ཡུན་ཧོ་ཆུས།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-05 09:03ལ་འགྲུབ།

ཡུན་ཧོ་ཆུས།

ཡུན་ཧོ་ཆུས།
​ཡུན་ཧོ་ཆུས་ནི་ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་ཆུས་ཤིག་ཡིན། ཚང་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་གནས་ཡུལ་ཀྱང་ཡིན། དེ་ནི་ཚང་ཀྲོའུ་གྲོང་ཁུལ་གྱི་ནུབ་རྒྱུད་དུ་གནས་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ117.7ཡོད། མི་གྲངས་ཁྲི30.9(སྤྱི་ལོ2013ལོ)ཡོད། མངའ་ཁོངས་སུ་ཤང1དང་གྲོང་རྡལ1 སྲང་ལམ་དོན་གཅོད་ཁྲུའུ6དང་། སྲིད་འཛིན་གྲོང་ཚོ63དང་སྡེ་ཁུལ51བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
运河区
ཕྱི་ཡིག་གི་མིང་།
Yunhe District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཤང1དང་གྲོང་རྡལ1དང་ཁྲོམ་གཞུང་དོན་གཅོད་ཁྲུའུ6བཅས་ཡོད།
གནས་ཡུལ།
ཚང་ཀྲོའུ་གྲོང་ཁུལ་གྱི་ནུབ་རྒྱུད་དུ་གནས་ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ117.7ཡོད།
མི་གྲངས།
ཁྲི30.9ཡོད།
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
སྐད།
ཅིན་ལུའུ་གཞུང་སྐད།
ས་ཁོངས་ཁ་པར་ཨང་རྟགས།
0317
སྦྲག་སྲིད་ཨང་རྟགས།
061000
རླངས་འཁོར་ཚབ་ཨང་།
ཅི(冀)J
སྲིད་འཛིན་ཚབ་ཨང་།
130903
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1985ལོའི་ཟླ10པར། ལྗོངས་སྲིད་གཞུང་གི་གཞུང་ལས་ཐོག་ཁང་དེ་ཧྲུན་ཧོ་སློབ་ཆུང་གི་ལྷོ་ཕྱོགས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་སྤྱི་ལོ1989ལོའི་ཟླ1པོར་ཧྲུའེ་ཡུའེ་དགོན་སྲང་ལམ་གྱི་སྒོ་རྟགས225ལ་སྤོས་པ་རེད།

སྤྱི་ལོ1997ལོའི་ཟླ11པའི་ཚེས7ཉིན་ཚང་ཀྲོའུ་གྲོང་ཁྱེར་གྱི་ཉེ་འཁོར་ནས་ཕྱིར་འཐེན་བྱས། ནན་ཁྲེན་ཐུན་ཞང(ཝང་ཞི་ལུའུ་གྲོང་ཚོ་ཚུད་མེད)དང་ཞའོ་ཝང་ཀྲོང་གྲོང་རྡལ(ལེ་དབར་གསུམ་དང་པེ་ཀྲའོ་ཅ་ཡན་གྲོང་ཚོ་ཚུད་མེད)གྱི་ཞང་དང་གྲོང་རྡལ་གཉིས་གྲོང་ཚོ83ཡུན་ཧོ་ཆུས་སུ་ཟླ་སྒྲིལ་བཏང་ཡོད།

སྤྱི་ལོ2000ལོར། ས་ཁོངས་ལེགས་སྒྲིག་བྱས་ཏེ། ཡུན་ཧོ་ཆུས་ཀྱི་ཁོངས་སུ་གཏོགས་པའི་ཧྲུའེ་ཡུའེ་དགོན་པ་དང་། ཚོང་ར། སྤྱི་གླིང་། ནན་ཧུའུ་མཚེའུ། ཞི་ཧོན་དང་ནན་ཧོན་བཅས་ཁྱོན་བསྡོམས་སྲང་ལམ6དང་། ཞའོ་ཝང་ཀྲོང་གྲོང་རྡལ། ནན་ཁྲེན་ཐུན་ཞང་བཅས་ཡིན།

