆན་ཧྥུན་ཆུས།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-29 10:31ལ་འགྲུབ།

ཆན་ཧྥུན་ཆུས།

ཆན་ཧྥུན་ཆུས།
ཆན་ཧྥུན་ཆུས་ནི་སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་སྤྱི་ལོ2013ལོའི་ཟླ8པའི་ཚེས8ཉིན་བཙུགས། ས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག30°26′15.02″-30°39′8.05″བར་དང་ཤར་གྱི་གཞུང་ཐིག106°38′36.14″-106°59′14.30″བར་དུ་གནས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
前锋区
ས་ཁམས་གནས་ཡུལ།
སི་ཁྲོན་ཞིང་ཆེན་བྱང་ཤར་རྒྱུད།
དབྱིན་ཡིག་གི་མིང་།
Qianfeng District
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ504ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཐད་གཏོགས་ཆུས།
མི་གྲངས།
ཁྲི36.8ཡོད།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མངའ་ཁོངས།
གྲོང་རྡལ8་དང་ཡུལ་ཚོ2འདུས།
རླངས་འཁོར་ཚབ་ཨང་།
ཁྲོན(川)X
ས་ཁོངས་ཁ་པར་ཨང་རྟགས།
0826
མེ་འཁོར་འབབ་ཚུགས།
ཀོང་ཨན་འབབ་ཚུགས།
སྦྲག་སྲིད་ཨང་རྟགས།
638019
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
511603
1 ​སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཆན་ཧྥུན་ཆུས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ4(ཏ་ཧྥོ་དགོན་པའི་ཁྲོམ་གཞུང་དང་ཁུའེ་ཀེ་ཁྲོམ་གཞུང་། ལུང་ཐང་ཁྲོམ་གཞུང་། ཤིན་ཆའོ་ཁྲོམ་གཞུང)ཡོད། གྲོང་རྡལ8ཡོད་དེ(ཀོན་ཐང་གྲོང་རྡལ། སུང་ཨན་གྲོང་རྡལ། ཀོན་ཀོ་གྲོང་རྡལ། ཀོང་ཞིང་གྲོང་རྡལ། ཀུའེ་ཞིང་གྲོང་རྡལ། ལུང་ཐན་གྲོང་རྡལ)བཅས་འདུས།

2 རང་བྱུང་ཐོན་ཁུངས།

ཆན་ཧྥུན་ཆུས་སུ་གཏེར་རྫས་ཐོན་ཁུངས་ལ་རྡོ་སོལ་དང་ལྕགས། ལིན། ཅ། རྡོ་སྣུམ། རང་བྱུང་སོལ་རླངས་སོགས་རིགས30ཙམ་ཡོད་པ་དང་དེའི་ནང་རྡོ་སོལ་གསོག་ཚད་ཏུན་དུང་ཕྱུར1.85 ལྕགས་རིགས་གསོག་ཚད་ཏུན་ཁྲི214 རྡོ་ཞོ་གསོག་ཚད་ཏུན་ཁྲི2776 རྡོ་ཐལ་གསོག་ཚད་ཏུན་དུང་ཕྱུར45བཅས་ཚུད་ཡོད།

3 མི་གྲངས་དང་མི་རིགས།
3_1 མི་གྲངས།

སྤྱི་ལོ2014ལོར་ཆན་ཧྥུན་ཆུས་སུ་ཐེམ་ཐོའི་མི་གྲངས་ཁྲི37.0ཟིན་པའི་ནང་། ཞིང་ལས་མི་འབོར་ཁྲི29.5དང་ཞིང་ལས་མིན་པའི་མི་འབོར་ཁྲི7.5ཡོད། ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི25.24ཟིན་པ་དེའི་ནང་ཚུད་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི7.26དང་གྲོང་གསེབ་ཀྱི་མི་འབོར་ཁྲི17.98ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད28.76%ཟིན་ནས་སྤྱི་ལོ2013ལོ་ལས་བརྒྱ་ཆའི་གྲངས1.6འཕར། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར3236ཡོད་པ་དང་སྐྱེས་འབོར་བརྒྱ་ཆའི9.07ཟིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི2.2ཡིན་པ་དང་གསར་སྐྱེས་མི་འབོར་གྱི་ཕོ་མོའི་བསྡུར་ཚད107.0ཡིན།

