སྤྱི་ལོ1949ལོའི་ཟླ8པའི་ཚེས1ཉིན། ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་བཙུགས། རྫོང་གི་ཀྲོན་ཆུས་བཙུགས་ནས་རྫོང་གི་གྲོང་རྡལ་དུ་བཅའ་སྡོད་བྱས་ནས་རྫོང11ཡོད་པ་རེད།
སྤྱི་ལོ1958ལོའི་ཟླ6པར། ཐེན་ཅིན་གྲོང་ཁྱེར་ཧོ་པེ་ཞིང་ཆེན་ཁོངས་སུ་གཏོགས། ཚང་རྫོང་ཀྲོན་ཆུས་དང་ཐེན་ཅིན་ཀྲོན་ཆུས་ཟླ་སྒྲིལ་བཏང་ནས་ཐེན་ཅིན་ཀྲོན་ཆུས་ཟེར། ཀྲོན་ཡོན་ཧྲུའུ་ཐེན་ཅིན་གྲོང་ཁྱེར་དུ་བཅའ་སྡོད་བྱས་ཤིང་། ལོ་དེའི་ཟླ9པར། ཚང་རྫོང་གྲོང་རྡལ་གྱིས་ཚང་ཀྲོའུ་གྲོང་ཁྱེར(རྫོང་རིམ་པ)གསར་འཛུགས་བྱས་པ་དང་དེ་རྗེས་ཚང་རྫོང་དང་ཟླ་སྒྲིལ་བཏང་བ་རེད།
སྤྱི་ལོ1959ལོའི་ལོ་འགོར། ཐེན་ཅིན་ཆེད་ཁུལ་ནས་ཕྱིར་འཐེན་བྱས་ཏེ་ཐེན་ཅིན་གྲོང་ཁྱེར་དུ་ཟླ་སྒྲིལ་བཏང་།
སྤྱི་ལོ1961ལོའི་ཟླ6པའི་ཚེས1ཉིན་ཚང་ཀྲོའུ་ཆེད་ཁུལ་སླར་གསོ་བྱས། ཚང་ཀྲོའུ་གྲོང་ཁྱེར(རྫོང་རིམ་པ)སླར་གསོ་བྱས་ནས་ཚང་ཀྲོའུ་གྲོང་ཁྱེར་དུ་བཅའ་སྡོད་བྱས་པ་རེད།
སྤྱི་ལོ1967ལོའི་ཟླ12པར་ཚང་ཀྲོའུ་ཆེད་ཁུལ་དེ་ཚང་ཀྲོའུ་ས་ཁུལ་དུ་བསྒྱུར།
སྤྱི་ལོ1983ལོའི་ཟླ12པར་ཚང་ཀྲོའུ་གྲོང་ཁྱེར་ཧོ་པེའི་ཞིང་ཆེན་ཐད་སྐྱོང་གྲོང་ཁྱེར་དུ་བསྒྱུར་བ་དང་སྲིད་འཛིན་ཀུང་ཧྲུའུ་དང་གྲོང་ཁྱེར་སྲིད་གཞུང་ཚང་ཀྲོའུ་གྲོང་ཁྱེར་དུ་བཅའ་སྡོད་བྱས།
སྤྱི་ལོ1993ལོའི་ཟླ7པར་ས་ཁུལ་དང་གྲོང་ཁྱེར་ཟླ་སྒྲིལ་བཏང་ནས་ཚང་ཀྲོའུ་གྲོང་ཁྱེར་དུ་གྱུར་པ་དང་གྲོང་ཁྱེར་གྱི་སྲིད་གཞུང་ཡུན་ཧོ་ཆུས་སུ་བཅའ་སྡོད་བྱས།
སྤྱི་ལོ2017ལོའི་སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཚང་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་སུ་ཆུས2དང་། རྫོང་རིམ་པའི་གྲོང་ཁྱེར4རྫོང9རང་སྐྱོང་རྫོང1བཅས་ཡོད་པ་རེད། ཤང་གྲོང167ཡོད་པའི་ནང་གྲོང་རྡལ73དང་ཁྲོམ་གཞུང20ཡོད་པ་རེད། གྲོང་ཁྱེར་སྲིད་གཞུང་ཡུན་ཧོ་ཆུས་བཅིངས་འགྲོལ་ནུབ་ལམ་དུ་བཅའ་སྡོད་བྱས་ཡོད།
སྤྱི་ལོ2019ལོར་གྲོང་ཁྱེར་དེ་ཡོངས་ཀྱི་ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས་ཁྲི783.13ཡོད། དེའི་ནང་སྐྱེས་པ་ཁྲི402.45དང་བུད་མེད་ཁྲི380.68ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ལོ་མཇུག་ཏུ་རྒྱུན་སྡོད་སྤྱིའི་མི་གྲངས་ཁྲི754.43ཡོད།
