ལེ་པོ་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-28 17:33ལ་འགྲུབ།

ལེ་པོ་རྫོང་།

ལེ་པོ་རྫོང་།
ལེ་པོ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་མཚམས་དང་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་ཤར་རྒྱུད་རྒྱུད་དུ་གནས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
雷波县
ས་ཁམས་གནས་ཡུལ།
སི་ཁྲོན་ཞིང་ཆེན་ལྷོ་ནུབ་རྒྱུད།
དབྱིན་ཡིག་གི་མིང་།
Leibo County
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2932ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་གྲངས།
ཁྲི24.05ཡོད།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ།
མཛེས་ལྗོངས་གྲགས་ཅན།
མཱ་ཧོ་སོགས་ཡོད།
མངའ་ཁོངས།
ཡུལ་ཚོ་དང་གྲོང་རྡལ48ཡོད།
རླངས་འཁོར་ཚབ་ཨང་།
ཁྲོན(川)W
ས་ཁོངས་ཁ་པར་ཨང་རྟགས།
0834
ས་ཁུལ་ཐོན་སྐྱེད་བསྡོམས་འབོར།
སྒོར་དུང་ཕྱུར65.4387ཟིན།
སྦྲག་སྲིད་ཨང་རྟགས།
616550
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
513437
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1950ལོའི་ཟླ5པའི་ཚེས25ཉིན་བཅིངས་འགྲོལ་བྱས།

སྤྱི་ལོ1956ལོར་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་དུ་བགོས། 

སྤྱི་ལོ1958ལོར་ཝ་ཀང་དང་མོ་ཧུང་། ཁ་ཧ་ལུའོ་བཅས་ཆུས་གསུམ་ལོགས་སུ་དབྱེ་ནས་ཝ་ཀང་རྫོང་བཙུགས། 

སྤྱི་ལོ1960ལོར་ཝ་སྒང་རྫོང་དེ་ལེ་པོ་རྫོང་གི་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ2020ལོའི་ཟླ2པའི་ཚེས་18ཉིན་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད་ལེ་པོ་རྫོང་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱུང་།

2 ས་ཁམས་གནས་ཡུལ།

ལེ་པོ་རྫོང་ནི་སི་ཁྲོན་ཞིང་ཆེན་ལྷོ་ནུབ་མཐའ་མཚམས་འཕྲེད་བཅད་རི་རྒྱུད་ཀྱི་ཤར་ངོས་ལིང་ཧྲན་ཆུང་ངུར་གནས་ཡོད་ཅིང་། བྱང་ངོས་དབྱི་པིན་དང་ལེ་ཧྲན་ས་ཁུལ་དང་འབྲེལ་ཞིང་ནུབ་ངོས་མེ་ཀུའུ་རྫོང་དང་འབྲེལ། ལྷོ་ནུབ་ཏུ་ཀྲའོ་ཅུའེ་རྫོང་དང་ཅིན་དབྱང་རྫོང་དང་འབྲེལ་ཞིང་བྱང་གི་འཕྲེད་ཐིག27°49′—28°36′བར་དང་ཤར་གྱི་གཞུང་ཐིག103°10′—52′བར་དུ་གནས་ཤིང་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2932ཡོད། 

3 རང་བྱུང་ཐོན་ཁུངས།
3_1 ས་ཞིང་ཐོན་ཁུངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ལེ་པོ་རྫོང་གི་དངོས་ཡོད་རྨོ་ཞིང་སྤྱི་ཆིང16262ཟིན་པ་དེ་ལོ་གོང་མ་དང་མཉམ།

3_2 ནགས་སའི་ཐོན་ཁུངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ལེ་པོ་རྫོང་གི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི12.8366ཟིན་པ་དང་རང་བྱུང་སྲུང་སྐྱོང་ཁུལ1 རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི3.8ཟིན།

3_3 རྩྭ་སའི་ཐོན་ཁུངས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ལེ་པོ་རྫོང་གི་རྩྭ་སའི་རྒྱ་ཁྱོན་མུའུ་ཁྲི173.65ཟིན་ཡོད། 

4 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ལེ་པོ་རྫོང་གི་མི་འབོར་ཁྲི27.5983ཟིན་པ་དང་ལོ་གོང་མ་ལས་མི8139མང་དུ་ཕྱིན་པ་དེ་དུས་མཚུངས་ལས3.03%འཕར་ཡོད། སྤྱིའི་མི་འབོར་ནང་སྐྱེས་པ་ཁྲི14.3596དང་བུད་མེད་ཁྲི13.2387ཡོད། ཕོ་མོའི་བསྡུར་ཚད108:100ཡོད་ཅིང་རྫོང་ཡོངས་ཀྱི་དུད་ཚང73048དང་ཆ་སྙོམས་དུད་ཚང3.77ཟིན། ཞིང་ལས་མིན་པའི་མི་འབོར27563དང་ཞིང་ལས་མི་འབོར་ཁྲི24.842ཡོད། རྫོང་ཡོངས་ཀྱི་མི་རིགས28ནང་གྲངས་ཉུང་མི་རིགས27དང་མི་གྲངས་ཁྲི16.1073ཡོད། རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར་ནང་དབྱིས་རིགས་ཀྱི་མི་འབོར་ཁྲི15.8853ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི57.5%བཟུང་བ་དང་། རྒྱ་རིགས་མི་ཁྲི11.491ཟིན་པ་དེས་སྤྱིའི་མི་འབོར་གྱི41.6%བཟུང། མིའོ་རིགས1625ཡོད་པ་དེས་སྤྱིའི་མི་འབོར་གྱི0.58%བཟུང་ཡོད་ཅིང་རྒྱུན་སྡོད་མི་འབོར་ཁྲི24.05ཡོད། མི་འབོར་སྐྱེ་ཚད45.48ཚེ་ལས་འདས་ཚད11.01བཅས་ཡིན། རང་ཤུགས་སུ་འཕར་ཚད་བརྒྱ་ཆ34.47ཟིན་ཡོད་ཅིང་མི་འབོར་སྟུག་ཚད་སྟོང་སྨི་གྲུ་བཞི་མ་རེར་མི97.24ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི7ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད29.12%ཟིན། 

