ཀྲའོ་ཅོའུ་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-28 17:29ལ་འགྲུབ།

ཀྲའོ་ཅོའུ་རྫོང་།

ཀྲའོ་ཅོའུ་རྫོང་།
ཀྲའོ་ཅོའུ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་དུ་གཏོགས་ཤིང་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་ཆགས་ཡོད་ལ་ཤར་ནུབ་རིང་ཚད་ལ་སྤྱི་ལེ95.28དང་ལྷོ་བྱང་ཞེང་ལ་སྤྱི་ལེ66.15ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
昭觉县
མི་གྲངས།
ཁྲི32.03ཡོད།
དབྱིན་ཡིག་གི་མིང་།
Zhaojue County
ཡུལ་སྐད།
དབྱིས་རིགས་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ནམ་ཟླ།
དྲོད་ཁུལ་མཐོ་སྒང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་དབྱིས་རིགས་རང་སྐྱོང་ཁུལ།
མཛེས་ལྗོངས་གྲགས་ཅན།
པོ་ཧྲི་ཝ་ཧེ་བྲག་བརྐོས་རི་མོ་སོགས་ཡོད།
མངའ་ཁོངས།
ཡུལ་ཚོ་དང་གྲོང་རྡལ47ཡོད།
གནམ་གྲུ་ཐང་།
ཞི་ཁྲང་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0834
མེ་འཁོར་འབབ་ཚུགས།
ཞི་ཁྲང་འབབ་ཚུགས།
ས་ཁམས་གནས་ཡུལ།
སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད།
རླངས་འཁོར་ཚབ་ཨང་།
ཁྲོན(川)W
སྲིད་འཛིན་ཚབ་ཨང་།
513431
ས་ཁུལ་ཐོན་སྐྱེད་བསྡོམས་འབོར།
སྒོར་དུང་ཕྱུར27.48ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2702ཡོད།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1951ལོའི་ཟླ4པའི་ཚེས22ཉིན་ཀྲའོ་ཅོའུ་རྫོང་དབྱིས་རིགས་རང་སྐྱོང་ལྗོངས་བཙུགས་ཏེ་ཞི་ཁྲང་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་རུ་གཏོགས་པར་བྱས།

སྤྱི་ལོ1952ལོའི་ཟླ4བའི་ཚེས30ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཞི་ཁྲང་ས་ཁུལ་གྱི་ཁག་ཅིག་ལིང་ཧྲན་དབྱིས་རིགས་རང་སྐྱོང་ལྗོངས་སུ་བགོས།

སྤྱི་ལོ1952ལོའི་ཟླ10བའི་ཚེས7ཉིན་ལིང་ཧྲན་དབྱིས་རིགས་རང་སྐྱོང་ལྗོངས་བཙུགས་ནས་དངོས་སུ་ཁོངས་སུ་གཏོགས་པར་བྱས།

སྤྱི་ལོ1955ལོའི་ཟླ10ཚེས1ཉིན་ཞི་ཁྲང་ཕྱིར་འཐེན་བྱས་ཤིང་ཀྲའོ་ཅོའུ་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པར་བྱས།

2 མི་གྲངས་དང་མི་རིགས།

སྤྱི་ལོ2012ལོའི་ལོ་མཇུག་བར་ཀྲའོ་ཅོའུ་རྫོང་གི་སྤྱིའི་མི་འབོར་ཁྲི26.84ཡོད་པ་རེད། དེའི་ནང་དབྱིས་རིགས་ཀྱིས་སྤྱིའི་མི་འབོར་གྱི97.3%ཟིན་པ་དང་གཙོ་བོ་ནི་དབྱིས་རིགས་དང་། བོད་རིགས། ཆའང་རིགས། མིའོ་རིགས། ཧུའེ་རིགས། སོག་རིགས། ཐུའུ་ཅ་རིགས། སུའུ་སུའུ་རིགས། མན་ཇུ་རིགས། ཡའོ་རིགས། ཏུང་རིགས། འཇང་རིགས། པུའུ་དབྱི་རིགས། པའེ་རིགས། ཀྲོང་རིགས། ཏའེ་རིགས་སོགས་ཁྱབ་ཡོད། 

