པུའུ་ཐུའོ་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-28 17:31ལ་འགྲུབ།

པུའུ་ཐུའོ་རྫོང་།

པུའུ་ཐུའོ་རྫོང་།
པུའུ་ཐུའོ་རྫོང་ནི་སི་ཁྲོན་ཞིང་ཆེན་ལིང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་དུ་གཏོགས་ཤིང་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
布拖县
མི་གྲངས།
ཁྲི21.58ཡོད།
དབྱིན་ཡིག་གི་མིང་།
Butuo
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1685ཡོད།
མིང་གཞན།
པུའུ་ཐུའོ།
ཡུལ་སྐད།
དབྱིས་རིགས་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ། སི་ཁྲོན།
མངའ་ཁོངས།
གྲོང་རྡལ3དང་ཡུལ་ཚོ27ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0834
རླངས་འཁོར་ཚབ་ཨང་།
ཁྲོན(川)W
སྦྲག་སྲིད་ཨང་རྟགས།
615350
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
513429
1 ​སྲིད་འཛིན་ས་ཁུལ་གྱི་འབྱེ་མཚམས།

སྤྱི་ལོ2018ལོའི་བར་པུའུ་ཐུའོ་རྫོང་ཁོངས་སུ་གྲོང་རྡལ3དང་ཡུལ་ཚོ27ཡོད་པ་དང་རྫོང་སྲིད་གཞུང་ཐེ་མུའུ་ལི་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད། 

2 ས་ཁམས་གནས་ཡུལ།

པུའུ་ཐུའོ་རྫོང་ནི་སི་ཁྲོན་ཞིང་ཆེན་ལྷོ་ནུབ་ཀྱི་མཐའ་མཚམས་སུ་གནས་ཡོད་ཅིང་ལིང་ཧྲན་ཁུལ་གྱི་ཤར་ལྷོའི་རྒྱུད་དུ་ཆགས་ཤིང་ཤར་གྱིགཞུང་ཐིག102°43′ནས103°04′བར་དང་བྱང་གི་འཕྲེད་ཐིག27°16′ནས27°56′བར་དུ་གནས། བྱང་ངོས་ཀྲའོ་ཅུའེ་དང་ལྷོ་ངོས་ཉིང་ནན་དང་འབྲེལ། ནུབ་ངོས་ཕུའུ་ཀེ་དང་ཤར་ངོས་ཅིན་དབྱང་དང་ཉེ་ལ་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1685ཡོད། 

3 མི་གྲངས།

སྤྱི་ལོ2017ལོའི་ཟླ8པའི་བར་པུའུ་ཐུའོ་རྫོང་དུ་དབྱི་རིགས་དང་རྒྱ་རིགས། བོད་རིགས། མིའོ་རིགས། ཧུའེ་རིགས། པུའུ་དབྱི། སོག་རིགས་སོགས་མི་རིགས13ཡོད་ཅིང་། མི་གྲངས་བསྡོམས་འབོར་ཁྲི21.58ཡོད། དེའི་ནང་དབྱིས་རིགས་ཀྱིས97.2%བཟུང་བ་དང་ཞིང་ལས་མི་འབོར་གྱིས90.5%བཟུང་། པུའུ་ཐུའོ་རྫོང་ནི་དབྱིས་རིགས་གཙོ་བོར་བྱས་པའི་མི་རིགས་མང་བའི་རྫོང་ཞིག་ཡིན་པ་དང་དབྱིས་རིགས་ཀྱི་མི་འབོར་ལོ་ལྟར90%ཡས་མས་ཟིན་གྱིན་ཡོད། དབྱིས་རིགས་ཕུད་ད་དུང་རྒྱ་རིགས་དང་མིའོ་རིགས། ཧུའེ་རིགས། བོད་རིགས། ཐུང་རིགས། མན་ཇུ་རིགས། པའེ་ཅིན། ཀྲོང་རིགས་བཅས་མི་རིགས9ཡོད། དེའི་ནང་རྒྱ་རིགས་དང་མིའོ་རིགས་ཕུད་མི་རིགས་གཞན་དག་ཧ་ཅང་ཉུང་།

