ཀའོ་ཡན།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-06-04 14:37ལ་འགྲུབ།

ཀའོ་ཡན།

ཀའོ་ཡན།
ཀའོ་ཡན་ནི་སྤྱི་ལོ1942ལོའི་ཟླ12པར་ཅི་ལིན་ཡུས་ཧྲུའུ་ནས་སྐྱེས། ཕོ། སྤྱི་ལོ1965ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1962ལོའི་ཟླ12པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་མཐོ་རིམ་བཟོ་བཀོད་པ་ཡིན། དེ་སྔ་རྒྱལ་ཁབ་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དང་ཏང་ཙུའུ་ཡི་ཧྲུའུ་ཅི། ཅི་ལིན་ཞིང་ཆེན་གྱི་ཧྲེང་ཀྲང་། ཀྲུང་གུང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། སྤྱི་ལོ2002ལོའི་ཟླ9པར་ཀའོ་ཡན་ཨོ་སི་ཁྲུ་ལི་ཡར་བྲོས། སྤྱི་ལོ2003ལོའི་ཟླ11པའི་ཚེས26ཉིན་ཀའོ་ཡན་གྱིས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་པའི་དབང་གིས་ཏང་ལས་ཕྱིར་འབུད་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高严
མི་རིགས།
རྒྱ་རིགས།
རྒྱལ་ཁོངས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས།
སྐྱེས་ཡུལ།
ཅི་ལིན་ཡུས་ཧྲུའུ།
སྐྱེས་དུས།
སྤྱི་ལོ1942ལོའི་ཟླ12པ།
བསླབ་གནས།
ཞིབ་འཇུག་སློབ་མ།
མཐར་ཕྱིན་སློབ་གྲྭ།
ཁྲང་ཁྲན་གློག་ཤུགས་སློབ་གྲྭ།  ཅི་ལིན་སློབ་གྲྭ།
1 མི་སྣའི་ལོ་རྒྱུས།

སྤྱི་ལོ1965ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

སྤྱི་ལོ1962ལོའི་ཟླ12པར་ལས་ཀར་ཞུགས།

སྤྱི་ལོ1959ལོའི་ཟླ8པར་ཁྲང་ཁྲུན་གློག་ཤུགས་སློབ་གྲྭའི་ཚ་ཤུགས་མ་ལག་རང་འགུལ་ཅན་གྱི་ཆེད་ལས་ཀྱི་སློབ་སྦྱོང་བྱས།

སྤྱི་ལོ1962ལོའི་ཟླ12པར་ཅི་ལིན་ཚ་གློག་བཟོ་གྲྭའི་འཁོར་ཁང་གི་ལག་རྩལ་པ་བྱས།

སྤྱི་ལོ1965ལོའི་ཟླ6པར་ཅི་ལིན་ཚ་གློག་བཟོ་གྲྭའི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1967ལོའི་ཟླ1པོར“རིག་གནས་གསར་བརྗེ་ཆེན་པོའི”ནང་རྡུང་རྡེག་ཕོག་ནས་ངལ་རྩོལ་བྱེད་པར་བཏང་།

སྤྱི་ལོ1969ལོའི་ཟླ6པར་ཅི་ལིན་ཚ་གློག་བཟོ་གྲྭའི་རྫས་འགྱུར་ཡན་ལག་བཟོ་གྲྭའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1974ལོའི་ཟླ6པར་ཅི་ལིན་ཚ་གློག་བཟོ་གྲྭའི་འགོ་འཛིན་གཞོན་པའི་འགན་བཞེས།

སྤྱི་ལོ1975ལོའི་ཟླ8པར་ཅི་ལིན་ཞིང་ཆེན་གློག་ཤུགས་བཟོ་ལས་ཅུས་ཀྱི་འགོ་འཛིན་གཞོན་པའི་འགན་བཞེས།

སྤྱི་ལོ1983ལོའི་ཟླ3པར་ཐུང་ལིའོ་གློག་འདོན་སྤྱི་ཁྱབ་བཟོ་གྲྭའི་ཨར་ལས་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཅིག་ལྕོགས་ཀྱི་འགན་བཞེས།

