ཐན་ཁྲེང་རྫོང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-06-29 09:18ལ་འགྲུབ།

ཐན་ཁྲེང་རྫོང་།

ཐན་ཁྲེང་རྫོང་།
ཐན་ཁྲེང་རྫོང་ནི་ཧྲན་ཏུང་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་ཆེས་ལྷོ་ཕྱོགས་དང་། ལུའུ་སུའུ་འབྲེལ་མཚམས་སུ་གནས་ཡོད། ལྷོ་ཕྱོགས་སུ་ཅང་སུའུ་ཞིང་ཆེན་གྱི་དབྱི་ཀྲོའུ་དང་། ཞིན་དབྱི། ཏུང་ཧའེ་བཅས་གྲོང་ཁྱེར་དང་རྫོང་གསུམ་དང་ཐག་ཉེ་བ། བྱང་རྒྱུད་ལིན་དབྱི་གྲོང་ཁྱེར་གྱི་ལིན་དབྱི་རྫོང་དང་། ཧོ་ཏུང་ཆུས། ལུའོ་ཀྲོང་ཆུས། ལན་ལིན་རྫོང་བཅས་དང་ས་མཚམས་འབྲེལ་ཡོད། ཧྲན་ཏུང་ཞིང་ཆེན་གྱི་ལྷོ་སྒོ་ཆེན་པོ་དང་ཆི་ལུའུ་ས་གཞི་ཆེན་མོས་ཅང་ཧོའེ་ས་ཁུལ་དང་འགྲོ་འོང་བྱེད་པའི་འགྲུལ་ལམ་གལ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郯城县
ཕྱི་ཡིག་གི་མིང་།
Tancheng County
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མངའ་ཁོངས།
ཁྲོམ་གཞུང1 ཡུལ་ཚོ་དང་གྲོང་རྡལ12
སྲིད་གཞུང་གནས་ཡུལ།
ཐན་ཁྲེང་རྫོང་གི་ཐན་ཁྲེང་ཁྲོམ་གཞུང་གི་རེན་མིན་ལམ་གྱི་ཨང29བ།
ས་ཁོངས་ཁ་པར་ཨང་རྟགས།
0539
སྦྲག་སྲིད་ཨང་རྟགས།
276100
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་གྱི་ཆེས་ལྷོ་སྣེ་དང་། ཅང་སུའུ་ཞིང་ཆེན་གྱི་ཁྱིམ་མཚེས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1189ཡོད།
མི་གྲངས།
ཁྲི97ཡོད།
ནམ་ཟླ།
དྲོ་རྒྱུད་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ལིན་དབྱི་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཐན་ཁྲེང་མེ་འཁོར་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ལུའུ(鲁) Q
སྲིད་འཛིན་ཚབ་ཨང་།
371322
1 ངོ་སྤྲོད།

ཐན་ཁྲེང་རྫོང་ནི་ཧྲན་ཏུང་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་ཆེས་ལྷོ་ཕྱོགས་དང་། ལུའུ་སུའུ་འབྲེལ་མཚམས་སུ་གནས་ཡོད། ལྷོ་ཕྱོགས་སུ་ཅང་སུའུ་ཞིང་ཆེན་གྱི་དབྱི་ཀྲོའུ་དང་། ཞིན་དབྱི། ཏུང་ཧའེ་བཅས་གྲོང་ཁྱེར་དང་རྫོང་གསུམ་དང་ཐག་ཉེ་བ། བྱང་རྒྱུད་ལིན་དབྱི་གྲོང་ཁྱེར་གྱི་ལིན་དབྱི་རྫོང་དང་། ཧོ་ཏུང་ཆུས། ལུའོ་ཀྲོང་ཆུས། ལན་ལིན་རྫོང་བཅས་དང་ས་མཚམས་འབྲེལ་ཡོད། ཧྲན་ཏུང་ཞིང་ཆེན་གྱི་ལྷོ་སྒོ་ཆེན་པོ་དང་ཆི་ལུའུ་ས་གཞི་ཆེན་མོས་ཅང་ཧོའེ་ས་ཁུལ་དང་འགྲོ་འོང་བྱེད་པའི་འགྲུལ་ལམ་གལ་ཆེན་ཞིག་ཡིན།

