ཀོང་ཨན་གྲོང་ཁྱེར།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-29 10:32ལ་འགྲུབ།

ཀོང་ཨན་གྲོང་ཁྱེར།

ཀོང་ཨན་གྲོང་ཁྱེར།
ཀོང་ཨན་གྲོང་ཁྱེར་ནི་སི་ཁྲོན་ཞིང་ཆེན་གྱི་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་སི་ཁྲོན་ཞིང་ཆེན་གྱི་ཤར་རྒྱུད་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广安
སྦྲག་སྲིད་ཨང་རྟགས།
638000
དབྱིན་ཡིག་གི་མིང་།
Guang'an
ས་ཁམས་གནས་ཡུལ།
ལྷོ་ནུབ་ས་ཁུལ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
མི་གྲངས།
ཁྲི462.2ཡོད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ། སི་ཁྲོན་ཞིང་ཆེན།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ6339.22ཡོད།
མངའ་ཁོངས།
ཀོང་ཨན་ཆུས་སོགས་ཡོད།
གནམ་གྲུ་ཐང་།
ཁྲུང་ཆིང་ཅང་པེ་རྒྱལ་སྤྱིའི་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
+86 0826
མེ་འཁོར་འབབ་ཚུགས།
ཀོང་ཨན་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཁྲོན(川)W
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1993ལོའི་ཟླ7པའི་ཚེས2ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀོང་ཨན་ས་ཁུལ་འཛུགས་རྒྱུར་ཆོག་མཆན་གནང་། 

སྤྱི་ལོ1998ལོའི་ཟླ7པའི་ཚེས31ཉིན་ཀོང་ཨན་ས་ཁུལ་ནས་གྲོང་ཁྱེར་བཙུགས་ཤིང་ཀོང་ཨན་རྫོང་དེ་ཀོང་ཨན་ཆུས་སུ་བསྒྱུར། 

སྤྱི་ལོ2013ལོའི་ཟླ2པའི་ཚེས22ཉིན་ཀོང་ཨན་ཆུས་སུ་བགོས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཀོང་ཨན་གྲོང་ཁྱེར་ཁོངས་གཏོགས་སུ་རྫོང་རིམ་པའི་སྲིད་འཛིན་ས་ཁོངས6(གྲོང་ཁྱེར་ཁོངས་ཀྱི་ཆུས2 རྫོང་རིམ་པའི་གྲོང་ཁྱེ1རྫོང3)124དང་། ཞང་རིམ་པའི་སྲིད་འཛིན་ས་ཁུལ་གྱི་ལས་ཁུངས་24བཅས་ཡོད། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ6344དང་མི་འབོར་ཁྲི497ཡོད། 

3 ས་ཁམས་གནས་ཡུལ།

ཀོང་ཨན་གྲོང་ཁྱེར་ནི་སི་ཁྲོན་ཞིང་ཆེན་གྱི་ཤར་རྒྱུད་དུ་གནས་ཡོད་ཅིང་ས་བབ་ཀྱི་མཚོན་རྟགས་ནི་བྱང་གི་འཕྲེད་ཐིག30°01′-30°52′བར་དང་ཤར་གྱི་གཞུང་ཐིག105°56′-107°19′བར་དུ་གནས། ཤར་ནུབ་ཀྱི་སྟོང་སྨི134.5དང་ལྷོ་བྱང་གི་རིང་ཚད་སྟོང་སྨི93.6ཡོད། ནུབ་ངོས་ཝུའུ་ཧྲིན་རྫོང་དང་ཁྲུང་ཆིང་གྲོང་ཁྱེར་གྱི་ཧོ་ཁྲོན་ཆུས་དང་ས་མཚམས་འབྲེལ་ཞིང་བྱང་ངོས་ཡུའེ་ཁྲི་རྫོང་དང་ནན་ཁྲུང་གྲོང་ཁྱེར་གྱི་ཀའོ་ཕིང་ཆུས་དང་འབྲེལ།

4 མི་གྲངས།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཀོང་ཨན་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི470.4ཟིན་ཡོད། དེའི་ནང་ཞིང་ལས་མི་འབོར་ཁྲི379.8དང་ཞིང་ལས་མི་འབོར་མིན་པའི་མི་འབོར་ཁྲི90.6ཟིན་པ་དང་། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི322.43ཟིན་པ་དེའི་ནང་ཚུད་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི110.56དང་གྲོང་གསེབ་ཀྱི་མི་འབོར་ཁྲི211.87ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད34.29%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.38འཕར་ཡོད། སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཀོང་ཨན་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི462.2ཟིན་ཡོད། དེའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི344.9 གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི117.3དང་གསར་སྐྱེས་མི་འབོར་ཁྲི4.96 རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི4.06བཅས་ཟིན།