སྤྱི་ལོ2002ལོའི་ཟླ3པའི་ཚེས20ཉིན་སྡེ་ཁུལ་གྱི་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་བྱས། དེ་སྔའི་སྡོད་གནས(ཁྱིམ)ཨུ་ཡོན་ལྷན་ཁང53དེ་སྡེ་ཁུལ་གྱི་སྡོད་དམངས་ཨུ་ཡོན་ལྷན་ཁང39ལ་ཕྱིར་འཐེན་དང་ཟླ་སྒྲིལ་བཏང་ཡོད། དེ་སྔའི་གྲོང་ཁུལ་གྱི་ཞིང་ལས་མིན་པའི་གྲོང་ཚོ18ལ་སྡེ་ཁུལ་དོ་དམ་ཨུ་ལྷན་བཙུགས་པ་དང་ཆབས་ཅིག་དེ་མཚུངས་ཀྱི་སྡེ་ཁུལ་གྲོང་ལྷན་དུ་ཟླ་སྒྲིལ་བཏང་བ་རེད།

ལྗོངས་སྲིད་གཞུང་གིས་སྤྱི་ལོ2008ལོར་ཚང་ཀྲོའུ་གྲོང་ཁྱེར་འཛུགས་སྐྲུན་བྱས་ནས་བཤིག་སྤོ་བྱས་པ་དང་གཞུང་དོན་སྒྲུབ་སའི་ས་གནས་དེ་གཟི་བརྗིད་ལམ་གྱི་ཨང26པར་བསྒྱུར་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ1980ལོའི་ཟླ3པའི་ཚེས6ཉིན། ཚང་ཀྲོའུ་གྲོང་ཁྱེར་གྱིས་ཡུན་ཧོ་ཆུས་བཙུགས་པ་དང་། དེའི་ཁོངས་སུ་ཞི་ཧོན་ཀྲུང་སྲང་ལམ་དང་། ལྷོ་སྐོར་ལམ་དཀྱིལ་སྲང་ལམ། ཧྲུའེ་ཡུའེ་དགོན་པའི་སྲང་ལམ། ཁྲོམ་རའི་སྲང་ལམ། གཞུང་ལས་ཁང་གི་སྲང་ལམ། ནན་ཧུའུ་སྲང་ལམ་བཅས་སྲང་ལམ6ཡོད།

སྤྱི་ལོ2000ལོར་ས་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས་ཤིང་། སྤྱི་ལོ2013ལོར། ཡུན་ཧོ་ཆུས་ཀྱི་ལྗོངས་ཡོངས་སུ་སྲང་ལམ6དང་། གྲོང་རྡལ1ཤང1སྲིད་འཛིན་གྲོང་ཚོ63སྡེ་ཁུལ51བཅས་གཏོགས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཡུན་ཧོ་ཆུས་ནི་ཧོ་པེ་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཤིང་ཚང་ཀྲོའུ་གྲོང་ཁུལ་གྱི་ནུབ་རྒྱུད་དུ་གནས་ཡོད། 

3_2 ས་དབྱིབས།

ཚང་ཀྲོའུ་གྲོང་ཁྱེར་གྱི་གཙང་པོའི་ཁུལ་ནི་བདེ་ཐང་གི་ཤར་རྒྱུད་དུ་གནས་ཡོད། ས་བབ་ཁོད་སྙོམས་པོ་དང་འཕེལ་འགྲིབ་མི་ཆེ། ལྷོ་བྱང་གི་རིང་ཚད་མི་རིང་བ་དང་། ཤར་ནུབ་དོག་ཅིང་ས་བབ་ཆ་སྙོམས་སྨི10ཡོད།