སྤྱི་ལོ1986ལོའི་ཟླ1པོར་ཅི་ལིན་ཞིང་ཆེན་གློག་ཤུགས་བཟོ་ལས་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1988ལོའི་ཟླ1པོར་ཅི་ལིན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1988ལོའི་ཟླ12པ་ནས་བཟུང་ཅི་ལིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་དང་ཧྲེང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1989ལོའི་ཟླ3པར། ཅི་ལིན་ཞིང་ཆེན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1992ལོའི་ཟླ3པར་ཅི་ལིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་གྱི་འགོ་འཛིན་པའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ6པར་ཡུན་ནན་ཞིང་ཆེན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1997ལོའི་ཟླ8པར་གློག་ཤུགས་བཟོ་ལས་པུའུ་ཡི་འགོ་འཛིན་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི། རྒྱལ་ཁབ་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཅིག་ལྕོགས་ཀྱི་འགན་བཞེས།

སྤྱི་ལོ1998ལོའི་ཟླ4པར་རྒྱལ་ཁབ་གློག་ཤུགས་ཀུང་སིའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་སྤྱི་ཁྱབ་ཅིང་ལིའི་འགན་བཞེས།

སྤྱི་ལོ2002ལོར་ཞིབ་བཤེར་ཐག་གཅོད་བྱས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པའི་འཐུས་མི། ཀྲུང་གུང་སྐབས་བཅུ་བཞི་པ་དང་བཅོ་ལྔ་པའི་ཀྲུང་དབྱང་ཨུ་ཡོན་ཡིན།

2 སྤྱི་ཚོགས་ཤུགས་རྐྱེན།  

སྤྱི་ལོ2004ལོའི་ཟླ5པའི་ཚེས9ཉིན།    འབྲིང་རིམ་སྒྲིག་ཨུ་ཡིས་ཐོག་མཐའ་བར་གསུམ་དུ་གྱོད་གཞིར་བརྟག་དཔྱད་ནན་མོ་མ་བྱས་ལ། གྱོད་གཞི་རིམ་བཞིན་གཏིང་ཟབ་ཏུ་འགྲོ་བའི་བརྒྱུད་རིམ་ཁྲོད། ལི་དང་ཧོང་གཉིས་ཀྱི་གནད་དོན་ལ་ཞིབ་བཤེར་བྱས། དེ་རྗེས་ཀྲུང་དབྱང་འབྲིང་རིམ་སྒྲིག་ཨུ་ཡིས་ཧུ་ནན་ཞིང་ཆེན་ཞིབ་དཔྱོད་ཁང་ལ་བརྡ་ཐོ་བཏང་ནས་ལི་ཅུན་ཅེ་ལ་བརྟག་དཔྱད་བྱས།

3 གྱོད་གཞི་གཏན་ཁེལ།

སྤྱི་ལོ2004ལོའི་ཟླ3པར། ཧྭ་ཀྲུང་གློག་དྲའི་ཁོངས་གཏོགས་ཀྱི་ཧུ་ནན་དང་ཧུའུ་པེ་སོགས་ཞིང་ཆེན་ཀུང་སིར་སྒྲིག་བཤེར་སྡེ་ཚན་གྱིས་འཆར་ཅན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཚོགས་འདུར་ཞུགས་མཁན་ལ་ཞིང་ཆེན་རིམ་པའི་སྒྲིག་ཨུ་ཡི་མི་སྣ་ཡོད་པ་དང་བརྒྱུད་བསྒྲགས་རིམ་པ་ནས་ས་ཁུལ་དང་གྲོང་ཁྱེར་རིམ་པའི་གློག་ལས་ཅུས་བཅས་ཡོད། བརྡ་ཁྱབ་ནང“དེ་སྔའི་རྒྱལ་ཁབ་གློག་ཤུགས་སྤྱི་ཁྱབ་ཅིན་ལི་ཀའོ་ཡན་དང་རུལ་སུངས་སུ་གྱུར་པའི་གྱོད་གཞི་རྩད་ཆོད་རགས་ཙམ་བྱུང་ཡོད”ཅེས་བསྟན་ཡོད། འོན་ཀྱང་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ཡོངས་བསྒྲགས་བྱས་མེད། ཁོངས་གཏོགས་ཀྱི་སྒྲིག་བཤེར་སྡེ་ཚན་གྱིས་ནང་ཁུལ་དུ་བརྡ་ཁྱབ་བཏང་བ་རེད། ཀའོ་ནན་དང་རུལ་སུངས་སུ་གྱུར་པའི་གྱོད་གཞིར“ཏང་དང་རྒྱལ་ཁབ་ལ་རྒྱབ་གཏོད། འཚོ་བ་རུལ་སུངས་སུ་གྱུར་ནས་རྒྱལ་ཁབ་ཀྱི་རྒྱུ་ནོར་འབོར་ཆེན་ཧམ་ཟ་བྱེད་པའི་ངོ་བོར”གཏན་འཁེལ་བྱས།

དཔྱད་གཞིའི་ཡིག་ཆ།