ཞི་ཏེ་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-28 17:30ལ་འགྲུབ།

ཞི་ཏེ་རྫོང་།

ཞི་ཏེ་རྫོང་།
ཞི་ཏེ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་དུ་གཏོགས་ཤིང་ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག102°42′བར་དང་བྱང་གི་འཕྲེད་ཐིག28°32′བར་དུ་གནས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
喜德县
ས་ཁམས་གནས་ཡུལ།
ཀྲུང་གོའི་ལྷོ་ནུབ།
དབྱིན་ཡིག་གི་མིང་།
Xide County
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2200.4ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་གྲངས།
མི226736ཡོད།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ།
ཡུལ་སྐད།
དབྱིས་རིགས་སྐད།
མངའ་ཁོངས།
གྲོང་རྡལ7དང་ཡུལ་ཚོ17འདུས།
གནམ་གྲུ་ཐང་།
ཞི་ཁྲང་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0834
མེ་འཁོར་འབབ་ཚུགས།
ཞེ་ཏེ་འབབ་ཚུགས།
སྦྲག་སྲིད་ཨང་རྟགས།
616750
རླངས་འཁོར་ཚབ་ཨང་།
ཁྲོན(川)W
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
513432
ས་ཁུལ་ཐོན་སྐྱེད་བསྡོམས་འབོར།
སྒོར་ཁྲི239208ཟིན།
1 ​སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས། 

སྤྱི་ལོ1953ལོ་ནས་སྤྱི་ལོ1957ལོའི་བར་རྫོང་གི་ཁོངས་གཏོགས་སུ་ཞང་རུང་དང་ཧུང་མ། པའོ་ཀོ། ཉི་པོ། སྨི་ཧྲི་བཅས་ཆུས5དང་།  མན་ཧྲན། ལ་ཁེ། པོ་ལོ། ཧྲེན་ཀུའུ།  ཧི་པོ་ལོ། སན་ཧོ། ཐའོ་ཡོན། ལུའུ་ཅི། པེ་ཧྲན། ཧུང་མའོ། ལི་ཙི། ཞི་ཧོ། པའོ་ཧྥུ་ཀོ། ཨར་ཧྥུ་ཏི། པ་ཅིའུ། ཉི་ཀྲི། མུའུ་ཀྲི། ལ་ཕུའུ། ཞི་ཏེ། དབྱི་ལོ། ལུའོ་གོ། མོ་སེ་དབྱི་ཏ། ཨེ་ཉི་ལོ་ཀུའུ་སོགས་ཡུལ་ཚོ28འདུས།

2 ས་ཁམས་གནས་ཡུལ།

ཞི་ཏེ་རྫོང་ནི་ཤར་གྱི་གཞུང་ཐིག102°42′དང་བྱང་གི་འཕྲེད་ཐིག28°32བར་དུ་གནས་ཤིང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ70.8དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ59.5ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2200.4ཡོད་པ་དེ་མུའུ3300600ཡོད། ཤར་ངོས་ཀྲའོ་ཅོའུ་རྫོང་དང་ས་མཚམས་འབྲེལ་ཞིང་ལྷོ་ངོས་ཨན་ཉིང་གཙང་པོ་དང་ཕན་ཚུན་ཁ་གཏད་དུ་ཆགས། 

3 རང་བྱུང་ཐོན་ཁུངས།

སྤྱི་ལོ2006ལོར་ཞི་ཏེ་རྫོང་གི་ཆུ་ནུས་གསོག་ཚད་སྟོང་ཝ་ཁྲི38.076ཟིན་པ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི12.739ཟིན་ཡོད། སྤྱི་ལོ2009ལོར་སྟོང་ཝ་ཁྲི2.397གསར་སྤེལ་བྱས་པ་དང་གློག་ཁང18བསྐྲུན་ཡོད། 

4 མི་གྲངས།

མི་འབོར་ཡོངས་བཤེར་གྲངས་ལྟར་རྫོང་ཡོངས་སུ་མི་གྲངས་བསྡོམས་འབོར137676ཡོད།  མའོ་ཀྲེན་ལ་མི་གྲངས8977དང་ཧུའུ་ཧོ་ཁོའུ་གྲོང་རྡལ་ལ་མི་གྲངས9172 སྨི་ཧྲི་གྲོང་རྡལ་ལ་མི་གྲངས5840 ལོ་ཧ་གྲོང་རྡལ་ལ་མི་གྲངས4929 ཉི་པོ་གྲོང་རྡལ་ལ་མི་གྲངས6611 ལ་ཁེ་ཡུལ་ཚོ་ལ་མི་གྲངས7181 ཏུང་ཧོ་ཡུལ་ཚོ་ལ་མི་གྲངས2752 ཧོ་པོ་ལུའོ་ཡུལ་ཚོ་ལ་མི་གྲངས7582 ལུའུ་ཅི་ཡུལ་ཚོ་ལ་མི་གྲངས7252 ལི་ཙི་ཡུལ་ཚོ་ལ་མི་གྲངས6189 པེ་ཧྲན་ཡུལ་ཚོ་ལ་མི་གྲངས4050 ཞི་ཧོ་ཡུལ་ཚོ་ལ་མི་གྲངས2487 ཏུང་ཧོ་ཡུལ་ཚོ་ལ་མི་གྲངས4853 ཐུའོ་ལུའོ་ཡུལ་ཚོ་ལ་མི་གྲངས3822 པོ་ལུའོ་ཏ་ཡུལ་ཚོ་ལ་མི་གྲངས1989 ཧྲ་མཱ་ལ་ཏ་ཡུལ་ཚོ་ལ་མི་གྲངས148097བཅས་ཡོད།