སྤྱི་ལོ2016ལོའི་ལོ་མཇུག་བར་རྫོང་ཡོངས་ཀྱི་ལོ་མཇུག་ཏུ་ཐེམ་ཐོའི་མི་འབོར་ཁྲི32.03ཟིན་ནས2.3%འཕར་ཡོད། དེའི་ནང་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི31.48ཟིན་ནས་2.30%ཆག་པ་དེས་སྤྱིའི་མི་འབོར་གྱི98.2%བཟུང་བ་དང་དབྱིས་རིགས་མི་འབོར་ཁྲི31.46ཟིན་ནས2.30%འཕར་བ་དེས་སྤྱིའི་མི་འབོར་གྱི98.18%བཟུང་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར7854ཡོད་པ་དང་རྐྱེན་ལམ་དུ་ཤོར་བའི་མི་འབོར610ཡོད། སྐྱེས་པའི་མི་འབོར4120ཡོད་པ་དང་བུད་མེད་མི་འབོར3734ཡོད། ལོ་འདིར་མི752གནས་སྤོས་བྱས་པ་དང་སྐྱེས་པའི་མི་འབོར163767དང་བུད་མེད་མི་འབོར156510ལ་སླེབས། ལོ60ཡན་གྱི་མི་འབོར29399ཡོད་པ་དེས་སྤྱིའི་མི་འབོར་གྱི9.1%བཟུང་ཡོད། 

3 ས་ཁམས་གནས་ཡུལ།

ཀྲའོ་ཅོའུ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ལིང་ཧྲན་ཁུལ་གྱི་དབུས་རྒྱུད་དུ་གནས་ཡོད་ཅིང་ལྷོ་ངོས་པུའུ་ཐུའོ་རྫོང་དང་འབྲེལ་ཞིང་ཤར་ངོས་མེ་ཀུའུ་རྫོང་དང་འབྲེལ། ནུབ་ངོས་ལེན་ཀྲོའུ་ཧྥུ་ཞི་ཁྲང་དང་འབྲེལ་ཞིང་རྫོང་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2698.2ཟིན་ཡོད། ཀྲའོ་ཅོའུ་རྫོང་ནི་སི་ཁྲོན་ལྷོ་ནུབ་རྒྱུད་དུ་གནས་པ་དང་བྱང་གི་འཕྲེད་ཐིག27°45′—28°21′དང་ཤར་གྱི་གཞུང་ཐིག102°22′—103°19′བར་དུ་གནས། 

4 དཔལ་འབྱོར།

སྤྱི་ལོ2016ལོར་རྫོང་ཡོངས་ཀྱིGDPསྒོར་དུང་ཕྱུར27.48ལེགས་གྲུབ་ཟིན་པ་དང་འཕར་ཚད7.9%ཟིན་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར10.21ལེགས་གྲུབ་བྱུང་ནས་འཕར་ཚད4.1%ཟིན་ཡོད། GDPལ་ལེགས་སྐྱེས་འབུལ་ཚད20.2%ཟིན་ནས་དཔལ་འབྱོར་བརྒྱ་ཆའི་གྲངས1.6འཕར་རྒྱུར་སྐུལ་ཁྲིད་ཐུབ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར7.78ཟིན་ནས་འཕར་ཚད10.0%ཟིན་ཡོད། GDPལ་ལེགས་སྐྱེས་འབུལ་ཚད35.8%ཟིན་ནས་དཔལ་འབྱོར་བརྒྱ་ཆའི་གྲངས2.8འཕར་རྒྱུར་སྐུལ་ཁྲིད་ཐུབ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར9.49ལེགས་གྲུབ་བྱུང་ནས་འཕར་ཚད10.5%ཟིན་ཡོད། GDPལ་ལེགས་སྐྱེས་འབུལ་ཚད44.0%ཟིན་ནས་དཔལ་འབྱོར་བརྒྱ་ཆའི་གྲངས3.5འཕར་རྒྱུར་སྐུལ་ཁྲིད་ཐུབ། ཐོན་ལས་གསུམ་གྱི་བསྡུར་ཚད་དེ་སྤྱི་ལོ2015ལོའི39.0:28.1:32.9ནས37.2:28.3:34.5བར་ལེགས་སྒྲིག་བྱས་ཏེ་མི་རེའི་ཆ་སྙོམས་ཀྱིGPDནི་སྒོར10667ཡིན། ལོ་ཧྲིལ་པོར་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི165416.4ཟིན་ནས4.32%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་མུའུ288765ཟིན་པ་དེས་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་བསྡོམས་འབོར་གྱི་བསྡུར་ཚད49.8%བཟུང་། ལོ་ཧྲིལ་པོར་འབྲུ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི10.6ཟིན་ནས2.91%འཕར། ལོ་ཧྲིལ་པོར་བཤས་གཏོང་ཕག་ཁྲི་24.31ཟིན་པ་དང་ལུག་ཁྲི26.73བཤས་གཏོང་བྱས། ལོ་ཧྲིལ་པོར་ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི2.24ཟིན་ནས0.28%འཕར་བ་དེའི་ནང་ཕག་ཤའི་ཐོན་ཚད་ཏུན་ཁྲི1.48ཟིན་པ་དང་ལུག་ཤ་ཐོན་ཚད་ཏུན་ཁྲི0.52ཟིན།

