ཝུའུ་ཅང་ཆུས།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-06-17 10:42ལ་འགྲུབ།

ཝུའུ་ཅང་ཆུས།

ཝུའུ་ཅང་ཆུས།
ཝུའུ་ཅང་ཆུས་ལ་ངག་རྒྱུན་དུ་ཧོ་ཞི་ཟེར། ཧྲའོ་ཀོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། ཀོང་ཏུང་ཞིང་ཆེན་གྱི་བྱང་ཕྱོགས་དང་། ཧྲའོ་ཀོན་གྲོང་ཁྱེར་ཁོངས་ཀྱི་ཝུའུ་ཅང་དང་པའེ་ཅང་གི་ནུབ་རྒྱུད་དུ་གནས་ཡོད། མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ677.85ཡོད། དེའི་ཁོངས་སུ་ཁྲོམ་གཞུང2དང་གྲོང་རྡལ5ཡོད། སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི31.85ཡོད། སྤྱི་ལོ2018ལོར་ཝུའུ་ཅང་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར238.43ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武江区
ཕྱི་ཡིག་གི་མིང་།
WujiangDistrict
མིང་གཞན།
ཞི་ཧོ།
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀོང་ཏུང་ཞིང་ཆེན་ཧྲའོ་ཀོན་གྲོང་ཁྱེར།
མངའ་ཁོངས།
ཞིན་ཧྭ་ཁྲོམ་གཞུང་། ཧུའེ་མིང་ཁྲོམ་གཞུང་། ཞི་ལེན་གྲོང་རྡལ། ཞི་ཧོ་གྲོང་རྡལ། ལུང་ཀུའེ་གྲོང་རྡལ། ཅང་ཝན་གྲོང་རྡལ། ཁྲུང་དབྱང་གྲོང་རྡལ་བཅས།
སྲིད་གཞུང་གནས་ཡུལ།
ཞིན་ཧྭ་ཁྲོམ་གཞུང་ཧུའེ་མིང་ལྷོ་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0751
སྦྲག་སྲིད་ཨང་རྟགས།
512026
གནས་ཡུལ།
ཀོང་ཏུང་བྱང་རྒྱུད་ཀྱི་དབུས་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ677.85
མི་གྲངས།
མི་ཁྲི31.85(སྤྱི་ལོ2018ལོའི་ལོ་མཇུག་གི་རྒྱུན་སྡོད་མི་གྲངས)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མེ་འཁོར་འབབ་ཚུགས།
ཧྲའོ་ཀོན་ས་ཚིགས།
རླངས་འཁོར་ཚབ་ཨང་།
ཡུའེ(粤)F
སྲིད་འཛིན་ཚབ་ཨང་།
440203
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར268.07(སྤྱི་ལོ2019ལོ)
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

རྒྱལ་ཁབ་བཙུགས་པའི་དུས་འགོར་ཝུའུ་ཅང་ཆུས་ནི་སྔར་བཞིན་ཆུས་ཅང་རྫོང་གི་མངའ་འོག་ཏུ་གཏོགས། སྤྱི་ལོ1951ལོའི་ཟླ6པར། ཧྲའོ་ཀོན་གྲོང་ཁྱེར་གྱི་སྒྲིག་གཞི་སླར་གསོ་བྱས་རྗེས། ཧྲའོ་ཀོན་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་ཤིང་། ཧྲའོ་ཀོན་གྲོང་ཁྱེར་གྱི་ཆའོ་ཆུས་དང་ཝུའུ་ཅང་ཆུས་བཙུགས། དེའི་ནང་། གྲོང་ཁྱེར་ཅའོ་ཆུས་ཀྱི་ཁོངས་སུ་ཧོན་ཧྲི་དང་། ཧྥུའུ་རུང་། པའེ་ཆའོ་སོགས་ཀུང་ཧྲེ(ཆུས)ཡིས་ས་ཁོངས་ནང་གི་གྲོང་གསེབ་ཀྱི་ཞིང་ལས་ལས་དོན་ལ་དོ་དམ་བྱས། ཝུའུ་ཅང་ཆུས་ཀྱིས་ཞི་ཧོ་དང་ཧྥུའུ་རུང་གི་གྲོང་ཁུལ་ལ་དོ་དམ་བྱས།

ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཝུའུ་ཅང་ཆུས་ནི་སྤྱི་ལོ1984ལོའི་ཟླ9པའི་ཚེས28ཉིན་དངོས་སུ་བཙུགས་པ་དང་། ཧྲའོ་ཀོན་གྲོང་ཁྱེར་གྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་གྱི་གྲས་ཤིག་ཡིན།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོར། ཝུའུ་ཅང་ཆུས་སྲིད་འཛིན་ས་ཁོངས་ཀྱི་དོ་དམ་ཁྱབ་ཁོངས་སུ་གྲོང་རྡལ5དང་ཁྲོམ་གཞུང2ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཝུའུ་ཅང་ཆུས་ནི་ལྷོ་རིའི་རི་རྒྱུད་ཀྱི་ལྷོ་འདབས་ཀྱི་གཤོང་སའི་ནང་དང་། ཧྲའོ་ཀོན་གྲོང་ཁྱེར་ཁུལ་གྱི་ཝུའུ་ཅང་དང་པའེ་ཅང་གི་ནུབ་རྒྱུད་དུ་ཆགས་ཡོད། མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ677.85ཡོད་པ་དང་། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག113°06′00″~113°34′00″དང་། བྱང་གི་འཕྲེད་ཐིག24°42′00″~24°48′00″བར་གནས་ཡོད།