3_2 མི་རིགས།

ཆན་ཧྥུན་ཆུས་སུ་དབྱིས་རིགས་དང་། བོད་རིགས། ཆའང་རིགས། མིའོ་རིགས། ཧུའེ་རིགས། སོག་རིགས། ཐུའུ་ཅ་རིགས། སུའུ་སུའུ་རིགས། མན་ཇུ་རིགས། ཏུང་རིགས། ཡའོ་རིགས། འཇང་རིགས། པུའུ་དབྱི་རིགས། པའེ་རིགས། ཀྲོང་རིགས། ཏའེ་རིགས་སོགས་ཡོད། 

4 དཔལ་འབྱོར།

སྤྱི་ལོ2014ལོར་ཆན་ཧྥུན་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར138.9ཟིན་པ་དེ་སྤྱི་ལོ2013ལོ་ལས11.3%འཕར། དེའི་ནང་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་སོ་སོར་འཕར་ཐང་སྒོར་དུང་ཕྱུར13.4དང་སྒོར་དུང་ཕྱུར106.2 སྒོར་དུང་ཕྱུར19.4བཅས་མངོན་འགྱུར་བྱུང་བ་དེ་སྤྱི་ལོ2013ལོ་ལས3.8%དང12.1% 11.4%བཅས་འཕར་ཡོད། དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་སོ་སོར་བརྒྱ་ཆའི3.8དང་བརྒྱ་ཆའི12.1 བརྒྱ་ཆའི11.4བཅས་ཡིན། 

5 སྤྱི་ཚོགས་ལས་དོན།
5_1 སློབ་གསོ།

སྤྱི་ལོ2015ལོར་ཆུས་ཡོངས་སུ་ཁྲིམས་མིའི་སློབ་གྲྭ་འབྲིང་ཆུང25ཡོད་པའི་ནང་ཆ་ཚང་སློབ་འབྲིང1དང་དམའ་རིམ་སློབ་འབྲིང5 ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ12 སློབ་ཆུང7བཅས་ཡོད་པ་དང་དམངས་གཉེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ1 རང་ཚུགས་སྒྲིག་ཁོངས་ཀྱི་གཞུང་བཙུགས་བུ་བཅོལ་ཁང1དང་དམངས་བཙུགས་བུ་བཅོལ་ཁང30 འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭར་སློབ་ལོ་མ་སོན་པའི་སློབ་མའི་འཛིན་གྲྭ27བཅ་ཡོད།

5_2 འཕྲོད་བསྟེན།

སྤྱི་ལོ2015ལོར་ཆན་ཧྥུན་ཆུས་སུ་འཕྲོད་བསྟེན་སྒྲིག་གཞི་ཁྱོན16ཡོད། དེའི་ནང་ནད་རིགས་སྔོན་འགོག་ཚོད་འཛིན་སྒྲིག་གཞི1དང་མ་བུ་བདེ་སྲུང་འཆར་ལྡན་བུ་བཙའི་ཞབས་ཞུའི་སྒྲིག་གཞི1 གཞུང་བཙུགས་རིམ་པ་གཉིས་པའི་རིམ་པ་གཉིས་པའི་ཕྱོགས་བསྡུས་སྨན་ཁང1བཅས་ཡོད། དམངས་གཉེར་སྨན་བཅོས་སྒྲིག་གཞི5དང་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང10ཡོད། ཆུས་ཡོངས་སུ་སྨན་བཅོས་སྒྲིག་གཞིའི་སྒྲིག་ཁོངས་ཉལ་ཁྲི620ཡོད་པ་དང་ནད་ཁྲི780ཡོད།

5_3 འགན་སྲུང་།

ཆན་ཧྥུན་ཆུས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ཁྱབ་ཚད་མི་གྲངས་ཁྲི14.5ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་མི་ཁྲི7.62དང་། ཁེ་ལས་ཀྱི་ལས་བཟོ་པ་ཁྲི2.77འགན་བཅོལ་ནང་ཞུགས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་མི་ཁྲི་6.12ཟིན། 

6 གྲོང་ཁྱེར་གཟི་བརྗིད་མཚན་སྙན།

རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཆུས།

རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཆུས།

ནུབ་རྒྱུད་ཐོན་ལས་དཔེ་སྟོན་ཆུས། 

ཁྲོན་ཡུས་མཉམ་ལས་དཔེ་སྟོན་ཆུས།

སི་ཁྲོན་ཞིང་ཆེན་སྔོན་ཐོན་ཆུས།


དཔྱད་གཞིའི་ཡིག་ཆ།