ཙི་ཀྲུང་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-16 16:16ལ་འགྲུབ།

ཙི་ཀྲུང་རྫོང་།

ཙི་ཀྲུང་རྫོང་།
ཙི་ཀྲུང་རྫོང་ནི་སི་ཁྲོན་ཞིང་ཆེན་ནེ་ཅང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། གནའ་བོའི་མིང་ལ་ཙི་ཀྲོའུ་ཟེར་ཞིང་། སི་ཁྲོན་གཤོངས་སའི་དབུས་ཁུལ་དང་ཐུའོ་ཅང་གཙང་པོའི་བར་རྒྱུད་དུ་གནས། ཤར་གྱི་ཕྱོགས་སུ་ཙི་དབྱང་གྲོང་ཁྱེར་ཨན་ཡུའེ་རྫོང་དང་ནེ་ཅང་གྲོང་ཁྱེར་ཏུང་ཞིན་ཆུས་དང་འབྲེལ་། ལྷོ་ངོས་ཕྱོགས་སུ་ནེ་ཅང་གྲོང་ཁྱེར་གྱི་ཧྲི་ཀྲུང་ཆུས་དང་ཝེ་ཡོན་རྫོང་གཉིས་ལ་འབྲེལ། ནུབ་ངོས་ཕྱོགས་སུ་མེ་ཧྲན་གྲོང་ཁྱེར་གྱི་རེན་ཧྲོའུ་རྫོང་དང་ཝེ་ཡོན་རྫོང་གཉིས་ལ་འབྲེལ། བྱང་ངོས་ཕྱོགས་སུ་ཙི་དབྱང་གྲོང་ཁྱེར་ཡན་ཅང་ཆུས་ལ་འབྲེལ། ཁྲིན་ཏུའུ་དང་བར་ཐག་སྤྱི་ལེ143ཡོད་པ་དང་། ཁྲུང་ཆིང་དང་བར་ཐག་སྤྱི་ལེ197ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཙི་ཀྲུང་རྫོང་།
རྒྱ་ཡིག་གི་མིང་།
资中县
ཕྱི་ཡིག་གི་མིང་།
Zizhong County
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ནེ་ཅང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ22
སྲིད་གཞུང་སྡོད་གནས།
ཧྲུའེ་ནན་གྲོང་རྡལ་ཀུའེ་ཧྭ་ལམ་ཨང་རྟགས38པ།
ས་ཁོངས་ཁ་པར་ཨང་རྟགས།
0832
སྦྲག་སྲིད་ཚབ་ཨང་།
641200
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1733.96
མི་གྲངས།
ཁྲི124.61(སྤྱི་ལོ2018ལོའི་ལོ་མཇུག)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་བརླན་བཤེར་ཅན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཁྲོན།K 川K
སྲིད་འཛིན་ཚབ་ཨང་།
511025
མེ་འཁོར་འབབ་ཚིགས།
ཙི་ཀྲུང་མེ་འཁོར་འབབ་ཚིགས། ཙི་ཀྲུང་བྱང་ཚིགས། དབྱིན་ཧྲན་མེ་འཁོར་འབབ་ཚིགས།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ12པའི་ཚེས་8ཉིན་ཙི་ཀྲུང་བཅིངས་འགྲོལ་བཏང་ཞིང་། སྔར་བཞིན་ཙི་ཀྲུང་རྫོང་དུ་གཏོགས།

སྤྱི་ལོ1950ལོའི་ཟླ2པར། ཙི་ཀྲུང་ཀྲོན་ཆུས་ཀྱི་མིང་ནི་ནེ་ཅང་ཀྲོན་ཆུས་སུ་བསྒྱུར། ཙི་ཀྲུང་རྫོང་སྔ་རྗེས་སུ་ནེ་ཅང་ཀྲོན་ཆུས་དང་། ནེ་ཅང་ས་ཁུལ། ནེ་ཅང་གྲོང་ཁྱེར་བཅས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1991ལོར་ཙི་ཀྲུང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར་དུ་ཆོག་མཆན་གནང་།

