མེ་ཀུའུ་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-28 17:32ལ་འགྲུབ།

མེ་ཀུའུ་རྫོང་།

མེ་ཀུའུ་རྫོང་།
མེ་ཀུའུ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་བྱང་ཤར་རྒྱུད་དུ་ཤར་གྱི་གཞུང་ཐིག102°53′—103°21བར་དང་བྱང་གི་འཕྲེད་ཐིག28°02′—28°54′བར་དུ་གནས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美姑县
མི་གྲངས།
ཁྲི278872ཡོད།
དབྱིན་ཡིག་གི་མིང་།
Meigu County
ཡུལ་སྐད།
དབྱིས་རིགས་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ནམ་ཟླ།
ཚ་ཁུལ་བརླན་གཤེར་རང་བཞིན་གྱི་དུས་རླུང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་སི་ཁྲོན།
མཛེས་ལྗོངས་གྲགས་ཅན།
ཏ་ཧྥུན་ཏིན་སོགས་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0834
གནམ་གྲུ་ཐང་།
ཞི་ཁྲང་རྒྱལ་སྤྱིའི་གནམ་གྲུ་ཐང་།
སྦྲག་སྲིད་ཨང་རྟགས།
616450
སྲིད་འཛིན་ཚབ་ཨང་།
513436
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2573ཡོད།
ས་ཁུལ་ཐོན་སྐྱེད་བསྡོམས་འབོར།
ཁྲི359080ཟིན།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1956ལོའི་ཟླ5པའི་ཚེས24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧུང་ཞི་རྫོང་འཛུགས་རྒྱུའི་ཆོག་མཆན་གནང་། 

སྤྱི་ལོ1959ལོའི་ཟླ6པར་ཧུང་ཞི་རྫོང་མེ་ཀུའུ་རྫོང་དུ་བགོས།

སྤྱི་ལོ1990ལོར་སྔར་བཞིན་སི་ཁྲོན་ཞིང་ཆེན་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པར་བྱས། 

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

མེ་ཀུའུ་རྫོང་དུ་ཀུའུ་ཧུང་ཡུལ་ཚོ། ཙི་ཝེ་ཡུལ་ཚོ། ཧ་ལུའོ་ཡུལ་ཚོ། སུའུ་ལུའོ་ཡུལ་ཚོ། ཀྲུའུ་ཁུའུ་ཡུལ་ཚོ། ཏེན་ཧྥུ་ཡུལ་ཚོ། ལུང་མོན་ཡུལ་ཚོ། ས་ཁུའུ་ཡུལ་ཚོ། ཅིའུ་ཁོའུ་ཡུལ་ཚོ། ལིའུ་ཧུང་ཡུལ་ཚོ། ལུང་ཝོ་ཡུལ་ཚོ། ཙི་ཝེ་ཡུལ་ཚོ། ཧ་ལོ་ཡུལ་ཚོ། ཉི་ཧ་ཡུལ་ཚོ། ལེ་ཡུའེ་ཡུལ་ཚོ། ཧྲུའུ་ཝོ་ཡུལ་ཚོ། ཧོ་ཀུའུ་ཡུལ་ཚོ། ཀུའུ་དབྱི་ཡུལ་ཚོ། ཀུའུ་དབྱི་ཡུལ་ཚོ། ཧྲུའུ་དབྱི་ཡུལ་ཚོ། ཧྲུའུ་དབྱི་ཡུལ་ཚོ། ཀུའུ་དབྱི་ཡུལ་ཚོ། ཡུས་ཏ་ཡུལ་སོགས་ཡོད།

3 ས་ཁམས་གནས་ཡུལ།

མེ་ཀུའུ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་ཏུ་གནས་ཡོད་ཅིང་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་བྱང་ཤར་རྒྱུད་དུ་ཡོད། རྫོང་ཁོངས་ཀྱི་དངོས་གཏོགས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2573ཟིན་ཡོད་ཅིང་རྫོང་ཁོངས་ནི་ཤར་གྱི་གཞུང་ཐིག102°53′—103°21′བར་དང་བྱང་གི་འཕྲེད་ཐིག28°02′—28°54′བར་དུ་གནས། ཤར་ངོས་ལེ་པོ་རྫོང་དང་ནུབ་ངོས་ཡུའེ་ཞི་རྫོང་དང་འབྲེལ་ཡོད།

