ལི་ཅན་ཆིན།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-29 10:31ལ་འགྲུབ།

ལི་ཅན་ཆིན།

ལི་ཅན་ཆིན།
ལི་ཅན་ཆིན་ནི་སྤྱི་ལོ1963ལོའི་ཟླ11པར་ཅང་སུའུ་ཅིན་ཐན་དུ་སྐྱེས། སྤྱི་ལོ1986ལོའི་ཟླ4པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཤིང་སྤྱི་ལོ1987ལོའི་ཟླ7པར་ལས་ཀར་ཞུགས། པེ་ཅིང་དགེ་འོས་སློབ་ཆེན་དཔལ་འབྱོར་དང་བཟོ་ཚོང་དོ་དམ་སློབ་གླིང་གི་འཛམ་གླིང་དཔལ་འབྱོར་ཆེད་ལས་སུ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་དཔལ་འབྱོར་རིག་པའི་འབུམ་རམས་པ་ཡིན། ད་ལྟ་སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དངཀོང་ཨན་ཡན་ལག་དམག་ཁུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李建勤
སྐྱེས་ཡུལ།
ཅང་སུའུ་ཅིན་ཐན།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ
སྤྱི་ལོ1963ལོའི་ཟླ11པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
པེ་ཅིན་དགེ་འོས་སློབ་གྲྭ་ཆེན་མོ།
1 ​མི་སྣའི་ལོ་རྒྱུས།

སྤྱི་ལོ1983ལོའི་ཟླ9པ་ནས་སྤྱི་ལོ1987ལོའི་ཟླ7པའི་བར་པེ་ཅིང་སློབ་ཆེན་ལོ་རྒྱུས་ཚན་ཁག་གི་ཀྲུང་གོའི་ལོ་རྒྱུས་ཆེད་ལས་སུ་སློབ་སྦྱོང་བྱས་ཏེ་ལོ་རྒྱུས་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས།

སྤྱི་ལོ1987ལོའི་ཟླ7པ་ནས་སྤྱི་ལོ1989ལོའི་ཟླ4བའི་བར་རྒྱལ་ཡོངས་སྲིད་གྲོས་དྲུང་ཡིག་ཅུས་སུ་ལས་བྱེད་པ་བྱས(དེའི་རིང་སྤྱི་ལོ1987ལོའི་ཟླ11པ་ནས་སྤྱི་ལོ1988ལོའི་ཟླ11པའི་བར་པེ་ཅིན་གྲོང་ཁྱེར་ཁྲང་ཕིང་རྫོང་སྲིད་གཞུང་གཞུང་ལས་ཁང་དུ་སློབ་སྦྱོང་བྱས) 

སྤྱི་ལོ1989ལོའི་ཟླ4པ་ནས་སྤྱི་ལོ1992ལོའི་ཟླ5བའི་པར་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས(སྤྱི་ལོ1991ལོའི་ཟླ11པའི་བར་ཁྲུའུ་རིམ་པ་གཞོན་པའི་འགན་བཞེས) 

སྤྱི་ལོ1992ལོའི་ཟླ5པ་ནས་སྤྱི་ལོ1993ལོའི་ཟླ4པའི་བར་རྒྱལ་ཁབ་སྒྲིག་གཞི་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1993ལོའི་ཟླ4པ་ནས་སྤྱི་ལོ1996ལོའི་ཟླ3པའི་བར་ས་གཏེར་པུའུ་གཞུང་ལས་ཐིང་གི་ཁྲུའུ་རིམ་པ་གཞོན་པའི་དྲུང་ཡིག་གི་འགན་བཞེས།

སྤྱི་ལོ1996ལོའི་ཟླ3པ་ནས་སྤྱི་ལོ1996ལོའི་ཟླ12པའི་བར་རྒྱལ་ཡོངས་གཏེར་རྫས་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ1996ལོའི་ཟླ12པ་ནས་སྤྱི་ལོ1998ལོའི་ཟླ8པའི་བར་ས་གཏེར་པུའུ་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་དང་པུའུ་ཀྲང་གཞུང་དོན་ཁང་གི་ཀྲུའུ་རེན། རྒྱལ་ཡོངས་གཏེར་རྫས་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1998ལོའི་ཟླ8པ་ནས་སྤྱི་ལོ1999ལོའི་ཟླ12པའི་བར་རྒྱལ་ཁབ་ཐོན་ཁུངས་པུའུ་དྲིལ་བསྒྲགས་ལྟེ་གནས་སུ་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ1999ལོའི་ཟླ12པ་ནས་སྤྱི་ལོ2002ལོའི་ཟླ10པའི་བར་རྒྱལ་ཁབ་ཐོན་ཁུངས་པུའུ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལྟེ་གནས་སུ་ཀྲུའུ་རེན་གཞོན་པའི་འགན་བཞེས(སྤྱི་ལོ1998ལོའི་ཟླ9པ་ནས་སྤྱི་ལོ2001ལོའི་ཟླ་དང་པོའི་བར་པེ་ཅིན་དགེ་འོས་སློབ་གྲྭ་ཆེན་མོའི་འཛམ་གླིང་དཔལ་འབྱོར་ཆེད་ལས་སུ་ཞིབ་འཇུག་སློབ་མའི་བསླབ་གནས་བླངས) 

