ཚང་རྫོང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-05 08:29ལ་འགྲུབ།

ཚང་རྫོང་།

ཚང་རྫོང་།
​ཚང་རྫོང་ནི་ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཧོ་པེ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་ཅི་ཀྲུང་བདེ་ཐང་གི་ཤར་རྒྱུད་དུ་གནས་ཡོད། རྫོང་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི15.33ཡོད། ཚང་རྫོང་ནི་དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། རྫོང་ཁོངས་སུ་གྲོང་རྡལ4དང་ཤང15ཡོད། རྫོང་སྲིད་གཞུང་ནི་ཚང་ཀྲོའུ་གྲོང་ཁྱེར་ཞིན་ཧྭ་ཁུལ་དུ་བཅའ་སྡོད་བྱས་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་ཚང་རྫོང་གི་མི་གྲངས740889ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沧县
ཕྱི་ཡིག་གི་མིང་།
Cang County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧོ་པེ་ཞིང་ཆེན་གྱི་ཚང་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ་4དང་ཤང15ཡོད།
གནས་ཡུལ།
ཧོ་པེ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཅི་ཀྲུང་བདེ་ཐང་ཤར་རྒྱུད།
སྲིད་གཞུང་གནས་ཡུལ།
ཚང་ཀྲོའུ་གྲོང་ཁྱེར་ཞིན་ཧྭ་ཁུལ།
རྒྱ་ཁྱོན།
སྤྱི་ཆིང་ཁྲི15.33ཡོད།
མི་གྲངས།
མི740889ཡོད།
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ལྕགས་སེང་གེ་དང་། ཏུའུ་ལིན་ཏེང་ཡེ་ཟམ་པ། ཅི་ཞའོ་ལན་གྱི་བང་སོ།
ས་ཁོངས་ཁ་པར་ཨང་རྟགས།
0317
སྦྲག་སྲིད་ཨང་རྟགས།
061000
སྲིད་འཛིན་ཚབ་ཨང་།
130921
རླངས་འཁོར་ཚབ་ཨང་།
ཅི(冀)J
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར207.36(སྤྱི་ལོ2018ལོ)ཡོད།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1958ལོར་ཚང་རྫོང་ཐེན་ཅིན་ཆེད་གཏོགས་ཁུལ་ཁོངས་སུ་གཏོགས། ལོ་དེའི་ཟླ11པར་ཚང་རྫོང་དང་གྲོང་རྡལ་ཟླ་སྒྲིལ་བཏང་ནས་ཚང་ཀྲོའུ་གྲོང་ཁྱེར་ཞེས་འབོད། ཟླ12པར་ཐེན་ཅིན་ཀྲོན་ཆུས་ཐེན་ཅིན་གྲོང་ཁྱེར་དུ་ཟླ་སྒྲིལ་བཏང་བ་དང་ཚང་ཀྲོའུ་གྲོང་ཁྱེར་ཐེན་ཅིན་གྲོང་ཁྱེར་ཁོངས་སུ་གཏོགས།

སྤྱི་ལོ1959ལོའི་ཟླ1པོར་ཚང་ཀྲོའུ་གྲོང་ཁྱེར་མེད་པར་བཟོས་ནས་ཚང་རྫོང་ཞེས་པར་བསྒྱུར།

སྤྱི་ལོ1961ལོའི་ཟླ6པར་ཚང་རྫོང་ནི་ཚང་ཀྲོའུ་ས་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། ལོ་དེའི་ཟླ7པར་ཚང་རྫོང་ཁྲེང་ཀོན་མི་དམངས་ཀུང་ཧྲེར་དབྱེ་ནས་ཚང་ཀྲོའུ་གྲོང་ཁྱེར་བཙུགས་པ་རེད། 

སྤྱི་ལོ1968ལོར་ཚང་ཀྲོའུ་ཆེད་ཁུལ་དེ་ཚང་ཀྲོའུ་ས་ཁུལ་དུ་བསྒྱུར་ནས་སྔར་བཞིན་ཚང་རྫོང་ཁོངས་སུ་གཏོགས།

སྤྱི་ལོ1983ལོའི་ཟླ11པར་ཚང་རྫོང་ནི་ཚང་ཀྲོའུ་གྲོང་ཁྱེར་ཁོངས་སུ་གཏོགས།

2 སྲིད་འཛིན་ས་ཁོངས།

སྤྱི་ལོ2019ལོའི་ཟླ10པའི་བར་ཚང་རྫོང་ཁོངས་སུ་གྲོང་རྡལ4དང་ཤང15ཡོད། རྫོང་སྲིད་གཞུང་ནི་ཚང་ཀྲོའུ་གྲོང་ཁྱེར་ཞིན་ཧྭ་ཁུལ་དུ་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཚང་རྫོང་ནི་ཧོ་པེ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཅི་ཀྲུང་བདེ་ཐང་གི་ཤར་རྒྱུད་དུ་གནས་ཡོད། ས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག38°5′ནས38°33′བར་དང་། ཤར་གྱི་གཞུང་ཐིག116°27′ནས117°09′བར་དུ་གནས་ཡོད།