5 དཔལ་འབྱོར།

སྤྱི་ལོ2017ལོར་ཀོང་ཨན་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར1173.8མངོན་འགྱུར་བྱུང་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར། ལོ་གོང་མ་ལས་བརྒྱ་ཆའི8.1འཕར་ཡོད། དེའི་ནང་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་འཕར་ཐང་སོ་སོར་སྒོར་དུང་ཕྱུར169.8དང་སྒོར་དུང་ཕྱུར546.1 སྒོར་དུང་ཕྱུར457.9བཅས་ཟིན། དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་སོ་སོར་བརྒྱ་ཆ6.6དང་བརྒྱ་ཆའི43.7བརྒྱ་ཆའི49.7བཅས་ཡིན། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སོ་སོར0.5དང3.64.0%བཅས་འཕར་རྒྱུར་སྐུལ་ཁྲིད་བྱས། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར36034ཟིན་ནས8.0%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི15.8:51.6:32.6ནས14.5:46.5:39.0བར་ལེགས་སྒྲིག་བྱས་ཡོད། 

5_1 ཐོན་ལས་དང་པོ།

སྤྱི་ལོ2017ལོར་ཀོང་ཨན་གྲོང་ཁྱེར་གྱི་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་ཁྲི34.3ཟིན་ཡོད། འབྲུ་རིགས་ཐོན་འབོར་བསྡོམས་གྲངས་ཏུན་ཁྲི192.6ཡིན་ཞིང་ལོ་གོང་མ་ལས་ཏུན་ཁྲི1.0འཕར་སྣོན་བྱུང་ན་བརྒྱ་ཆའི0.5འཕར། དེའི་ནང་ཆུ་འབྲས་ཐོན་ཚད་ཏུན་ཁྲི104.5ཟིན་ནས0.6%འཕར་བ་དང་མ་རྨོས་ལོ་ཏོག་ཐོན་ཚད་ཏུན་ཁྲི30.5ཟིན་ནས0.4%འཕར། སྣུམ་རྒྱུ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི6.5ཟིན་པ་དང་ཐོན་ཚད་ཏུན་ཁྲི14.1ཟིན་ནས1.7%འཕར། སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི7.0ཟིན། ལོ་ཧྲིལ་པོར་ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི32.4ཟིན་ནས4.2%མར་ཆག བྱ་སྒོང་ཐོན་ཚད་ཏུན་ཁྲི7.0ཟིན་ནས0.5%མར་ཆག་པ་དང་འོ་མའི་ཐོན་ཚད་ཏུན2777ཟིན་ནས2.2%མར་ཆག