ཐན་རྫོང་ནི་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་ཆེ་བའི་རྫོང100ཡི་གྲས་སུ་ཚུད་ཡོད་པ་དང་། “ཧྲན་ཏུང་ལྷོ་རྒྱུད་ཀྱི་འབྲུ་མཛོད”ཅེས་འབོད་སྲོལ་ཡོད་ལ། རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཀྱི་སྔོན་ཐོན་རྫོང་དང་རྒྱལ་ཡོངས་ཀྱི་བདེ་ཐང་སྔོ་ལྗང་ཅན་གྱི་སྔོན་ཐོན་རྫོང་དུ་བདམས་པ་དང་། རྒྱལ་ཡོངས་རིག་གནས་སྔོན་ཐོན་རྫོང་དང་། ཀྲུང་གོའི་ཕུལ་བྱུང་སྣོད་བཅུད་ཡུལ་སྐོར་རྫོང་། ཀྲུང་གོའི་ལྗང་མདོག་གྲགས་ཅན་རྫོང་། རྒྱལ་ཡོངས་ཚན་རྩལ་ཡར་ཐོན་སྔོན་ཐོན་རྫོང་། རྒྱལ་ཡོངས་སྐྱེད་ཚལ་རྫོང་། ཀྲུང་གོའི་ཁམ་བུ་དཀར་པོའི་ཕ་ཡུལ། ཀྲུང་གོའི་རྒྱ་ལྕང་གི་ཕ་ཡུལ་སོགས་ཀྱི་མཚན་སྙན་ཐོབ་ཡོད།

སྤྱི་ལོ2014ལོའི་བར་དུ། ཐན་ཁྲེང་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1195ཡོད། ཁོངས་གཏོགས་སུ་ཡུལ་ཚོ་དང་གྲོང་རྡལ16ཡོད་པ་དང་། སྤྱིའི་མི་འབོར་ཁྲི100ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར257.2ཟིན་ཡོད།

2 ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོའི་ཟླ11པའི་ཚེས8ཉིན) ཐེན་ཁྲེང་རྫོང་གི་མངའ་ཁོངས་ཡོངས་རྫོགས་བཅིངས་འགྲོལ་བཏང་ནས་ལུའུ་ཀྲུང་ནན་སྲིད་འཛིན་ཀུང་ཧྲུའུ་དྲུག་པའི་ཁོངས་སུ་གཏོགས།

སྤྱི་ལོ1950ལོའི་ཟླ5བར་ལིན་དབྱི་ཀྲོན་ཆུས་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1956ལོའི་ཟླ1པོར་ཐན་ཁྲེང་རྫོང་མི་དམངས་སྲིད་གཞུང་ཐེན་ཁྲེང་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་ཞེས་པར་བསྒྱུར།

སྤྱི་ལོ1968ལོའི་ཟླ2པར། ཡང་བསྐྱར་ཐན་ཁྲེང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཞེས་པར་བསྒྱུར།

སྤྱི་ལོ1981ལོའི་ཟླ6པར། ཐེན་ཁྲེང་རྫོང་མི་དམངས་སྲིད་གཞུང་ཞེས་བཏགས།

སྤྱི་ལོ1994ལོའི་ཟླ12པ་ནས་ད་བར་དུ་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2011ལོའི་ཟླ8པར་ཐན་ཁྲེང་རྫོང་གི་མངའ་ཁོངས་སུ་གྲོང་རྡལ9དང་། ཡུལ་ཚོ3 གསར་སྤེལ་ཁུལ2བཅས་ཡོད།

4 ནམ་ཟླ།

རྫོང་ཁོངས་ནི་དྲོ་འཇམ་ཁུལ་གྱི་དུས་རླུང་ཁུལ་ཡིན་པ་དང་། དུས་བཞི་གསལ་བ་དང་། ཆར་ཆུ་དང་ཚ་བ་ཆེ་དུས་གཅིག་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ནི་སྤྱིར་བཏང་དུ13.1~13.7℃བར་ཡིན་པ་དང་། ལྷོ་རྒྱུད་ནི་བྱང་ཕྱོགས་ལས་མཐོ་བ་ཡོད།

5 མི་གྲངས།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཐན་ཁྲེང་རྫོང་གི་དུད་ཚང་བསྡོམས་འབོར་ཁྲི25.9ཟིན་པ་དང་མི་འབོར་བསྡོམས་འབོར་ཁྲི94.1ཟིན་ཡོད།

6 མི་རིགས།

སྤྱི་ལོ2011ལོར་ཐན་ཁྲེང་རྫོང་དུ་རྒྱ་རིགས་ཀྱིས99.54%བཟུང་བ་དང་། ཧུའེ་རིགས་ཀྱིས0.45%ཟིན་པ། མི་རིགས་གཞན་དག་ནི་མན་ཇུ་རིགས་དང་། ཀྲོང་རིགས། ཁྲའོ་ཞན་རིགས། སོག་རིགས་བཅས་ཡིན།