3_2 ས་དབྱིབས།

ཚང་རྫོང་གི་ས་བབ་དམའ་ཞིང་སྙོམས་པའི་ཁོངས་སུ་གཏོགས། དེའི་ཁྱད་ཆོས་ནི་ཁོད་སྙོམས་པོ་དང་རྒྱ་ཆེ་བ། ཀའོ་ཁྲོན་རྒྱུད་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི11ཡོད། 

3_3 ནམ་ཟླ།

རྫོང་དེ་ནི་དྲོད་ཁུལ་གྱི་བརླན་གཤེར་ཆེ་བའི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་གནམ་གཤིས་སུ་གཏོགས། དུས་བཞི་གསལ་བ་དང་། དྲོད་ཚད་རན་པོ་ཡིན་པ། ཉི་འོད་ཕོག་ཚད་འདང་བ་དང་། ཆར་ཆུ་གཅིག་སྡུད་ཡིན།

3_4 ཆུ་དཔྱད།

རྫོང་དེའི་རྫོང་ཁོངས་ཀྱི་ཆུ་རྒྱུན་རྒྱ་མཚོའི་ཆུ་བོའི་ཁོངས་སུ་གཏོགས། གྲོང་ཁྱེར་རིམ་པ་ཡན་གྱི་ཆུ་ལམ་སྟེ། ལྷོ་མིས་བཟོས་གཙང་པོ་དང་། ཅེ་ཏི་ཅན་གཙང་པོ། ཧེ་ལུང་གྲུ་ཁ་གཙང་པོ། ནན་ཕའེ་གཙང་པོ། ལའོ་ཡན་གཙང་པོ། ཚང་ལང་ཆུ་ཡུར། ཏ་ལང་ཏེན་གྱི་ཆུ་འབུད་ཡུར་བུ་བཅས་ཡིན།

4 མི་གྲངས་དང་མི་རིགས།
4_1 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཚང་རྫོང་གི་སྤྱིའི་མི་གྲངས740889ཡོད་པ་རེད། ལོ་འདིའི་ནང་མི8539ཡོད་པའི་ནང་སྲིད་ཇུས་ནང་གསར་སྐྱེས་མི་གྲངས5820ཡོད་པ་དང་། སྲིད་ཇུས་དང་མཐུན་ཚད90.25%ཡོད།

4_2 མི་རིགས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཚང་རྫོང་དུ་གྲངས་ཉུང་མི་རིགས28དང་མི་ཁྲི2.92ཡོད།

5 དཔལ་འབྱོར།
5_1 ཕྱོགས་བསྡུས།

སྤྱི་ལོ2018ལོར་ཚང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར207.4ཟིན་ནས8%འཕར་ཡོད། དེའི་ནང་ཐོན་ལས་དང་པོར་སྒོར་དུང་ཕྱུར22.4བཏང་ནས11.3%འཕར་བ་དང་། ཐོན་ལས་གཉིས་པའི་སྒོར་དུང་ཕྱུར78.9ཟིན་ནས6%འཕར་བ་དང་། ཐོན་ལས་གསུམ་པ་སྒོར་དུང་ཕྱུར106.1ཟིན་ནས9.2%འཕར་ཡོད།

སྤྱི་ལོ2018ལོར་ཚང་རྫོང་གི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར124.7ཟིན་ནས8.7%འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་31154ཟིན་ནས8.9%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15111ཟིན་ནས9.8%འཕར་ཡོད།

6 མཚན་སྙན།

སྤྱི་ལོ2011ལོའི་ཟླ11པར་ཚང་རྫོང་ལ་རིག་གནས་པུས“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་མིང་བསྩལ།

སྤྱི་ལོ2020ལོའི་ཟླ4པར་ཚང་རྫོང་ཧོ་པེ་ཞིང་ཆེན་གྱི་སྤྱི་ལོ2019ལོའི་ལོ་འཁོར་གྱི་ལུས་རྩལ་ལས་དོན་གྱི་ཕུལ་བྱུང་རྫོང(གྲོང་ཁྱེར་དང་ཆུས)དུ་བདམས།


དཔྱད་གཞིའི་ཡིག་ཆ།