སྤྱི་ལོ2017ལོའི་ཟླ7པར་སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཚང་ཀྲོའུ་གྲོང་ཁྱེར་དུ་གྲངས་ཉུང་མི་རིགས41ཡོད།
སྤྱི་ལོ2019ལོར་ཚང་ཀྲོའུ་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3588.0ལེགས་འགྲུབ་བྱུང་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས6.9%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར292.6ཟིན་པ་དེ་དུས་མཚུངས་ལས2.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར1430.3ཟིན་པ་དེ་དུས་མཚུངས་ལས6.2%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར1865.0ཟིན་པ་དེ་དུས་མཚུངས་ལས8.2%འཕར་ཡོད།
ལོ་ཧྲིལ་པོར་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས2.6%འཕར་བ་དང་འཕར་ཚད་སྔ་ལོ་ལས་བརྒྱ་ཆའི་གྲངས0.7འཕར་ཡོད། གཅིག་གྱུར་གྱི་ཚོང་ཟོག་རིགས་ཆེན་པོ་བརྒྱད་ལ་བལྟས། ཟས་རིགས་ཐ་མག་དང་ཨ་རག་གི་རིན་གོང2.8%འཕར་བ་དང་། གྱོན་ཆས1.4%འཕར་ཡོད། སྡོད་གནས་འཕར་ཚད3.2%ཟིན་པ་དང་། འཚོ་བའི་མཁོ་ཆས་དང་ཞབས་ཞུ་འཕར་ཚད0.6%ཟིན་ཡོད། སློབ་གསོ་དང་རིག་གནས། རོལ་རྩེད་བཅས་ཀྱི་ཐད་བརྒྱ་ཆའི2.2འཕར་བ་དང་། སྨན་བཅོས་དང་ལུས་ཁམས་བདེ་སྲུང་གི་ཐད་བརྒྱ་ཆའི6.9འཕར་ཡོད། མཁོ་ཆས་དང་ཞབས་ཞུ་གཞན་དག4.1%འཕར་བ་དང་འགྲིམ་འགྲུལ་དང་འཕྲིན་གཏོང་གི་རིན་གོང་ལོ་གོང་མ་དང་གཅིག་མཚུངས་ཡིན་པ་རེད། ལོ་ཧྲིལ་པོར་བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭའི་རིན་གོང་སྔ་ལོ་ལས་བརྒྱ་ཆའི8.7འཕར་བ་དང་འཕར་ཚད་སྔ་ལོ་ལས་བརྒྱ་ཆའི་གྲངས0.1ཆག་ཡོད།
སྤྱི་ལོ2018ལོར་གྲོང་ཁྱེར་ཡོངས་ཀྱིས་ལོ་ཧྲིལ་པོར་ཚན་རྩལ་གྲུབ་འབྲས་ཁྱོན150ཐོབ་པ་དང་། དེའི་ནང་ཚན་ཞིབ་གྲུབ་འབྲས1ལ་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཐོབ་པ་དང་། ཚན་རྩལ་ཡར་ཐོན་བྱ་དགའ7ཐོབ་ཡོད། ལོ་ཧྲིལ་པོར་ཆེད་ཁེ་ཐོབ་རེ་ཞུ་ཚད་དང་དབང་ཆ་སྤྲོད་ཚད་ཁག6953དང4898སོ་སོར་ཟིན་ཡོད།