7 དཔལ་འབྱོར།

སྤྱི་ལོ2012ལོར་ཐན་ཁྲེང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར214.84ཟིན་པ་དེ་སྤྱི་ལོ2011ལོ་དང་བསྡུར་ན11.5%འཕར་ཡོད། དེའི་ནང་ཐོན་སྐྱེད་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར23.52ཟིན་ནས4.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར100.74ཟིན་ནས9.5%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར90.58ཟིན་ནས15.9%འཕར་བ། ཐོན་ལས་ཀྱི་བསྡུར་ཚད་ཐེངས་གསུམ་ནས10.9:46.9:42.2བར་ལེགས་སྒྲིག་བྱས་ཡོད།

8 སྤྱི་ཚོགས་ལས་དོན།
8_1 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2012ལོར་ཐན་ཁྲེང་རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་མི་གྲངས་ཁྲི75.60ཟིན་པ་དང་སྲིད་འཛིན་གྲོང་ཚོར་ཁྱབ་ཚད100%ཟིན་ཡོད། ཞུགས་ཚད100%ཟིན་པ་དང་། སྨན་ཁང་དུ་བསྡད་པའི་སྨན་རིན་རྩིས་ཞུའི་བསྡུར་ཚད70%ནས95%བར་ཟིན་པ། རྩིས་ཞུ་བྱེད་ཚད་དེ་སྤྱི་ལོ2011ལོའི་སྒོར་ཁྲི8ནས་སྒོར་ཁྲི12བར་མཐོ་རུ་ཕྱིན་ཡོད་པ་དང་། རྫོང་ཡོངས་ཀྱི་གཞུང་བཙུགས་སྨན་ཁང26ཡོད་པའི་ནང་རྫོང་ཐད་གཏོགས་སྨན་ཁང6དང་ཡུལ་ཚོ་དང་གྲོང་རྡལ་གྱི་སྨན་ཁང20ཡོད།

8_2 སློབ་གསོ།

སྤྱི་ལོ2012ལོར་རྫོང་ཡོངས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ(བུ་བཅོལ་ཁང་ཚུད་མེད)ཁྲི9.3ཡོད་པ་དང་། དགེ་རྒན་དང་ལས་བཟོ་པ(བྱིས་པའི་ཆོས་ལུགས་མི་འདུས)8828དང་ཟབ་སྦྱོང་སློབ་གྲྭའི་དགེ་རྒན་དང་ལས་བཟོ59ཡོད། འོན་ལྐུགས་སློབ་གྲྭའི་དགེ་རྒན་དང་ལས་བཟོ52ཡོད། རྫོང་ཡོངས་ཀྱི་ཤང་གྲོང་ཁག་གི་ལྟེ་བའི་བུ་བཅོལ་ཁང(སྒེར་བཙུགས་བུ་བཅོལ་ཁང་ཁག་ཅིག་ཚུད)དུ་བྱིས་པ29685ཡོད་པ། དགེ་རྒན་དང་ལས་བཟོ་པ་བྱིས་པ2286ཡོད།

9 གཟི་བརྗིད་མཚན་སྙན།

ཀྲུང་གོའི་རྒྱ་ལྕང་གི་ཕ་ཡུལ་དང་། ཀྲུང་གོའི་ཁམ་བུ་དཀར་པོའི་ཕ་ཡུལ། ཀྲུང་གོའི་རོལ་ཆའི་ཕ་ཡུལ། རྒྱལ་ཡོངས་སྔོ་འགྱུར་སྔོན་ཐོན་ཚན་པ། རྒྱལ་ཡོངས་ཀྱི་ནགས་བཟོ་སྔོ་འགྱུར་གྱི་རྫོང་བརྒྱ་རུ་ཚུད་པ།    རྒྱལ་ཡོངས་འབྲུ་རིགས་ཐོན་སྐྱེད་སྔོན་ཐོན་རྫོང་གི་དཔེ་དམག ཀྲུང་གོའི་ཕུལ་བྱུང་སྣོད་བཅུད་ཡུལ་སྐོར་རྫོང་། ཀྲུང་གོའི་ཕོ་ཆས་ལས་སྣོན་གྲགས་ཅན་གྲོང་ཁྱེར། ཧྲན་ཏུང་ཞིང་ཆེན་གྱི་སྐྱེད་ཚལ་གྲོང་ཁྱེར། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔེ་སྟོན་ཁུལ། རྒྱལ་ཁབ་སྐྱེད་ཚལ་རྫོང་མཁར་བཅས་སུ་བདམས་ཡོད།


དཔྱད་གཞིའི་ཡིག་ཆ།