5 སྤྱི་ཚོགས་ལས་དོན།

སྤྱི་ལོ2008ལོར་ཀྲའོ་ཅོའུ་རྫོང་གིས“དམངས་འཚོའི་འདུ་འགོད་ཆེན་པོ་བརྒྱད”ལག་བསྟར་བྱས་ནས་ལོ་ཧྲིལ་པོར་ནོར་སྲིད་ཀྱིས་དམངས་འཚོའི་འདུ་འགོད་ལ་མ་དངུལ་སྒོར་དུང་ཕྱུར2.8བཏང་ཡོད། དེའི་ནང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལས་གྲྭར་མ་དངུལ་སྒོར་ཁྲི178.5བཏང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས225འཕར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.9%ཟིན། “ཉི་འོད་ལས་གྲྭ”དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ནུས་རྩལ་གསོ་སྦྱོང་ཤུགས་ཆེན་བྱས། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཁྲི2.47ལས་ཞུགས་གཞན་སྒྱུར་བྱ་རྒྱུར་ཁྲིད་སྟོན་བྱས་པས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར1.24བྱུང་ཡོད། དབུལ་སྐྱོར་དཀའ་སེལ་ལས་གྲྭར་མ་དངུལ་སྒོར་ཁྲི2397.3བཏང་། དབུལ་ཕོངས་མི་འབོར3800ཡི་ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་ཡོང་འབབ་དམའ་བའི་མི་འབོར10000ཡི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས། མི་སེར་གྱི་བདེ་སྡོད་ལས་གྲྭར་མ་དངུལ་སྒོར་ཁྲི2324བཏང་ཞིང་དུད་ཚང4511གི“ཁང་གསུམ”སྒྱུར་བཀོད་ལེགས་གྲུབ་ཟིན་པ་དང་གོང་ཁེ་གོ་ཆོད་སྡོད་ཁང་དང་ཁང་གླ་ཁེ་བའི་སྡོད་ཁང་འཛུགས་སྐྲུན་ལས་དོན་དངོས་སུ་སྤེལ་འགོ་ཚུགས།