སྤྱི་ལོ2018ལོར་གྲོང་ཁྱེར་དེ་ཡོངས་སུ་མང་ཚོགས་སྒྱུ་རྩལ་ཁང18ཡོད་པ་རེད། རྫོང(གྲོང་ཁྱེར་དང་ཆུས)རིག་གནས་ཁང17དང་ཤང་གྲོང(ཁྲོམ་གཞུང)ཕྱོགས་བསྡུས་རིག་གནས་ས་ཚིགས191 གྲོང་ཁྱེར་དེ་ཡོངས་ལ་སྤྱི་པའི་དཔེ་མཛོད་ཁང17ཡོད། ཁྱོན་དཔེ་དེབ་ཁྲི219.4ཟིན་པའི་ནང་གྲོང་ཁྱེར་རིམ་པའི་དཔེ་མཛོད་ཁང1ཡོད་པ་རེད།
ཚང་ཀྲོའུ་གྲོང་ཁྱེར་ནི་གནའ་དུས་སུ་ཆུ་སྐྱོན་དང་ཐན་པ་ཡོད་པའི་གྲུ་ཁ་ཞེས་འབོད་སྲོལ་ཡོད་ཅིང་། ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོ་དག་མངའ་ཁོངས་ཡོངས་སུ་བརྒྱུད་ཡོད། ཧོང་ཡན་གྲུ་ཁ་བསྐྲུན་ཟིན་པ་མ་ཟད་བེད་སྤྱོད་གཏོང་འགོ་ཚུགས་པའི་ཏུན་ཁྲི་ཡན་གྱི་གྲུ་ཁ30ཡོད་པ་རེད།
སྤྱི་ལོ2017ལོའི་ཟླ12པའི་ཚེས24ཉིན་ཚང་ཀྲོའུ་ནི་སྤྱི་ལོ2017ལོའི་ཀྲུང་གོའི་ཁྱད་ཆོས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེ་བའི་གྲོང་ཁྱེར200ཡི་ནང་ཚུད་ཡོད།
སྤྱི་ལོ2018ལོའི་ཟླ12པར། སྤྱི་ལོ2018ལོའི་ཀྲུང་གོའི་སྐམ་ས་ཆེ་མོའི་ཚོང་ལས་གྲོང་ཁྱེར་ཡག་ཤོས53པ་དང་སྤྱི་ལོ2018ལོའི་ཀྲུང་གོའི་སྐམ་ས་ཆེ་མོའི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡག་ཤོས30ནང་བདམས།
སྤྱི་ལོ2019ལོའི་ཟླ8པར་སྤྱི་ལོ2018ལོའི“ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་རྩེ་གྲ་བརྒྱའི་གྲོང་ཁྱེར”དུ་བདམས།
སྤྱི་ལོ2019ལོའི་ཟླ9པའི་ཚེས23ཉིན། “སྤྱི་ལོ2019ལོའི་ཀྲུང་གོའི་ཕུལ་བྱུང་གྲོང་ཁྱེར་བརྒྱའི་བང་རིམ”ཁྱབ་བསྒྲགས་བྱས་པ་དང་ཚང་ཀྲོའུ་ཡི་ཨང་རིམ72པར་བདམས།
སྤྱི་ལོ2019ལོའི་ཟླ11པའི་ཚེས3ཉིན། “ཀྲུང་གོའི་གྲོང་ཁྱེར་གྱི་ལྗང་མདོག་འགྲན་རྩོད་ནུས་པའི་བང་རིམTOP100”ཡོངས་བསྒྲགས་བྱས་པ་དང་ཚང་ཀྲོའུ་ཡི་ཨང་རིམ63པར་བདམས།
སྤྱི་ལོ2019ལོའི་ཟླ11པའི་ཚེས25ཉིན“སྤྱི་ལོ2019ལོའི་ཀྲུང་གོའི་གྲོང་ཁྱེར་སྤུས་རྟགས་ཀྱི་གདེང་འཇོག་མིང་གཞུང(ས་ཁུལ་རིམ་པའི་གྲོང་ཁྱེར) ཚང་ཀྲོའུ་ཡི་ཨང་རིམ49པར་བདམས།
སྤྱི་ལོ2019ལོའི་ཟླ11པར“‘ལོ་ལྔའི་འཆར་གཞི་བདུན་པའི’ཁྲིམས་ལུགས་ཁྱབ་གདལ་གྱི་དུས་དཀྱིལ་གྱི་སྔོན་ཐོན་གྲོང་ཁྱེར”གྱི་མཚན་སྙན་ཐོབ།