4 དཔལ་འབྱོར།

སྤྱི་ལོ2016ལོར་པུའུ་ཐུའོ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར24.57ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་རྒྱག་བྱས་ཚེ་དུས་མཚུངས་ལས6.6%འཕར་ཡོད། ཁུལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས0.6གིས་མཐོ་བ་ཡོད་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས12ཀྱིས་མཐོ་བ་ཡོད། དེའི་ནང་ཐོན་ལས་དང་པོར་འཕར་ཐང་སྒོར་ཁྲི73007ཟིན་ཡོད། དུས་མཚུངས་ལས4.1%འཕར་བ་དེ་ན་ནིང་གི་དུས་མཚུངས་དང་མཉམ་པ་དང་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད18.9%ཟིན། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི109218ཟིན་པ་དེ་དུས་མཚུངས་ལས8.9%འཕར་ཡོད། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས22མཐོ་བ་དང་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད59.8%ཟིན། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི63543ཟིན་པ་དེ་དུས་མཚུངས་ལས5.5%འཕར་ཡོད། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས2.4མཐོ་བ་དང་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད21.3%ཡིན། མི་རེའི་ཆ་སྙོམསGDPསྒོར13526ཟིན་པ་དེ་ལོ་གོང་མ་ལས0.36%འཕར་ཡོད་ཅིང་ཐོན་ལས་གསུམ་གྱི་བསྡུར་ཚད་ནི29.7:44.4:25.9བཅས་ཡིན། 

4_1 ཐོན་ལས་དང་པོ།

སྤྱི་ལོ2016ལོར་པུའུ་ཐུའོ་རྫོང་དུ་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར12.20ཟིན་པ་དེ་དུས་མཚུངས་ལས5.7%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར6.65ཟིན་ནས5.0%འཕར་བ་དང་། ནགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི5322ཟིན་ནས5.2%འཕར། འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4.62ཟིན་ནས7.1%འཕར་ཡོད། ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར7.41ཟིན་ནས4.1%འཕར་ཡོད། ནགས་བཟོ་སྔོ་འགྱུར་དང་ནགས་ལས་ཐོན་སྐྱེད་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅིང་ལོ་དེར་སྟར་ཁ་མུའུ་ཁྲི30.4དང་སུར་པན་དམར་པོ་མུའུ་ཁྲི12 ཧྭ་ཧྲན་ཐང་ཤིང་མུའུ་ཁྲི15བཅས་གསར་སྣོན་བྱས་ཏེ་ནགས་ཚལ་ཁེབས་ཚད39%ཟིན། 

4_2 ཐོན་ལས་གཉིས་པ།

སྤྱི་ལོ2016ལོར་པུའུ་ཐུའོ་རྫོང་དུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར12.29ཟིན་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་འཕར་ཚད་ལོ་གོང་མ་ལས9.37%འཕར་བ་སྟེ། བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི74183ཟིན་ནས6.3%འཕར་ཡོད། སྤྱི་ལོ2016ལོར་པུའུ་ཐུའོ་རྫོང་གི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར3.50ཟིན་པ་དེ་ལོ་གོང་མ་ལས14.9%འཕར། 

4_3 ཐོན་ལས་གསུམ་པ།

སྤྱི་ལོ2016ལོར་པུའུ་ཐུའོ་རྫོང་གི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར4.64ཟིན་པ་དེ་དུས་མཚུངས་ལས10.3%འཕར་ཡོད། བྲིན་ཚོང་ཚན་པ་གནས་ཡུལ་ལ་གཞིགས་ནས་དབྱེ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར3.11ཟིན་པ་དེ་དུས་མཚུངས་ལས7.6%འཕར་བ་དང་གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར11.53ཟིན་པ་དེ་དུས་མཚུངས་ལས16.2%འཕར། འཛད་སྤྱོད་རྣམ་པའི་ཐོག་ནས་དབྱེ་ན། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར1.04ཟིན་པ་དེ་དུས་མཚུངས་ལས11.8%འཕར་བ་དང་། ཞག་སྡོད་ཡོང་འབབ་སྒོར་ཁྲི606.1ཟིན་པ་དེ་དུས་མཚུངས་ལས18.2%འཕར། ཚོང་ཟོག་སིལ་ཚོང་སྒོར་དུང་ཕྱུར3.54བྱས་པ་དེ་དུས་མཚུངས་ལས9.7%འཕར། 