5_2 ཐོན་ལས་གཉིས་པ།

སྤྱི་ལོ2017ལོར་ཀོང་ཨན་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས555ཡི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1756.4ཟིན། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ9.3%འཕར་བ་དེ་སི་ཁྲོན་ཞིང་ཆེན་གྱི་ཆ་སྙོམས་འཕར་ཚད་ལས0.8%མཐོ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས79གསར་དུ་སྐྱེད་སྲིང་བྱས་ཤིང་། བཟོ་ལས་ཐད་མ་དངུལ་སྒོར་དུང་ཕྱུར309.8བཏང་ནས11.1%འཕར། ལག་རྩལ་བསྒྱུར་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར138.1བཏང་ནས12.9%འཕར་ཡོད། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར1578.3ཟིན་ནས14.2%འཕར། ཁེ་གྱོང་ཁ་འཐབ་བཏང་རྗེས་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར66མངོན་འགྱུར་བྱུང་ནས17.4%འཕར། ལས་རིགས27གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་འཕར་བའི་ནང་གློག་ཤུགས་འཕྲུལ་ཆས་དང་ཡོ་བྱད་བཟོ་སྐྲུན་ལས་རིགས་དང་། སྨན་དང་སྨན་བཅོས་བཟོ་སྐྲུན་ལས་རིགས། རྩིས་འཁོར་འཕྲིན་གཏོང་དང་གློག་རྡུལ་སྒྲིག་ཆས། རླངས་འཁོར་བཟོ་སྐྲུན་ལས་རིགས་སོགས་ལས་རིགས13གྱི་ཐོན་རྫས་རིན་ཐང་འཕར་ཚད20%ཡན་ཟིན་པ་དང་། སྐྱེ་དངོས་གསོ་རིག་སྨན་རྫས་དང་ཞིབ་ཕྲའི་རྫས་འགྱུར་བཟོ་ལས། གློག་རྡུལ་ཆ་འཕྲིན་སོགས་གཙོ་གནད་ཐོན་ལས་ཆེ་གྲས་དགུ་ཡི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1319.3ཟིན་པ་དེ་དུས་མཚུངས་ལས34.5%འཕར།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར་ཀོང་ཨན་གྲོང་ཁྱེར་གྱི་སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར525.0ཟིན་ནས12.0%འཕར་ཡོད། ལས་རིགས་བགོས་ནས་བལྟས། སྡེབ་ཚོང་ལས་རིགས་དང་སིལ་ཚོང་ལས་རིགས། ཞག་སྡོད་ལས་རིགས། བཟའ་བཏུང་ལས་རིགས་བཅས་ཀྱི་སིལ་ཚོང་བསྡོམས་འབོར་སོ་སོར་སྒོར་དུང་ཕྱུར63.1དང་སྒོར་དུང་ཕྱུར384.5སྒོར་དུང་ཕྱུར9.1སྒོར་དུང་ཕྱུར68.3བཅས་ཟིན་ནས11.7%དང12.0% 11.8% 11.9%བཅས་སོ་སོར་འཕར་ཡོད་པ་རེད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར389.4དང་སྒོར་དུང་ཕྱུར135.5ཟིན་ནས12.0%དང12.1%སོ་སོར་འཕར།

6 སྤྱི་ཚོགས་ལས་དོན།
6_1 འཕྲོད་བསྟེན།

སྤྱི་ལོ2017ལོའི་ལོ་མཇུག་བར་ཀོང་ཨན་གྲོང་ཁྱེར་གྱི་འཕྲོད་བསྟེན་སྒྲིག་གཞི3446ཡོད་ལ་དེའི་ནང་སྨན་ཁང67འདུས། འཕྲོད་བསྟེན་ཁང174དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)24བཅས་ཡོད། སྨན་བཅོས་ཁང་དང་འཕྲོད་བསྟེན་ཁང་། སྨན་དོན་ཁང393དང་མ་བུ་འཕྲོད་བསྟེན་ཁང7 ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས7 འཕྲོད་བསྟེན་ལྟ་སྐུལ་སྒྲིག་གཞི6དང་གསོ་རིག་གི་ལས་ཐོག་གསོ་སྦྱོང་སྒྲིག་གཞི1 གྲོང་ཚོའི་འཕྲོད་བསྟེན་ཁང2765བཅས་ཡོད། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་མི་སྣ22295ཡོད་ཅིང་དེའི་ནང་འཕྲོད་བསྟེན་ལག་རྩལ་མི་སྣ15055ཡོད་པ་དང་ལས་གཉེར་སྨན་པ4434ཡོད། ལས་གཉེར་སྨན་པ་དཀའ་བཅུ་པ927དང་ནད་གཡོག6056ཐོ་འགོད་བྱས་ཡོད།

6_2 འགན་སྲུང་།

སྤྱི་ལོ2017ལོར་ཀོང་ཨན་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མི་གྲངས་ཁྲི27.4ནང་བཅུག གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་མི་གྲངས་ཁྲི19.4ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་མི་རེར་ཆ་སྙོམས་ཁ་གསབ་བྱེད་ཚད་ལོ་གོང་མ་ལས་སྒོར8དང་སྒོར15སོ་སོར་མར་ཆག་ཡོད། ཆ་རྐྱེན་འཛོམས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་བསྙེན་བཀུར་བྱ་ཡུལ་ཚང་མ་རོགས་སྐྱོབ་བསྙེན་བཀུར་བྱེད་ཁོངས་སུ་འཇུག ཁྱོན་མི་ཁྲི2.7ཡོད་པའི་ནང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ཁྲི0.7གཅིག་སྡུད་བྱས་པ་དང་བྱེད་ཚད27.3%ཟིན། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ཞབས་ཞུའི་སྒྲིག་གཞིར་ཉལ་ཁྲི་ཁྲི1.3ཡོད་ཅིང་ཕན་བདེའི་རྒྱན་ཤོག་སྒོར་དུང་ཕྱུར2.18བཙོངས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི4.71གསར་དུ་འཕར་སྣོན་བྱུང་། 

དཔྱད་གཞིའི་ཡིག་ཆ།