སྤྱི་ལོ2003ལོའི་ཟླ9པར། ཀྲུང་གུང་ཙི་ཀྲུང་རྫོང་ཏང་ཨུ་དང་ཙི་ཀྲུང་རྫོང་མི་དམངས་སྲིད་གཞུང་ནི་ཀྲུང་ལུང་གྲོང་རྡལ་ཧྲུའེ་ནན་སྲང་གི་སྒོ་རྟགས145པ་ནས་ཧྲུའེ་ནན་གྲོང་རྡལ་ཀུའེ་ཧྭ་ཁྲོམ་གཞུང་གི་སྒོ་རྟགས38པ་རུ་སྤོས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོའི་ཟླ12པའི་ཚེས31ཉིན་བར་ཙི་ཀྲུང་རྫོང་ཁོངས་གཏོགས་སུ་གྲོང་རྡལ22ཡོད་པ་སྟེ། ཁྲུང་ལུང་གྲོང་རྡལ་དང་། ཀུའེ་ཏེ་གྲོང་རྡལ། ཡུས་ཤིས་གྲོང་རྡལ། ཐེ་ཕུའུ་གྲོང་རྡལ། ཆིའུ་ཤིས་གྲོང་རྡལ། ལུང་ཅེ་གྲོང་རྡལ། ལུའོ་ཆོན་གྲོང་རྡལ། ཧྥ་ལོན་གྲོང་རྡལ། དབྱིན་ཧྲན་གྲོང་རྡལ། ཐའེ་ཕིང་གྲོང་རྡལ། ཧྲུའེ་ནན་གྲོང་རྡལ། ཤིན་ཆའོ་གྲོང་རྡལ། མིང་ཤིན་དགོན་གྲོང་རྡལ། ཧྲོང་ཧོ་གྲོང་རྡལ། སྤྱི་དམངས་གྲོང་རྡལ། ལུང་ཅང་གྲོང་རྡལ། ཧྲོང་ལོའུ་གྲོང་རྡལ། ཁྲེན་ཅ་གྲོང་རྡལ། མོང་ཐང་གྲོང་རྡལ། མ་ཨན་གྲོང་རྡལ། ཧྲི་ཙི་གྲོང་རྡལ་བཅས་རེད། ཙི་ཀྲུང་རྫོང་མི་དམངས་སྲིད་གཞུང་ཧྲུའེ་ནན་གྲོང་རྡལ་ཀུའེ་ཧྭ་ཁྲོམ་གཞུང་གི་སྒོ་རྟགས38པར་བཅའ་སྡོད་བྱས་ཡོད།

3 མི་གྲངས་གནས་ཚུལ།
3_1 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཐེམ་ཐོའི་མི་གྲངས་ཁྲི124.61ལ་སླེབས་པའི་ནང་ཞིང་ལས་མིན་པའི་མི་གྲངས་ཁྲི18.25དང་གྲོང་གསེབ་ཀྱི་མི་གྲངས་ཁྲི106.36ཡོད་པ་རེད།