4 མི་གྲངས་དང་མི་རིགས།
4_1 མི་གྲངས།

སྤྱི་ལོ1949ལོར་མངའ་ཁོངས་སུ་མི་གྲངས་བསྡོམས་འབོར85748ཡོད། སྤྱི་ལོ1952ལོར་རྫོང་འཛུགས་སྐབས་རྫོང་ཡོངས་ཀྱི་མི་གྲངས་བསྡོམས་འབོར8707070ཟིན་ཡོད། སྤྱི་ལོ1958ལོའི་བར་མི་འབོར་སྐྱེ་ཚད1954ལོའི25.49%ནས་སྤྱི་ལོ1958ལོའི26.79%བར་འཕར་ཡོད། ཚེ་ལས་འདས་ཚད་དེ་སྤྱི་ལོ1954ལོའི9.53%ནས་སྤྱི་ལོ1958ལོའི11.91%ལ་འཕར་། སྤྱི་ལོ1958ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་མི་གྲངས97824ཟིན་པ་དང་ལོ9ཡི་ནང་མི12076མང་དུ་ཕྱིན་པ་དང་ལོར་ཆ་སྙོམས1.37%འཕར་ཡོད། སྤྱི་ལོ1959ལོར་རྫོང་ཡོངས་ཀྱི་མི་འབོར96154ཡོད་པ་དང་ལོ་གསུམ་རིང་གི་དཀའ་ངལ་ཆེ་བའི་དུས་སྐབས་སུ་མི་འབོར་སྐྱེ་ཚད་ཆེས་ཆེར་མར་ཆག སྤྱི་ལོ1961ལོར5.71སྟོང་ཆའི་བར་ཆག་ཡོད་ཅིང་མི་འབོར་ཤི་ཚད་མཐོ་རུ་ཕྱིན། ལོ་གསུམ་ཆ་སྙོམས་བྱས་ན་ལོ་རེར་ཚེ་ལས་འདས་ཚད60.999ཟིན་ཡོད། ཆེས་མཐོ་བའི་ལོ་སྤྱི་ལོ1960ལོར98.59%ལ་སླེབས་པ་ན་མི་འབོར་རང་ཤུགས་སུ་འཕར་ཚད་བསྟུད་མར་ཆག

4_2 མི་རིགས། 

མེ་ཀུའུ་རྫོང་དུ་དབྱིས་རིགས། བོད་རིགས། ཆའང་རིགས། མིའོ་རིགས། ཧུའེ་རིགས། སོག་རིགས། ཐུའུ་ཅ་རིགས། ལི་སུའུ་རིགས། མན་ཇུ་རིགས། ཡའོ་རིགས། ཏུང་རིགས། འཇང་རིགས། པུའུ་དབྱི་རིགས། པའེ་རིགས། ཀྲོང་རིགས། ཏའེ་རིགས་སོགས་མི་རིགས་ཡོད། 

5 དཔལ་འབྱོར།

སྤྱི་ལོ1978ལོའི་བར་རྫོང་ཡོངས་ཀྱི་སྤྱི་ཚོགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི2710ཟིན་ཡོད། དེའི་ནང་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི681དང་། ཞིང་ལས་ཐོན་སྐྱེད་རིན་ཐང་སྒོར་ཁྲི1522ཐོན་སྐྱེད་རིན་ཐང་གཞན་དག་སྒོར་ཁྲི507བཅས་ཡོད། སྤྱི་ལོ1979ལོའི་རྗེས་སུ་གྲོང་གསེབ་དང་གྲོང་ཁྱེར་གྱི་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་རིམ་བཞིན་གཏིང་ཟབ་ཏུ་སྤེལ་བ་དང་ཆབས་ཅིག་རྫོང་ནང་ཁུལ་གྱི་དཔལ་འབྱོར་དེ་ལོ་རྒྱུས་ཐོག་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། སྤྱི་ལོ1990ལོའི་ལོ་མཇུག་ཏུ་སླེབས་དུས་སྤྱི་ཚོགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི6776(སྤྱི་ལོ1978ལོའི་ལྡབ4ཡིན་པ་དང་ལོ་རེར12.42%འཕར་ཡོད) དེའི་ནང་བཟོ་ལས་སྒོར་ཁྲི1368དང་ཞིང་ལས་སྒོར་ཁྲི4354དེ་མིན་གྱི་ཐོན་རྫས་རིན་ཐང་སྒོར་ཁྲི1054ལ་སླེབས། 