5 སྤྱི་ཚོགས་ལས་དོན།
5_1 རིག་གནས།

སྤྱི་ལོ2016ལོའི་ལོ་མཇུག་བར་པུའུ་ཐུའོ་རྫོང་ལ་སྤྱི་པའི་དཔེ་མཛོད་ཁང1ཡོད། སྤྱི་པའི་དཔེ་མཛོད་ཁང་དུ་དཔེ་དེབ་གསོག་ཚད་ཁྲི3.5ཟིན་པ་སྟེ། རྫོང་ཡོངས་སུ་ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས30དང་སྲིད་འཛིན་གྲོང་ཚོ190ཡི་ཞིང་པའི་དཔེ་དེབ་ཁང་བཙུགས་ཡོད། རླུང་འཕྲིན་དང་བརྙན་འཕྲིན་གྲོང་ཚོ་ཚང་མར་ཁྱབ་ཅིང་ལས་གྲྭ་བདེ་བླག་ངང་ལག་བསྟར་བྱས་ཡོད། སྤྱི་ལོ2016ལོར་རླུང་འཕྲིན་མི་འབོར་ཁྱབ་ཚད84.3%ཟིན་པ་དང་བརྙན་འཕྲིན་མི་འབོར་ཁྱབ་ཚད85.2%ཟིན། 

5_2 སློབ་གསོ།

སྤྱི་ལོ2016ལོའི་ལོ་མཇུག་བར་པུའུ་ཐུའོ་རྫོང་ལ་སློབ་གྲྭ་སྣ་ཚོགས33ཡོད། དེའི་ནང་སློབ་འབྲིང་དཀྱུས་མ5དང་སློབ་ཆུང28ཡོད། རྫོང་ཡོངས་ཀྱི་དགེ་རྒན་དང་ལས་བཟོ1295ཡོད་ལ་དེའི་ནང་སློབ་ཆུང་གི་ཆེད་བསྐོས་དགེ་རྒན1089དང་སློབ་འབྲིང་དཀྱུས་མའི་ཆེད་བསྐོས་དགེ་རྒན206ཡོད། སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭར་ཡོད་པའི་སློབ་མ35259ཡོད། དེའི་ནང་སློབ་འབྲིང་དཀྱུས་མའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ4192དང་སློབ་ཆུང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ31067ཡོད། 

5_3 འཕྲོད་བསྟེན།

སྤྱི་ལོ2016ལོའི་ལོ་མཇུག་བར་པུའུ་ཐུའོ་རྫོང་ལ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི36ཡོད་ཅིང་། འཕྲོད་བསྟེན་སྒྲིག་གཞིའི་ནད་ཁྲི668དང་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ535བཅས་ཡོད་པ་རེད། དེའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་རོགས་སྐྱོར་བྱེད་མཁན149ཡོད། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང115ཡོད་ཅིང་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་ཁྱབ་ཚད60.5%ཟིན་པ་དང་རྫོང་དང་ཡུལ་ཚོ། གྲོང་རྡལ་དུ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་ཆགས། 

5_4 འགན་སྲུང་།

སྤྱི་ལོ2016ལོར་པུའུ་ཐུའོ་རྫོང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི83426ཡོད་པའི་ནང་གྲོང་གསེབ་ཀྱི་མི78953དང་། ལས་ཁུངས་བྱ་གཞག་གི་མི3564ཁེ་ལས་ཀྱི་མི424ཁེར་རྐྱང485བཅས་ཡོད་པ་རེད། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལས་བཟོ10210ཡོད་པ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ནང་ཞུགས་མཁན159271ཡོད། 

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2016ལོའི་ཟླ9པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པུའུ་ཐུའོ་རྫོང་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ཁུལ་དུ་བདམས།

སྤྱི་ལོ2018ལོའི་ཟླ9ཚེས25ཉིན་ཚོང་དོན་པུའུ་ཡིས“སྤྱི་ལོ2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་གནང་།

དཔྱད་གཞིའི་ཡིག་ཆ།