3_3 ནམ་ཟླ།

ཡོན་ཧུ་ཆུས་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། གནམ་གཤིས་ཀྱི་གནས་ཚུལ་མདོར་བསྡུས་ནི་དུས་བཞི་གསལ་བ་དང་དྲོད་ཚད་འོས་འཚམ་ཡིན། ཉི་འོད་འདང་ངེས་དང་། ཆར་ཆུ་དུས་ཚིགས་གཅིག་མཚུངས། ཆར་ཆུ་གཅིག་སྡུད་བཅས་ཡིན། 

4 མི་གྲངས་དང་མི་རིགས།
4_1 མི་གྲངས།

སྤྱི་ལོ2013ལོའི་བར་ཡུན་ཧོ་ཆུས་ཀྱི་མི་གྲངས་ཁྲི30.9ཟིན་པ་དེས་ཚང་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁུལ་མི་གྲངས་གྱི60%བཟུང་ཡོད།

4_2 མི་རིགས།

ཡུན་ཧོ་ཆུས་ནི་ཚང་ཀྲོའུ་གྲོང་ཁྱེར་གྱི་མི་རིགས་ཆོས་ལུགས་ལས་དོན་གྱི་གཙོ་གནད་རྫོང(གྲོང་ཁྱེར་དང་ཆུས)བཅུའི་གྲས་ཤིག་ཡིན། ལྗོངས་ཡོངས་སུ་ད་ལྟ་གྲངས་ཉུང་མི་རིགས27ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲི2.2ཡོད། དེའི་ནང་ཧུའེ་རིགས་མི་གྲངས་ཁྲི1.7ཡོད་པ་དེས་གྲངས་ཉུང་མི་རིགས་ཀྱི་སྤྱིའི་མི་གྲངས་གྱི77%ཟིན་ཡོད།

5 དཔལ་འབྱོར།

སྤྱི་ལོ2011ལོར། ཡུན་ཧོ་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར173.4ཟིན་པ་དང་། ནོར་སྲིད་ཀྱི་ཡོང་སྒོ་ཡོངས་རྫོགས་སྒོར་དུང་ཕྱུར25.1ཡིན། སྤྱིར་བཏང་གི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར8.5ཡིན་པ་དང་། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར38.2ཡིན། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར66.65བཏང་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར43.8ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་དེ་གྲོང་ཁྱེར་དང་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་པ་དང་། ནོར་སྲིད་ཀྱི་ཡོང་འབབ་དང་སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་དེ་གྲོང་ཁྱེར་དང་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་ཡོད།

6 སྤྱི་ཚོགས་བྱ་བཞག
6_1 སློབ་གསོའི་བྱ་གཞག

ཧོ་པེ་ཞིང་ཆེན་གྱི་གཙོ་གནད་སློབ་འབྲིང་ཚང་ཀྲོའུ་གྲོང་ཁྱེར་སློབ་འབྲིང་དང་པོ་དང་ཚང་ཀྲོའུ་གྲོང་ཁྱེར་སློབ་འབྲིང་གཉིས་པ་ཡུན་ཧོ་ཆུས་སུ་ཡོད། ཧོ་པེའི་བཟོ་སྐྲུན་ལག་རྩལ་མཐོ་རིམ་ཆེད་ཚན་སློབ་གྲྭ་དང་། ཚང་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་། ཚང་ཀྲོའུ་དགེ་འོས་སློབ་གླིང་སོགས་མཐོ་རིམ་སློབ་གླིང་ཡང་ཡུན་ཧོ་ཆུས་སུ་ཡོད།

6_2 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2013ལོའི་ལོ་འགོར་ཡུན་ཧོ་ཆུས་ཀྱིས་ཆེད་ལས་སྨན་དོན་མི་སྣ་བཅུ་སྐོང་འཐེན་བྱས་ནས་ནན་ཁྲེན་ཐུན་ཤང་ཡའོ་ཀྲོང་ཙི་གྲོང་ཚོར་ཚན་རྩལ་དང་། རིག་གནས། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་བ་རེད། 


དཔྱད་གཞིའི་ཡིག་ཆ།