གཟིམ་ཁང་ངག་དབང་དཔལ་ལྡན་བསྟན་པའི་རྒྱལ་མཚན་མཆོག་ནི་སྤྱི་ལོ1942ལོའི་ཟླ10པའི་ཚེས1ཉིན་མཚོ་སྔོན་ཞིང་ཆེན་དགོན་ལུང་ས་ཆར་སྐུ་འཁྲུངས། སྐུ་འབུམ་དགོན་པའི་གཟིམ་ཁང་སྐུ་ཕྲེང་བཅུ་གསུམ་པ་ཡིན། ཁོང་གིས་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པ་དང་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་བཅས་ཀྱི་འགན་བཞེས་མྱོང་། དགུང་གྲངས78པ་སྤྱི་ལོ2020ལོའི་ཟླ6པའི་ཚེས9ཉིན་གྱི་ཕྱི་དྲོའི་ཆུ་ཚོད5དང་སྐར་མ20སྟེང་སྐུ་གཤེགས།
སྤྱི་ལོ1944ལོའི་ཟླ1པོར་མཚོ་སྔོན་ཞིང་ཆེན་སྐུ་འབུམ་དགོན་པའི་གཟིམ་ཁང་སྐུ་ཕྲེང་བཅུ་གསུམ་པར་ངོས་འཛིན་མཛད།
མཚོ་སྔོན་ཞིང་ཆེན་སྐུ་འབུམ་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སྐུ་འབུམ་རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པ། སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཟི་ལིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཟི་ལིང་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་བཞེས་མྱོང་།
སྤྱི་ལོ2008ལོའི་ཟླ1པོར་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཟི་ལིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། ཟི་ལིང་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་བཞེས།
སྤྱི་ལོ2013ལོའི་ཟླ་དང་པོར་སྲིད་གྲོས་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།
སྤྱི་ལོ2018ལོའི་ཟླ1པོའི་ཚེས་29ཉིན་སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།
དགུང་གྲངས78པ་སྤྱི་ལོ2020ལོའི་ཟླ6པའི་ཚེས9ཉིན་གྱི་ཕྱི་དྲོའི་ཆུ་ཚོད5དང་སྐར་མ20སྟེང་སྐུ་གཤེགས།