6 སློབ་གསོ། 

སྤྱི་ལོ2012ལོར་ཀྲའོ་ཅོའུ་རྫོང་དུ་རིགས་ཁག་གི་སློབ་གྲྭ241ཡོད་པའི་ནང་དགེ་རྒན་ཟབ་སྦྱོང་སློབ་གྲྭ1དང་། ཁྱོན་ཡོངས་ཀྱི་སློབ་འབྲིང2 ལས་རིགས་མཐོ་རིམ་སློབ་འབྲིང1 གྲོང་གསེབ་ཀྱི་དམའ་རིམ་སློབ་འབྲིང7 བུ་བཅོལ་ཁང3དང་གྲོང་ཚོའི་ཆ་ཚང་སློབ་ཆུང་ཡན་གྱི་སློབ་ཆུང62སློབ་ཁྲིད་ས་ཚིགས165བཅས་ཡོད་པ་རེད། མཐོ་འབྲིང་དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ2512ཡོད། དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཡོད་པའི་སློབ་མ6854དང་སློབ་ཆུང་དུ་སློབ་གྲྭར་ཡོད་པའི་སློབ་མ34344ཡོད། སློབ་ན་མ་སོན་གོང་གི་སློབ་གསོའི་སློབ་མ8446ཡོད་ལ་དགེ་རྒན2204ཡོད་པའི་ནང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན2048དང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་དགེ་རྒན93སློབ་ཞུགས་གོང་གི་སློབ་གསོའི་དགེ་རྒན་དང་ལས་བཟོ63བཅས་ཡོད་པ་རེད། སློབ་ཆུང་དུས་རིམ་གྱི་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི99.21ཡིན། སློབ་མཚམས་འཇོག་ཚད0.06%ཟིན་པ་དང་སྲ་བརྟན་གཏོང་ཚད99.94%ཟིན། དམའ་འབྲིང་དུས་རིམ་གྱི་སློབ་གྲྭར་ཞུགས་ཚད95.03%སློབ་མཚམས་འཇོག་ཚད2.92%ཟིན་པ་དང་སྲ་བརྟན་གཏོང་ཚད97.08%ཟིན། དབང་པོ་སྐྱོན་ཅན་གྱི་བྱིས་པ་སློབ་གྲྭར་ཞུགས་ཚད65.58%ཟིན། ལོ15ལ་སོན་པའི་དམའ་རིམ་སློབ་གསོ་ལེགས་འགྲུབ་བྱུང་ཚད98.45%ཡིན་པ་དང་ལོ17ལ་སོན་པའི་དམའ་རིམ་འབྲིང་རིམ་སློབ་གསོ་ལེགས་འགྲུབ་བྱུང་ཚད85.64%ཡིན། རྫོང་ཡོངས་ཀྱི་གཞོན་ནུ་དང་དར་མ་ཡིག་རྨོངས་པ་བརྒྱ་ཆའི99.4ཟིན་ཡོད། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ51དང་ཞག་སྡོད་ལམ་ལུགས་ཀྱི་སློབ་མ17871ཡོད་པ་དང་དེའི་ནང་སློབ་ཆུང་གི་སློབ་མ8691དང་དམའ་འབྲིང་གི་སློབ་མ6790མཐོ་འབྲིང་གི་སློབ་མ2390བཅས་ཡོད། སྤྱི་ལོ2016ལོའི་ལོ་མཇུག་བར་རྫོང་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ75ཡོད། སློབ་གྲྭར་ཡོད་མུས་ཀྱི་སློབ་མ50409ཡོད་པ་དེ་ལོ་གོང་མ་ལས་མི3036འཕར་ཡོད། 

7 རིག་གནས་ལུས་རྩལ། 

སྤྱི་ལོ2016ལོའི་ལོ་མཇུག་ཏུ་སྤྱི་པའི་དཔེ་མཛོད་ཁང1ལ་དཔེ་ཆ་ཁྲི2.6དང་། ཟློས་གར་ཁང་དང་གློག་བརྙན་ཟློས་གར་ཁང1བཅས་ཡོད། 

8 སྨན་བཅོས་འཕྲོད་བསྟེན། 

སྤྱི་ལོ2008ལོར་ཀྲའོ་ཅོའུ་རྫོང་གི་སྨན་བཅོས་འཕྲོད་བསྟེན་ལས་གྲྭར་མ་དངུལ་སྒོར་ཁྲི1376.9བཏང་ནས་ཤང་གྲོང་འཕྲོད་བསྟེན་ཁང4འཛུགས་སྐྲུན་བྱས།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་འཕྲོད་བསྟེན་སྒྲིག་གཞི65ཡོད་ཅིང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་ཁྲི975ཡོད་པ་དང་འཕྲོད་བསྟེན་ལག་རྩལ་མི་སྣ488ཡོད། དེའི་ནང་ལས་གཉེར་སྨན་པ206ཡོད། 

9 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ2པར་ཀྲུང་གོའི་ཁྱད་ལྡན་སིལ་ཟས་རྫོང་དུ་བདམས། 

སྤྱི་ལོ2020ལོར་སླེབས་སྐབས་ཀྲུང་གོའི་བཟའ་བཅའི་བདེ་འཇགས་རྫོང་བརྒྱ་དང་གྲོང་ཁྱེར་བརྒྱ་རུ་བདམས།

དཔྱད་གཞིའི་ཡིག་ཆ།