5 དཔལ་འབྱོར།

སྤྱི་ལོ2018ལོར་ལེ་པོ་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར65.4387ཟིན་པ་དེ་དུས་མཚུངས་ལས4.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར12.38ཟིན་པ་དེ་དུས་མཚུངས་ལས3.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར35.56ཟིན་པ་དེ་དུས་མཚུངས་ལས3.1%འཕར་ཡོད། དེའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར17.12ཟིན་པ་དེ་དུས་མཚུངས་ལས1%འཕར་བ་དང་། ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར18.44ཟིན་པ་དེ་དུས་མཚུངས་ལས5.6%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར17.50ཟིན་པ་དེ་དུས་མཚུངས་ལས8.7%འཕར་ཡོད། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱིསGDPནང་བཟུང་བའི་བསྡུར་ཚད་སོ་སོར18.92:54.35:26.74.5ཟིན་ཡོད།

6 སྤྱི་ཚོགས་ལས་དོན།
6_1 འཕྲོད་བསྟེན།

སྤྱི་ལོ2017ལོའི་ལོ་མཇུག་བར་ལེ་པོ་རྫོང་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི62ཡོད། སྤྱི་ལོ2016ལོ་ལས11ཉུང་དུ་ཕྱིན་པ་དེ་དུས་མཚུངས་ལས15%མར་ཆག་ཡོད། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི1108ཡོད་པ་དེ་དུས་མཚུངས་ལས23.5%འཕར་ཡོད། སྨན་ཁང་གི་འཕྲོད་བསྟེན་ཁང་གི་ལག་རྩལ་མི་སྣ963ཡོད་པ་དེ་དུས་མཚུངས་ལས6.6%འཕར། དེའི་ནང་ཆེད་ལས་སྨན་པ301ཡོད་པ་དེ་དུས་མཚུངས་ལས2.9%མར་ཆག་ཡོད། རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་ལ་སྐུལ་འདེད་བཏང་ནས་རྫོང་ནང་ཁུལ་དུ་སྨན་བཅོས་བྱེད་ཚད98%ཡན་ཟིན་ཡོད། 

6_2 ལས་ཞུགས།

སྤྱི་ལོ2017ལོར་ལེ་པོ་རྫོང་གི་ལས་ཐོག་ལས་བཟོའི་ཆ་སྙོམས་མི་གྲངས8103ཟིན་པ་དེ་དུས་མཚུངས་ལས5.9%མར་ཆག ལས་ཐོག་ལས་བཟོའི་ཆ་སྙོམས་གླ་ཕོགས་བསྡོམས་འབོར་སྒོར71831ཟིན་པ་དེ་དུས་མཚུངས་ལས13.5%འཕར་ཡོད། 

6_3 འགན་སྲུང་། 

སྤྱི་ལོ2017ལོར་ལེ་པོ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས4656ཟིན་པ་དེ་དུས་མཚུངས་ལས17.5%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི1.1133ཟིན་པ་དེ་དུས་མཚུངས་ལས0.59%མར་ཆག་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་ཡོད། 

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2006ལོའི་ཟླ11པའི་ཚེས11ཉིན་ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་སི་ཁྲོན་ཞིང་ཆེན་གྱི་ལེ་པོ་རྫོང་ལ“ཀྲུང་གོའི་དབྱིས་རིགས་ཀྱི་དམངས་གཞས་ཕ་ཡུལ”ཞེས་པའི་མཚན་སྙན་དངོས་སུ་སྤྲད།

སྤྱི་ལོ2006ལོའི་ཟླ12པའི་ཚེས29ཉིན་ཀྲུང་གོ་བཟའ་བཅའ་བཟོ་ལས་མཐུན་ཚོགས་བཟའ་བཅའ་ཆེད་ལས་ཨུ་ཡོན་ལྷན་ཁང་གིས་སི་ཁྲོན་ཞིང་ཆེན་གྱི་ལེ་པོ་རྫོང་ལ“ཀྲུང་གོའི་སྤུས་ལེགས་ཚ་ལུ་མའི་རྫོང་དང་པོ”ཞེས་པའི་མིང་དངོས་སུ་བསྩལ།

སྤྱི་ལོ2013ལོར་ཀྲུང་གོ་བཟའ་བཅའ་བཟོ་ལས་མཐུན་ཚོགས་ཀྱིས་ལེ་པོ་རྫོང་ལ“རྒྱལ་ཡོངས་བཟའ་བཅའ་ལས་རིགས་ཀྱི་ཞིང་ལས་ཐོན་རྫས་སྤུས་རྟགས་དཔེ་སྟོན་རྫོང”གི་མཚན་སྙན་སྤྲད།

སྤྱི་ལོ2016ལོའི་ཟླ9པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལེ་པོ་རྫོང་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ཁུལ་དུ་གསར་འཕར་བྱ་རྒྱུའི་མཆན་འགོད་བཀའ་ལན་གནང་།

དཔྱད་གཞིའི་ཡིག་ཆ།