3_2 མི་རིགས།

མི་རིགས་གཙོ་བོ་ནི་རྒྱ་རིགས་ཡིན་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་གྲངས་བསྡོམས་འབོར་གྱི2%ལའང་སླེབས་མེད། སྤྱི་ལོ2015ལོར་གྲངས་ཉུང་མི་རིགས35དང་མི་གྲངས2100ཡོད་པ་དེས་རྫོང་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི0.16%ལ་སླེབས་པ་དང་། གྲོང་རྡལ33དུ་ཁྱབ་ཡོད་ཅིང་། མི་གྲངས་ཅུང་མང་བའི་གྲས་སུ་དབྱིས་རིགས་དང་། མིའོ་རིགས། ཐུའུ་ཅ་རིགས། ཀྲོང་རིགས། བོད་རིགས་སོགས་མི་རིགས་ཡོད་ཅིང་། བུད་མེད་གཙོ་བོ་ཡིན་པ་དང་མང་ཆེ་བ་གཉེན་སྒྲིག་གི་རྐྱེན་གྱིས་གནས་སྤོ་བྱས་ཡོད།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2013ལོར་ཙི་ཀྲུང་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར216.5725ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས9.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར57.9875ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས3.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར107.9301ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས10.2%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར50.6549ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས10.2%འཕར། ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར6.4113ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས་20.1%འཕར། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་ཁྲི960བཏང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི16028ལ་སླེབས་པ་དེ་སྤྱི་ལོ2012ལོ་ལས20.6%འཕར་ནས་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར4289ལ་སླེབས་ཡོད།

སྤྱི་ལོ2018ལོར་རྫོང་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར269.99ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས4.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར67.19ལ་སླེབས་ནས3.7%འཕར་ཏེ་དཔལ་འབྱོར0.9%འཕར་རྒྱུར་སྐུལ་ཁྲིད་བྱས་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར98.88ལ་སླེབས་ནས4.8%འཕར་བ་དང་དཔལ་འབྱོར1.8%འཕར་རྒྱུར་སྐུལ་ཁྲིད་ཐུབ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར103.92ལ་སླེབས་ནས5.0%འཕར་ནས་དཔལ་འབྱོར་འཕར་ཚད1.8 %འཕར་ཡོད། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐྱེས་འབུལ་ཚད་སོ་སོར20.2%དང་། 40.0% 39.8%བཅས་ཡིན། ཐོན་ལས་དང་པོ་ལོ་གོང་མ་ལས0.1%འཕར་བ་དང་། ཐོན་ལས་གཉིས་པ1.6%མར་ཆག ཐོན་ལས་གསུམ་པ1.5%འཕར་བ་བཅས་རེད།

སྤྱི་ལོ2018ལོར་ཙི་ཀྲུང་རྫོང་གི་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར171.62ལ་སླེབས་པ་དེ་ལོ་གོང་མ་ལས4.6%འཕར་བའི་ནང་ཐོན་ལས་དང་པོར་སྒོར་དུང་ཕྱུར23.49ལ་སླེབས་ནས3.7%འཕར་བ་དང་། ཐོན་ལས་གཉིས་པར་སྒོར་དུང་ཕྱུར76.25ལ་སླེབས་ནས4.8%འཕར། ཐོན་ལས་གསུམ་པའི་སྒོར་དུང་ཕྱུར71.88ལ་སླེབས་ནས4.6%འཕར་ཡོད།

སྤྱི་ལོ2018ལོར་ཙི་ཀྲུང་རྫོང་གི་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར9.11ལ་སླེབས་པ་དེ་ལོ་གོང་མ་ལས1.5%འཕར་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར5.41ལ་སླེབས་ནས25.3%འཕར་བ་དེས་ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་ཀྱི59.4%བཟུང་ཡོད། ས་གནས་ཀྱི་སྤྱི་པའི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར48.84ཡིན་པས8.6%འཕར་ཡོད།

5 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ11པར་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི“བདེ་སྐྱིད་རྫོང་བརྒྱའི”མིང་ཐོའི་ནང་ཚུད་པ་རེད།

སྤྱི་ལོ2018ལོའི་ཟླ12པའི་ཚེས13ཉིན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་གྱི་མིང་ཐོའི་ནང་ཚུད་ཡོད།

སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་རྫོང་རིམ་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས་པ་རེད།

སྤྱི་ལོ2020ལོའི་ཟླ3པའི་ཚེས31ཉིན་སྤྱི་ལོ2019ལོའི་ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གྱི་ཞིང་པའི་འབབ་འཕར་ལས་དོན་གྱི་སྔོན་ཐོན་རྫོང(གྲོང་ཁྱེར་དང་ཆུས)དུ་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།