ཀྲང་ཀུའུ་ཅང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-06-19 10:37ལ་འགྲུབ།

ཀྲང་ཀུའུ་ཅང་།

ཀྲང་ཀུའུ་ཅང་།
ཀྲང་ཀུའུ་ཅང་། ཕོ། རྒྱ་རིགས། སྤྱི་ལོ1963ལོའི་ཟླ3པར་འཁྲུངས། ཐེན་ཅིན་མི་ཡིན། སྤྱི་ལོ1984ལོའི་ཟླ12པར་ཏང་ལ་ཞུགས། སྤྱི་ལོ1982ལོའི་ཟླ8པར་ལས་ཀར་ཞུགས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་ནས་ཐོན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། ཀྲུང་གོའི་ཞིང་ལས་སློབ་གྲྭ་ཆེན་མོའི་ཞིང་ལས་ཁྱབ་གདལ་གྱི་རབ་འབྱམས་པའི་བསླབ་གནས་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张古江
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཐེན་ཅིན།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ3པ།
རྒྱལ་ཁོངས།
ཀྲུང་གོ།
བྱ་བར་ཞུགས་ལོ།
སྤྱི་ལོ1982ལོའི་ཟླ8པ།
མཐར་ཕྱིན་སློབ་གྲྭ།
ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ།
བསླབ་གནས།
ལས་ཐོག་ཞིབ་འཇུག་སློབ་མ།
1 ​མི་སྣའི་ལོ་རྒྱུས།

ཀྲང་ཀུའུ་ཅང་། ཕོ། རྒྱ་རིགས། སྤྱི་ལོ1963ལོའི་ཟླ3པར་འཁྲུངས། ཐེན་ཅིན་མི་ཡིན། སྤྱི་ལོ1984ལོའི་ཟླ12པར་ཏང་ལ་ཞུགས། སྤྱི་ལོ1982ལོའི་ཟླ8པར་ལས་ཀར་ཞུགས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་ནས་ཐོན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། ཀྲུང་གོའི་ཞིང་ལས་སློབ་གྲྭ་ཆེན་མོའི་ཞིང་ལས་ཁྱབ་གདལ་གྱི་རབ་འབྱམས་པའི་བསླབ་གནས་ལྡན།

ད་ལྟ་ཧོ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཐང་ཧྲན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡིན།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1980.09—སྤྱི་ལོ1982.08བར། རྫས་འགྱུར་བཟོ་ལས་པུའུ་ཧོའེ་ནན་རྫས་འགྱུར་བཟོ་ལས་ཀྱི་བཟོ་སྐྲུན་སྒྲིག་སྦྱོར་སློབ་གྲྭའི་སྒྲིག་ཆས་སྒྲིག་སྦྱོར་ཆེད་ལས་སློབ་སྦྱོང་བྱས།

སྤྱི་ལོ1982.08—སྤྱི་ལོ1992.05བར། རྫས་འགྱུར་བཟོ་ལས་པུའུ་བཅུ་གཉིས་པའི་རྫས་འགྱུར་འཛུགས་སྐྲུན་ཀུང་སིའི་ལས་བྱེད་པ་དང་། གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཧྲུའུ་ཅི་བཅས་ཀྱི་འགན་བཞེས། (དེའི་རིང་སྤྱི་ལོ1985ལོའི་ཟླ8པ་ནས་སྤྱི་ལོ1987ལོའི་ཟླ7པའི་བར་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་མ་སྦྱོང་བརྡར་པུའུ་གསུམ་པའི་རིགས་པའི་གཞུང་ལུགས་འཛིན་གྲྭའི་ལས་བྲལ་སློབ་སྦྱོང་བྱས།)

སྤྱི་ལོ1992.05—སྤྱི་ལོ1995.07བར། གུང་གཞོན་སྡེ་ཚོགས་ཧོ་པེ་ཞིང་ཨུད་གཞོན་ནུ་བཟོ་ལས་པུའི་འགན་འཁུར་བ་དང་པུའུ་ཀྲང་གཞོན་པའི་འགན་བཞེས།(ལས་དོན་གཙོ་སྐྱོང་གནང་བ)

སྤྱི་ལོ1995.07—སྤྱི་ལོ1997.08བར། གུང་གཞོན་ཚོགས་པའི་ཧོ་པེ་ཞིང་ཨུད་གཞོན་ནུ་བཟོ་ལས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས། (སྤྱི་ལོ1993ལོའི་ཟླ8པ—སྤྱི་ལོ1995ལོའི་ཟླ12བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་སུ་སློབ་སྦྱོང་བྱས)

