ཅིན་དབྱང་རྫོང་།(金阳县)སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-28 17:34ལ་འགྲུབ།

ཅིན་དབྱང་རྫོང་།(金阳县)

ཅིན་དབྱང་རྫོང་།(金阳县)
ཅིན་དབྱང་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་ཡོད་ཅིང་ཤར་ལྷོ་གཉིས་འབྲི་ཆུ་དང་ཡུན་ནན་ཞིང་ཆེན་གྱི་ཀྲའོ་ཐུང་གྲོང་ཁྱེར། ལུའུ་ཏན། ཆའོ་ཅ་བཅས་རྫོང་གསུམ་དང་ཁ་གཏད་དུ་གནས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金阳县
ས་ཁམས་གནས་ཡུལ།
སི་ཁྲོན་ལྷོ་རྒྱུད།
དབྱིན་ཡིག་གི་མིང་།
Jinyang
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1587ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་གྲངས།
མི205880ཡོད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་སི་ཁྲོན།
མཛེས་ལྗོངས་གྲགས་ཅན།
སའོ་མ་ཧྭ་ཧའེ་སོགས་ཡོད།
མངའ་ཁོངས།
གྲོང་རྡལ4དང་ཡུལ་ཚོ30ཡོད།
རླངས་འཁོར་ཚབ་ཨང་།
ཁྲོན(川)W
ས་ཁོངས་ཁ་པར་ཨང་རྟགས།
0834
ས་ཁུལ་ཐོན་སྐྱེད་བསྡོམས་འབོར།
སྒོར་ཁྲི289306ཟིན།
སྦྲག་སྲིད་ཨང་རྟགས།
616250
སྲིད་འཛིན་ཚབ་ཨང་།
513430
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1950ལོའི་ཟླ11པར་ཅན་ཏིན་ཁྲང་ཆུས་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ཀྲའོ་ཅུའུ་རྫོང་གི་ཁོངས་སུ་གཏོགས། 

སྤྱི་ལོ1951ལོའི་ཟླ10པར་ཀྲའོ་ཅོའུ་རྫོང་དུ་ཅན་ཏིན་ཁྲང་ཆུས་མི་དམངས་མཉམ་འབྲེལ་སྲིད་གཞུང་བཙུགས། 

སྤྱི་ལོ1952ལོའི་ཟླ9པའི་ཚེས1ཉིན་ཅན་ཏིན་ཁྲང་ཆུས་ཅིན་དབྱང་རྫོང་དུ་བགོས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2000ལོར་ཅིན་དབྱང་རྫོང་ཁོངས་སུ་གྲོང་རྡལ4དང་ཡུལ་ཚོ30ཡོད། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གྲངས་གཞིར་གཞིགས་ན་རྫོང་ཡོངས་ཀྱི་སྤྱིའི་མི་འབོར140028ཡོད། སྤྱི་ལོ2011ལོར་ཅིན་དབྱང་རྫོང་དུ་ཐེན་ཐང་གྲོང་རྡལ་དང་། ཕའེ་ལའེ་གྲོང་རྡལ། ལུའུ་ཝུའུ་གྲོང་རྡལ། ཀྲི་ཕིང་གྲོང་རྡལ་སོགས་གྲོང་རྡལ་བཞི། ཐའོ་ཕིང་ཡུལ་ཚོ་དང་། མ་དབྱི་ཅའོ་ཡུལ་ཚོ། ཧུང་ཧྥེང་ཡུལ་ཚོ། ཨེར་ཁོ་ཅུས་ཡུལ་ཚོ། ཅ་དབྱི་ཡུལ་ཚོ། མུའུ་ཧྥུ་ཡུལ་ཚོ། ཀྲའེ་ཙི་ཡུལ་ཚོ། ཙི་ཙུའུ་ཡུལ་ཚོ། ཞའོ་དབྱིན་ཡུལ་ཚོ། ཁྲུན་ཅང་ཡུལ་ཚོ། ཧུང་ལེན་ཡུལ་ཚོ། ཆིན་སུང་ཡུལ་ཚོ། ཙི་ཅ་ཡུལ་ཙོ། ཧྲན་ཅང་ཡུལ་ཚོ། ལུའོ་ཅུས་ཡུལ་ཚོ། ལུའོ་ཙི་ཡུལ་ཚོ། ཞང་ཀྲེན་ལིན་ཡུལ་ཚོ། ཀུའུ་ཏེ་ཡུལ་ཚོ། ཏ་ཏེ་ཡུལ་ཚོ། ཀའོ་ཙི་ཡུལ་ཚོ། ལའོ་ཙི་ཡུལ་ཚོ་དང་དེའི་འོག་ཏུ་གྲོང་མི་ཨུ་ཡོན་ལྷན་ཁང2དང་གྲོང་ཚོ་ཨུ་ཡོན་ལྷན་ཁང177བཙུགས་ཡོད། 