སྤྱི་ལོ2002ལོའི་ཟླ10པ་ནས་སྤྱི་ལོ2006ལོའི་ཟླ11པའི་བར་རྒྱལ་ཁབ་ཐོན་ཁུངས་པུའུ་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་སུ་ཀྲུའུ་རེན་གྱི་འགན་བཞེས(སྤྱི་ལོ2001ལོའི་ཟླ10པ་ནས་སྤྱི་ལོ2005ལོའི་ཟླ6པའི་བར་པེ་ཅིང་དགེ་འོས་སློབ་ཆེན་དུ་དཔལ་འབྱོར་དང་བཟོ་ཚོང་དོ་དམ་སློབ་གླིང་ཆེད་ལས་ཕྱོགས་སུ་འབད་པ་བྱས་ཏེ་དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་བླངས) 

སྤྱི་ལོ2006ལོའི་ཟླ11པ་ནས་སྤྱི་ལོ2008ལོའི་ཟླ12པའི་བར་རྒྱལ་ཁབ་ཐོན་ཁུངས་པུའུ་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ2008ལོའི་ཟླ12པ་ནས་སྤྱི་ལོ2016ལོའི་ཟླ7པའི་བར་རྒྱལ་ཁབ་ཐོན་ཁུངས་པུའུ་ཁྲིམས་འཛིན་ལྟ་ཞིབ་ཅུས་ཀྱི་ཅུའུ་ཀྲང་གི་འགན་བཞེས(སྤྱི་ལོ2008ལོའི་ཟླ9པ་ནས་སྤྱི་ལོ2009ལོའི་ཟླ1པོའི་བར་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་མཛུབ་ཁྲིད་མཐུན་སྦྱོར་ཚོགས་ཆུང་གསུམ་པའི་ཙུའུ་ཀྲང་གི་འགན་བཞེས། སྤྱི་ལོ2013ལོའི་ཟླ11པ་ནས་སྤྱི་ལོ2014ལོའི་ཟླ1པོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ས་ཁུལ་དང་ཐིང་རིམ་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང) 

སྤྱི་ལོ2016ལོའི་ཟླ7པ་ནས་སྤྱི་ལོ2016ལོའི་ཟླ8པའི་བར་སི་ཁྲོན་ཞིང་ཆེན་ཕན་ཀྲི་ཧྭ་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ2016ལོའི་ཟླ8པ་ནས་སྤྱི་ལོ2017ལོའི་ཟླ6པའི་བར་སི་ཁྲོན་ཞིང་ཆེན་ཕན་ཀྲི་ཧྭ་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས། 

སྤྱི་ལོ2017ལོའི་ཟླ6པ་ནས་སྤྱི་ལོ2018ལོའི་ཟླ7པའི་བར་སི་ཁྲོན་ཞིང་ཆེན་ཕན་ཀྲི་ཧྭ་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2018ལོའི་ཟླ9པའི་བར་སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཨུའི་ཧྲུའུ་ཅི་དང་ཀོང་ཨན་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ7པའི་ཚེས28ཉིན་ཀོང་ཨན་གྲོང་ཁྱེར་གྱིས་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་བློ་མཐུན་ལི་ཅན་ཆིང་གི་ཀྲུང་གུང་ཀོང་ཨན་གྲོང་ཨུའི་ཨུ་ཡོན་དང་རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་བཞེས་དགོས་པར་གྲོས་ཐག་བཅད།

སྤྱི་ལོ2018ལོའི་ཟླ9པའི་ཚེས28ཉིན་ཀོང་ཨན་ཡན་ལག་དམག་ཁུལ་ཁང་གིས་ཏང་ཨུའི་ཚན་ཁག་ལེགས་སྒྲིག་གི་བཀའ་རྒྱ་ཁྱབ་བསྒྲགས་ཚོགས་ཆེན་འཚོགས་ཤིང་། དམག་ཁུལ་ཁང་གི་དམག་སྤྱི་གཞོན་པ་ཧྲའོ་རུང་ཏེ་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་ཞིང་ཆེན་དམག་ཁུལ་ཁང་གི་ཏང་ཨུའི་ཆོད་དོན་སྒྲོག་སྦྱང་གནང་བ་སྟེ། བློ་མཐུན་ལི་ཅན་ཆིན་གི་ཀྲུང་གུང་ཀོང་ཨན་ཡན་ལག་དམག་ཁུལ་ཁང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས་དགོས་པས་གྲོས་ཐག་བཅད།

3 མི་སྣའི་དོན་རྐྱེན། 

སྤྱི་ལོ2017ལོའི་ཟླ1ཚེས4ཉིན་གྱི་ཆུ་ཚོད10དང་སྐར་མ50ཙམ་ལ་ཕན་ཀྲི་ཧྭ་གྲོང་ཁྱེར་ཚོགས་འགྲེམས་ལྟེ་གནས་སུ་མེ་མདའ་བརྒྱབ་པའི་གྱོད་གཞི་བྱུང་ཞིང་། སྐབས་དེར་མེ་མདའ་འཛིན་མཁན་ཚོགས་རར་ཡོང་ནས་ཚོགས་འདུ་ཚོགས་བཞིན་པའི་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་དག་ལ་བསྟུད་མར་མེ་མདའ་བརྒྱབ་རྗེས་བྲོས། གྲོང་ཨུའི་ཧྲུའུ་ཅི་ཀྲང་མིན་དང་ཧྲི་ཀྲང་ལི་ཅན་ཆིན་གཉིས་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བརྟག་དཔྱད་བྱས་རྗེས་ཚེ་སྲོག་གི་ཉེན་ཁ་མེད། དོགས་ཡོད་ཉེས་ཅན་ནི་ཕན་ཀྲི་ཧྭ་གྲོང་ཁྱེར་རྒྱལ་ཁབ་ཐོན་ཁུངས་ཅུས་ཀྱི་ཅུའུ་ཀྲང་ཁྲེན་ཀྲུང་ཧྲུའུ་ཡིན་པ་ཤེས།

དཔྱད་གཞིའི་ཡིག་ཆ།