5 མི་རིགས། 

ཞི་ཏེ་རྫོང་དུ་དབྱིས་རིགས་དང་བོད་རིགས། ཆའང་རིགས། མིའོ་རིགས། ཧུའེ་རིགས། སོག་རིགས། ཐུའུ་ཅ་རིགས། མན་ཇུ་རིགས། ཡའོ་རིགས། ཏུང་རིགས། འཇང་རིགས། པུའུ་དབྱི་རིགས། པའེ་རིགས། ཀྲོང་རིགས། ཏའེ་རིགས་སོགས་འདུས་སྡོད་བྱས་ཡོད་ཅིང་དབྱིས་རིགས་མི་འབོར་གྱིས་སྤྱིའི་མི་འབོར་གྱི89.5%བཟུང་། 

6 དཔལ་འབྱོར།

སྤྱི་ལོ2018ལོའི་ལོ་འཁོར་གྱི་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་ཁྲི239208ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས5.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་ཁྲི75075ཟིན་པ་དེ་དུས་མཚུངས་ལས3.9%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་ཁྲི66839ཟིན་པ་དེ་དུས་མཚུངས་ལས11.4%འཕར། དེའི་ནང་བཟོ་ལས་ཀྱི་འཕར་ཐང་སྒོར་ཁྲི33514ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས5.7%འཕར་བ་དང་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི33325ཟིན་པ་དེ་དུས་མཚུངས་ལས18.5%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི97294ཟིན་པ་དེ་དུས་མཚུངས་ལས2.6%འཕར་ཡོད། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་སོ་སོར་བརྒྱ་ཆའི23.68དང་བརྒྱ་ཆའི57.23བརྒྱ་ཆའི19.09བཅས་ཡིན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སོ་སོར་བརྒྱ་ཆའི་གྲངས1.29དང3.121.04སྐུལ་ཁྲིད་བྱས་ཤིང་མི་རེའི་ཆ་སྙོམས་ཀྱིGDP12909ཡོད། 

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོ།

སྤྱི་ལོ2006ལོར་ཞི་ཏེ་རྫོང་དུ་སློབ་འབྲིང་དཀྱུས་མ7དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ6002ཡོད་པ་དང་སློབ་ཆུང156 སློབ་གྲྭར་ཡོད་པའི་སློབ་མ23725ཡོད། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི99.8ཟིན་ཡོད། སྤྱི་ལོ2018ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ76ཡོད་པ་དང་དེའི་ནང་བུ་བཅོལ་ཁང23སློབ་གྲྭར་ཡོད་པའི་སློབ་ཕྲུག1095 དགེ་རྒན་དང་ལས་བཟོ་པ279ཆེད་བསྐོས་དགེ་རྒན163བཅས་ཡོད། སློབ་ཆུང46དང་འཛིན་གྲྭ638 སློབ་གྲྭར་ཡོད་པའི་སློབ་མ28493དང་སློབ་ཐོན་སློབ་མ4202 དགེ་རྒན་དང་ལས་བཟོ་པ1415དང་ཆེད་བསྐོས་དགེ་རྒན1329བཅས་ཡོད།

7_2 འཕྲོད་བསྟེན།

ཞི་ཏེ་རྫོང་དུ་སྨན་བཅོས་སྒྲིག་གཞི50ལ་སླེབས་ཤིང་སྨན་དོན་མི་སྣ328ཡོད་པ་དང་སྲིད་འཛིན་གྲོང་ཚོ170 འཕྲོད་བསྟེན་ཁང156བསྐྲུན་པ་དང་གཙོ་གནད་གྲོང་ཚོ120ལ་འཕྲོད་བསྟེན་ས་ཚིགས་བཙུགས་ཡོད། 

7_3 འགན་སྲུང་།

སྤྱི་ལོ2006ལོར་ཞི་ཏེ་རྫོང་གིས་མ་དངུལ་སྒོར་ཁྲི420བཏང་ནས་ཞིང་ཆེན་དང་ཁུལ་གྱིས་སྒྱུར་བཀོད་ལས་འགན་ལེགས་སྒྲུབ་བྱས་པའི་ནང་དུད་ཚང1260ཡོད། རྫོང་ཡོངས་སུ་ཞིང་པའི་མི་གྲངས་བསྡོམས་འབོར་ཁྲི12.26ཟིན་ཡོད། ཞིང་ལས་ཀྱི་མི་འབོར82ཟིན་པ་དང་མཉམ་ལས་སྨན་བཅོས་དངོས་སུ་དམིགས་སར་འབྱོར་བའི་མ་དངུལ་སྒོར་ཁྲི122.446ཟིན། ཞིང་པ་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་ཁང་གི་འགྲོ་སོང་རྩིས་ཞུའི་སྤྱིའི་གཏོང་སྒོ་སྒོར་ཁྲི33.35དང། ཁ་གསབ་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་གཞུང་ཞབས་པའི་སྨན་བཅོས་ཁ་གསབ་དང་སྨན་རིན་མཐོ་བའི་སྨན་བཅོས་འགན་བཅོལ་སྤེལ།

དཔྱད་གཞིའི་ཡིག་ཆ།