3 ས་ཁམས་གནས་ཡུལ།

ཅིན་དབྱང་རྫོང་ནི་ཤར་གྱི་གཞུང་ཐིག102°56′30″~103°30′20″བར་དང་བྱང་གི་འཕྲེད་ཐིག27°22′10″~27°57′40″བར་དུ་གནས། དེ་ནི་སི་ཁྲོན་ཞིང་ཆེན་ལྷོ་ནུབ་རྒྱུད་དུ་གནས་པ་དང་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་འབྲི་ཆུའི་བྱང་ངོས་ཀྱི་ལིང་ཧྲན་འབྲེལ་མཚམས་སུ་གནས་ཡོད། ནུབ་ངོས་པུའུ་ཐུའོ་རྫོང་དང་འབྲེལ་ཞིང་ཤར་དང་ལྷོ་ངོས་འབྲི་ཆུར་ཐུག་ཅིང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1587ཡོད། 

4 མི་གྲངས་དང་མི་རིགས།
4_1 མི་གྲངས། 

སྤྱི་ལོ2016ལོའི་ལོ་མཇུག་ཏུ་སྤྱིའི་མི་འབོར205880ཟིན་པ་དེ་ལོ་གོང་མའི་མི204108ལས0.9%འཕར་ཡོད། མི་འབོར་བསྡོམས་འབོར་ནང་གྲོང་གསེབ་ཀྱི་མི་འབོར188673ཡོད་ཅིང་སྐྱེས་པའི་མི་འབོར105979དང་། བུད་མེད་ཀྱི་མི་འབོར99901ཡོད། ཕོ་མོའི་ཕོ་མོའི་བསྡུར་ཚད106,100ཡིན་ཞིང་རྒྱ་རིགས36601དང་དབྱིས་རིགས168192གྲངས་ཉུང་མི་རིགས་གཞན་དག1097བཅས་ཡོད། མི་འབོར་བསྡོམས་འབོར་གྱི་བརྒྱ་ཆའི17.8དང་བརྒྱ་ཆའི81.7བརྒྱ་ཆའི0.5བཅས་སོ་སོར་ཟིན་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར2510ཡོད། མི་འབོར་སྐྱེ་ཚད14.59%ཟིན་པ་དེ་དུས་མཚུངས་ལས་སྟོང་ཆའི2.15ཉུང་དུ་ཕྱིན། ལོ་ཧྲིལ་པོར་རྐྱེན་ལམ་དུ་ཤོར་བའི་མི་འབོར་1017ཡོད་པ་དང་མི་འབོར་ཚེ་ལས་འདས་ཚད5.92%ཡིན་པ་དེ་དུས་མཚུངས་ལས་སྟོང་ཆའི1.05ཉུང་དུ་ཕྱིན། མི་འབོར་རང་བྱུང་འཕར་ཚད8.68%ཟིན་པ་དེ་དུས་མཚུངས་ལས་སྟོང་ཆའི1.17ཉུང་དུ་ཕྱིན་ཡོད། ལོ་ཧྲིལ་པོར་འཆར་ལྡན་བུ་བཙའི་ཚད85.14%ཟིན་ནས་སྔ་ལོ་ལས་བརྒྱ་ཆའི་གྲངས3.62འཕར་བ་དང་ལོ་ཧྲིལ་པོར་བཙའ་ལོ་རན་པའི་བུད་མེད་ཀྱི་ཕྱོགས་བསྡུས་བུ་བཙའ་ཚོད་འཛིན་བྱེད་ཚད82.51%ཟིན་པ་དེ་ལོ་གོང་མའི84.06%ལས་བརྒྱ་ཆའི་གྲངས1.55ཉུང་དུ་ཕྱིན།