3_2 ནམ་ཟླ།

ཝུའུ་ཅང་ཆུས་ནི་ཚ་ཁུལ་ཕལ་བའི་གནམ་གཤིས་གཙོ་བྱས་པའི་བརླན་གཤེར་རང་བཞིན་གྱི་དུས་རླུང་གནམ་གཤིས་ཡིན་པ་དང་། ཉི་འོད་ཕོག་ཚད་འདང་ངེས་ཡིན། ཆར་ཆུ་འབེལ་བ་དང་། དགུན་དུས་སྐམ་ཤས་ཆེ་བའི་བྱང་རླུང་ཡོད་པ་དང་། དབྱར་དུས་དྲོ་ཞིང་བརླན་གཤེར་ཆེ་བའི་ནམ་ཟླ་མང་། ལོ་རེའི་ཆ་སྙོམས་དྲོད་ཚད20.3℃ཡིན།

4 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཆུས་ཡོངས་སུ་རྒྱུན་སྡོད་མི་གྲངས་ཁྲི31.85ཡོད་པ་དང་ཐེམ་ཐོའི་མི་གྲངས280209ཡོད།

5 མི་རིགས།

སྤྱི་ལོ2018ལོར། ཝུའུ་ཅང་ཆུས་ཀྱི་གྲོང་མི་ནི་རྒྱ་རིགས་གཙོ་བོ་ཡིན་པ་དང་། གྲངས་ཉུང་མི་རིགས25ཡོད། མི་གྲངས100ལས་བརྒལ་བའི་གྲངས་ཉུང་མི་རིགས4ཡོད་ཅིང་། གཙོ་བོར་ཡའོ་རིགས་དང་། ཡུ་གུར་རིགས། ཧུའེ་རིགས་བཅས་ཡོད། དེའི་ནང་ཡའོ་རིགས་ཀྱི་མི་གྲངས་ཆེས་མང་བ་ཡིན།

6 དཔལ་འབྱོར།

སྤྱི་ལོ2018ལོར་ཆུས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར238.43ཡིན། ཆུས་རིམ་པའི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར6.27ལེགས་གྲུབ་བྱུང་། ཆུས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར33419ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར36507ཡིན་པ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18580ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་བསྡུར་ཚད1.96:1ཡིན། ཆུས་ནོར་སྲིད་ཀྱི་ཡོང་འབབ་ལོ་མང་བསྟུད་མར་བརྟན་ལ་མགྱོགས་ཙམ་འཕར་ཡོད། ཆུས་ནང་ཁུལ་གྱི་དངུལ་རྩའི་སྒྲིག་གཞི་ཆ་ཚང་བ་དང་། རྒྱལ་ཁབ་ཕྱི་ནང་གི་མ་དངུལ་འགྲོ་འོང་གི་ལས་སྒོ་མཐའ་དག་གཉེར་ཆོག།

7 སྤྱི་ཚོགས་ཀྱི་ལས་དོན།
7_1 སློབ་གསོའི་བྱ་གཞག

ཝུའུ་ཅང་ཆུས་ཀྱི་སྲིད་གཞུང་དྲ་བའི་སྤྱི་ལོ2019ལོའི་ཟླ2པའི་ཚེས16ཉིན་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། ཝུའུ་ཅང་ཆུས་སུ་སློབ་གྲྭ་ཆུང་འབྲིང29(དམའ་རིམ་སློབ་འབྲིང6དང་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ2 སློབ་ཆུང21)དང་སློབ་ཁྲིད་ས་ཚིགས11བཅས་ཡོད། སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི3.5དང་ལས་ཐོག་དགེ་རྒན་དང་ལས་བཟོ་བ1600ལྷག་ཡོད། བུ་བཅོལ་ཁང71ཡོད་པ་དང་བུ་བཅོལ་ཁང་དུ་བྱིས་པ་ཁྲི1.3ཡོད་པ་རེད།

7_2 སྨན་བཅོས་འཕྲོད་བསྟེན།

ཝུའུ་ཅང་ཆུས་སྲིད་གཞུང་དྲ་བའི་སྤྱི་ལོ2019ལོའི་ཟླ2པའི་ཚེས16ཉིན་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། ཝུའུ་ཅང་ཆུས་ཀྱི་གྲོང་གསེབ་ཀྱི་སྨན་བཅོས་འགན་སྲུང་མ་ལག་སྔར་བས་འཐུས་ཚང་དུ་བཏང་བ་དང་། སྨན་བཅོས་དང་ལུས་ཁམས་བདེ་སྲུང་གི་སྒྲིག་བཀོད་སྣ་ཚོགས་འཐུས་ཚང་དུ་བཏང་ཡོད། སྤྱི་ལོ2018ལོར་ལུང་ཀུའེ་གྲོང་རྡལ་འཕྲོད་བསྟེན་ཁང་དང་དེ་བཞིན་ཤིན་ཧྭ་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་སྤྱོད་འགོ་ཚུགས་པ་རེད། གྲོང་ཚོའི་འཕྲོད་བསྟེན་ས་ཚིགས15འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད། འཕྲོད་བསྟེན་སྤུས་ཚད་མཐོར་འདེགས་དང་བདེ་ཐང་སྐུལ་སྤེལ་དང་མི་དོན་གླ་ཕོགས་དོ་དམ་ལམ་ལུགས་སོགས་སྲིད་ཇུས་མང་པོ་དངོས་སུ་བཏོན། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།


དཔྱད་གཞིའི་ཡིག་ཆ།