སྤྱི་ལོ1997.08—སྤྱི་ལོ1999.11བར། གུང་གཞོན་ཚོགས་པའི་ཧོ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། (1996ལོའི་ཟླ་12པ་ནས་1998ལོའི་ཟླ་11པའི་བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་ཁེ་ལས་དོ་དམ་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་སྦྱོང་བྱས)

སྤྱི་ལོ1999.11—སྤྱི་ལོ2001ལོའི་ཟླ་7བར། གུང་གཞོན་ཚོགས་པའི་ཧོ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

སྤྱི་ལོ2001—སྤྱི་ལོ2003.03ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས། (སྤྱི་ལོ1999ལོའི་ཟླ་9པ་ནས་སྤྱི་ལོ2001ལོའི་ཟླ་12པའི་བར་ཧོ་པེ་ཚན་རྩལ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་བཟོ་ལས་དཔལ་འབྱོར་ཚན་ཁག་བཟོ་ཚོང་དོ་དམ་ཆེད་ལས་སུ་སློབ་སྦྱོང་བྱས)

སྤྱི་ལོ2003.03—སྤྱི་ལོ2004.11བར། ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། (སྤྱི་ལོ2001ལོའི་ཟླ9—སྤྱི་ལོ2004ལོའི་ཟླ7བར། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་སུ་སློབ་སྦྱོང་བྱས། སྤྱི་ལོ2003.03—སྤྱི་ལོ2004.02བར། གྲོང་ཨུའི་ཁེ་ལས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་གཅིག་ལྕོགས་འཁུར་གྱི་འཁུར། སྤྱི་ལོ2004.03—སྤྱི་ལོ2004.06བར། རྒྱལ་ཁབ་སྲིད་འཛིན་སློབ་གླིང་སི་དང (ཐིང) ཅུས་རིམ་པའི་གཞུང་ཞབས་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)

སྤྱི་ལོ2004.11—སྤྱི་ལོ2008.01བར། ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་སྒྲིག་ཨུའི་ཧྲུའུ་ཅིའི་འགན་བཞེས། (དེའི་རིང་སྤྱི་ལོ2006ལོའི་ཟླ9—སྤྱི་ལོ2006ལོའི་ཟླ11བར། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལས་བྱེད་པ་དར་གཞོན་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)

སྤྱི་ལོ2008.01—སྤྱི་ལོ2008.03བར། ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་འགོ་འཛིན་ལས་ཚབ་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2008.03—སྤྱི་ལོ2011.01བར། ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་་ཧྲི་ཀྲང་གི་འགན་བཞེས། (སྤྱི་ལོ2006.03-སྤྱི་ལོ2008.12བར། ཀྲུང་གོའི་ཞིང་ལས་སློབ་ཆེན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་འཕེལ་རྒྱས་སློབ་གླིང་གི་ཞིང་ལས་ཁྱབ་གདལ་ཆེད་ལས་སུ་སློབ་སྦྱོང་གནང་། ཞིང་ལས་ཁྱབ་སྤེལ་རབ་འབྱམས་པའི་བསླབ་གནས་ཐོབ)

སྤྱི་ལོ2011.01—སྤྱི་ལོ2011.12བར། ཧོ་པེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་བཞེས། (ཐིང་རིམ་པ་རྒན་པ)

སྤྱི་ལོ2011.12—སྤྱི་ལོ2014.09བར། ཧོ་པེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2014.09—སྤྱི་ལོ2016.12བར། ཧོ་པེ་ཞིང་ཆེན་ཞིང་ཐའེ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2016.12—སྤྱི་ལོ2017.01བར། ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

སྤྱི་ལོ2017.01—སྤྱི་ལོ2020.01བར། ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

སྤྱི་ལོ2020.01—སྤྱི་ལོ2020.03བར། ཧོ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། ཐང་ཧྲན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

3 བསྐོ་འཐེན་གནས་ཚུལ།

སྤྱི་ལོ2020ལོའི་ཟླ1པོར། ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་གནང་སྟེ། བློ་མཐུན་ཀྲང་ཀུའུ་ཅང་ཧོ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་འགན་བཞེས། ཞིང་ཆེན་ཏང་ཨུའི་བློ་མཐུན་ཀྲང་ཀུའུ་ཅང་གིས་ཐང་ཧྲན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་བཞེས། 
            སྤྱི་ལོ2020ལོའི་ཟླ3པའི་ཚེས27ཉིན། ཧོ་པེ་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་ཀྲང་ཀུའུ་ཅང་ཧོ་པེའི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པའི་གོ་གནས་ནས་ཕྱིར་འཐེན་བྱ་རྒྱུར་གཏན་འབེབས་བྱས།


དཔྱད་གཞིའི་ཡིག་ཆ།