4_2 མི་རིགས།

ཅིན་དབྱང་རྫོང་གི་མི་གྲངས་བསྡོམས་འབོར་ཁྲོད་རྒྱ་རིགས་ཁྲི3.63ཟིན་ནས་བརྒྱ་ཆའི19.54ལ་སླེབས་ཤིང་དབྱིས་རིགས་དང་མིའོ་རིགས། པའེ་རིགས། ཀྲོང་རིགས། ཧུའེ་རིགས་སོགས་གྲངས་ཉུང་མི་རིགས18ཡོད། ཁྱོན་མི་ཁྲི14.93ཡོད་པ་དེས80.46%བཟུང་ཞིང་དབྱིས་རིགས་ཀྱི་མི་གྲངས་ཁྲི14.83ཟིན་པ་དེས་སྤྱིའི་མི་འབོར་གྱི79.92%བཟུང་ཡོད།

5 དཔལ་འབྱོར།

སྤྱི་ལོ2016ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་ཁྲི289306ཟིན་པ་དེ་ལོ་གོང་མ་ལས1.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི68268ཟིན་ནས4.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི150296ཟིན་ནས1.7%མར་ཆག ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི70742ཟིན་ནས4.3%འཕར་ཡོད། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་སྣོན་ཡོང་བར་བྱས་རྗེས་བཞག་ཚད་སོ་སོར94.9%དང་93.8%98.9%བཅས་ཡིན། སོ་སོར་བརྒྱ་ཆའི་གཞི་གྲངས0.9དང0.91བཅས་སྐུལ་ཁྲིད་བྱས་ཡོད།ཐོན་ལས་དང་པོ།

སྤྱི་ལོ2016ལོར་ལོ་ཧྲིལ་པོར་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི131624ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི122781ཟིན་ནས་བརྒྱ་ཆའི7.2འཕར་ཡོད། དེའི་ནང་ཞིང་ལས་ཐོན་སྐྱེད་རིན་ཐང་སྒོར་ཁྲི72154སྔ་ལོའི་སྒོར་ཁྲི66258ལས8.9%འཕར་བ་དང་། ནགས་ལས་ཐོན་སྐྱེད་རིན་ཐང་སྒོར་ཁྲི6722ལོ་གོང་མའི་སྒོར་ཁྲི6105ལས10.1%འཕར། འབྲོག་ལས་ཐོན་སྐྱེད་རིན་ཐང་སྒོར་ཁྲི50476སྔ་ལོའི་སྒོར་ཁྲི48170ལས4.8%འཕར། ཉ་ལས་ཐོན་སྐྱེད་རིན་ཐང་སྒོར་ཁྲི31དེ་ལོ་གོང་མའི་དུས་མཚུངས་ཀྱི་སྒོར་ཁྲི30ལས3.3%འཕར་བ་བཅས་རེད། ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི2241ཟིན་པ་དེ་དུས་མཚུངས་ལས1.0%འཕར་ཡོད། 