5_1 ཐོན་ལས་དང་པོ།

སྤྱི་ལོ1952ལོར་མེ་ཀུའུ་རྫོང་གི་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི582ཡིན། དེའི་ནང་འདེབས་འཛུགས་ལས་རིགས་ལ་སྒོར་ཁྲི352དང་འབྲོག་ལས་ལ་སྒོར་ཁྲི171ཡོད་པ་དེའི་བསྡུར་ཚད་ནི64:36ཡིན། སྤྱི་ལོ1957ལོར་ཞིང་ནགས་ཕྱུགས་ཞོར་ཉ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ་དངཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི709འཕར། དེའི་རྗེས་སུ་ཞིང་ལས་སྒྲིག་སྲོལ་གྱི་ཤུགས་རྐྱེན་ཐེབས་པས་ཞིང་ལས་ཐོན་རྫས་ཀྱི་རིན་ཐང་ཡུན་རིང་འཕེལ་མེད་རང་སོར་གནས། 

5_2 ཐོན་ལས་གཉིས་པ།

གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ཡོང་འབབ་སྒོར་ཁྲི51922བྱུང་བ་དེ་དུས་མཚུངས་ལས57.9%འཕར། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི5728ཟིན་ཡོད། སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཨར་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི540970ཟིན་པ་དེ་དུས་མཚུངས་ལས77.4%འཕར་བ་དང་། རྫོང་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ཐོབ་ཐང་རིམ་པའི་ཁེ་ལས13ཡོད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2019ལོར་རྫོང་ཡོངས་ཀྱི་གཞུང་ལམ་འགྲུལ་སྐྱེལ་བྱེད་ཚད་སྤྱི་ལེ་རེར་མི་ཁྲི5032ཟིན་པ་དང་གཞུང་ལམ་ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་རེར་ཏུན་ཁྲི5188ཟིན་ཡོད་པ་རེད། ལོ་ཧྲིལ་པོར་སྦྲག་ཏར་ལས་སྒོའི་སྤྱིའི་ཡོང་འབབ་སྒོར་ཁྲི8272.34ཟིན་པ་དང་ལོ་མཇུག་ཏུ་རྒྱལ་སྤྱིའི་དྲ་སྦྲེལ་སྤྱོད་མཁན་དུད་ཚང13693དང་སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང99248ཡོད། སྤྱི་ལོ2019ལོར་མེ་ཀུའུ་རྫོང་གི་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི434419ཟིན་པ་དེ་དུས་མཚུངས་ལས3%མར་ཆག གྲོང་མིའི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི233133ཟིན་པ་དེ་དུས་མཚུངས་ལས17.8%འཕར། དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་སྒོར་ཁྲི98267ཟིན་པ་དེ་དུས་མཚུངས་ལས14%འཕར། 

6 སྤྱི་ཚོགས་ལས་དོན།
6_1 འཕྲོད་བསྟེན།

སྤྱི་ལོ2006ལོར་མེ་ཀུའུ་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི51དང་ནད་ཁྲི228ལ་འཕྲོད་བསྟེན་ལག་རྩལ་མི་སྣ321ཡོད་པའི་ནང་སྨན་པ232ཡོད། སྤྱི་ལོ2019ལོར་མེ་ཀུའུ་རྫོང་ལ་སྨན་བཅོས་འཕྲོད་བསྟེན་བདེ་སྲུང་ལས་ཁུངས346 གྲོང་ཚོའི་འཕྲོད་བསྟེན་ཁང292དང་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང36ཡོད། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས1དང་རྫོང་གི་མོ་རྩིས་ལྟེ་གནས1བཅས་བཙུགས་ཡོད། རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས1དང་རྫོང་སྨན་ཁང་2བཅས་ཡོད།

6_2 འགན་སྲུང་། 

སྤྱི་ལོ2019ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན11130དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན117478ཡོད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་ནང་བཅུག་པའི་མི་གྲངས1702ཟིན་པ་དང་མ་དངུལ་སྒོར་ཁྲི632.3འགན་ལེན་བྱས། གྲོང་གསེབ་ཀྱི་མ་མཐའི་སློབ་མ་འགན་ལེན་གྱི་གཏོང་སྒོའི་ནང་བཅུག་པའི་མི་གྲངས50487ཟིན་པ་དང་འགན་ལེན་མ་དངུལ་གྱི་གཏོང་སྒོ་སྒོར་ཁྲི9835.6ཟིན། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི6913ཡོད་པ་དང་བུ་བཙའི་འགན་བཅོལ་མི908ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་གྲངས8969དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་གྲངས་ཁྲི22.6395ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ441མང་དུ་ཕྱིན་པ་དང་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད1.2%ཟིན་ཡོད། 

དཔྱད་གཞིའི་ཡིག་ཆ།