5_1 ཐོན་ལས་གཉིས་པ།

སྤྱི་ལོ2016ལོར་ལོ་ཧྲིལ་པོར་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི23835ཟིན་པ་རེད། ལོ་གོང་མའི་སྒོར་ཁྲི52864ལས54.9%མར་ཆག་པ་དང་ཚད་ལྡན་བཟོ་ལས་ཀྱི་འཕར་ཐང་འཕར་ཚད་དུས་མཚུངས་ལས4.5%མར་ཆག བཟོ་ལས་ཀྱིས་རྫོང་ཡོངས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་ལེགས་སྐྱེས་འབུལ་ཚད119.5%ཟིན་ཡོད། GDPསྐུལ་འཐེན་བྱེད་ཚད་བརྒྱ་ཆའི་གྲངས1.2མར་ཆག་པ་དངGDPཡི་བསྡུར་ཚད་ཟིན་བརྒྱ་ཆའི་གྲངས41.8ཟིན་ཡོད། 

5_2 ཐོན་ལས་གསུམ་པ།

སྤྱི་ལོ2016ལོར་རྫོང་ཡོངས་སུ་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར1.46ཟིན་པ་དེ་ལོ་གོང་མའི་སྒོར་དུང་ཕྱུར0.98ལས49.0%འཕར་ཡོད། རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་བ་མི་ཐེངས་ཁྲི105.28ཟིན་པ་དེ་ལོ་གོང་མའི་མི་ཐེངས་ཁྲི85.32དང23.4%འཕར་ཡོད། 

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོ།

སྤྱི་ལོ2016ལོར་ལོ་མཇུག་ཏུ་རྫོང་ཡོངས་སུ་རིགས་ཁག་གི་སློབ་གྲྭ46ཡོད་པའི་ནང་སློབ་ཆུང38དང་སློབ་འབྲིང8ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ33646ཡོད་པའི་ནང་སློབ་ཆུང་གི་སློབ་མ27510དང་སློབ་འབྲིང་གི་སློབ་མ5050 ཆེད་བསྐོས་དགེ་རྒན1344ཡོད་པའི་ནང་སློབ་ཆུང་གི་དགེ་རྒན1024དང་སློབ་འབྲིང་གི་དགེ་རྒན320ཡོད། རྫོང་ཡོངས་སུ་བུ་བཅོལ་ཁང9དང་བྱིས་པའི་སློབ་མ12254 བྱིས་པའི་དགེ་རྒན99བཅས་ཡོད། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད98.5%ཡིན་པའི་ནང་བྱིས་པ་བུ་མོ་སློབ་གྲྭར་ཞུགས་ཚད97.88%ཟིན་ཡོད། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད85.55%དང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད60.68%ཟིན། 

6_2 འགན་སྲུང་།

སྤྱི་ལོ2016ལོར་རྫོང་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི“མ་མཐའི་འཚོ་རྟེན་འགན་སྲུང”གི་ཁྱབ་ཁོངས་སུ་ཚུད་པའི་མི་གྲངས2945ཡོད། ལོ་གོང་མའི་དུས་མཉམ་ལས་མི50འཕར་སྣོན་བྱུང་། གྲོང་གསེབ་ཀྱི“མ་མཐའི་འཚོ་བ་འགན་ལེན”ནང་བཅུག་པའི་མི་གྲངས28772ཟིན་པ་དེ་དུས་མཚུངས་ལས་མི6466ཉུང་དུ་ཕྱིན། གཞི་རྩའི་རྒན་གསོའི་འགན་བཅོལ་ལ་ཞུགས་པའི་ཁེ་ལས་ཀྱི་ལས་བཟོ་པའི་མི་གྲངས1861ཡོད། དུས་མཚུངས་ལས་མི40འཕར་ནས2.2%འཕར། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས2937ཡོད་པ་དེ་དུས་མཚུངས་ལས་མི300འཕར་ནས11.4%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་གྲངས11204ཡོད་ཅིང་དུས་མཚུངས་ལས་མི180འཕར།

དཔྱད་གཞིའི་ཡིག་ཆ།