ཕིང་ཆོན་གྲོང་ཁྱེར།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-04 14:24ལ་འགྲུབ།

ཕིང་ཆོན་གྲོང་ཁྱེར།

ཕིང་ཆོན་གྲོང་ཁྱེར།
​ཕིང་ཆོན་གྲོང་ཁྱེར་ནི་ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་དང་། ཧོ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་ཡོད། གཞུང་ཐིག་ཤར་མའི118°21′03″-119°15′34″དང་། བྱང་གི་འཕྲེད་ཐིག40°24′0″-40°40′17″བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ3297དང་། མངའ་འོག་ཏུ་གྲོང་རྡལ15དང་ཤང4ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平泉
ཕྱི་ཡིག་གི་མིང་།
Pingquan City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ15དང་ཤང4ཡོད།
གནས་ཡུལ།
ཁྲེང་ཏེ་གྲོང་ཁྱེར་གྱི་ཤར་བྱང་རྒྱུད།
སྲིད་གཞུང་གནས་ཡུལ།
ཕིང་ཆོན་གྲོང་རྡལ་སྲིད་གཞུང་མདུན་ཁྲོམ་ཨང17པ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ3297ཡོད།
མི་གྲངས།
ཁྲི48.3ཡོད།
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
མེ་འཁོར་འབབ་ཚུགས།
ཕིང་ཆེན་ས་ཚིིགས།
གནམ་གྲུ་ཐང་།
ཧོ་པེ་ཕིང་ཆེན་གནམ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0314
སྦྲག་སྲིད་ཨང་རྟགས།
067500
སྲིད་འཛིན་ཚབ་ཨང་།
130881
རླངས་འཁོར་ཚབ་ཨང་།
ཅི(冀)H
1 ​ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོ)ཟླ5པར་ཕིན་ཆོན་རྫོང་བཅིངས་འགྲོལ་བཏང་ནས་རེ་ཧོ་ཞིང་ཆེན་ཕིན་ཆོན་རྫོང་གི་སྒྲིག་བཀོད་སླར་གསོ་བྱས།

སྤྱི་ལོ1956ལོའི་ཟླ1པོར་རེ་ཧོ་ཞིང་ཆེན་མེད་པར་བཟོས་པ་དང་། ཕིན་ཆོན་རྫོང་ཧོ་པེ་ཞིང་ཆེན་ཁྲེང་ཏེ་ཀྲོན་ཆུས་ཀྱི་མངའ་འོག་ཏུ་བཅུག

སྤྱི་ལོ1993ལོའི་ཟླ7པའི་རྗེས་སུ། ཕིན་ཆོན་གྲོང་ཁྱེར་གྱི་ཁོངས་གཏོགས་ཧོ་པེ་ཞིང་ཆེན་གྱི་ཁྲེང་ཏེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ2017ལོའི་ཟླ4པའི་ཚེས10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཕིན་ཆོན་རྫོང་མེད་པར་བཟོ་བར་འཐད་པ་བྱུང་། རྫོང་རིམ་པའི་ཕིན་ཆོན་གྲོང་ཁྱེར་བཙུགས། དེ་སྔའི་ཕིན་ཆོན་རྫོང་གི་སྲིད་འཛིན་ས་ཁོངས་ནི་ཕིན་ཆོན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན།

སྤྱི་ལོ2018ལོའི་ཟླ9པའི་ཚེས29ཉིན་ཧོ་པེ་ཞིང་ཆེན་སྲིད་གཞུང་གིས་བརྡ་ཐོ་བཏང་ནས་ཕིང་ཆོན་གྲོང་ཁྱེར་རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱ་རྒྱུའི་ཆོག་མཆན་དངོས་སུ་སྤྲད་པ་རེད།

2 ས་ཁུལ་དབྱེ་འབྱེད་ཀྱི་གནས་ཚུལ།

སྤྱི་ལོ2018ལོའི་བར་ཕིང་ཆོན་གྲོང་ཁྱེར་གྱི་མངའ་འོག་ཏུ་གྲོང་རྡལ15དང་ཤང4ཡོད་པ་རེད། ཕིང་ཆོན་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཕིང་ཆོན་གྲོང་རྡལ་དུ་གནས་པའི་སྲང་ལམ17པར་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཕིང་ཆོན་གྲོང་ཁྱེར་ནི་ཧོ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་ཡོད། ཧོ་པེ་དང་། ལིའོ་རིགས། སོག་རིགས་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད།

3_2 ས་དབྱིབས།

ཕིང་ཆོན་གྲོང་ཁྱེར་གྱི་བྱང་ངོས་ཀྱི་རི་བོ་ཡན་ཧྲན་རི་བོའི་རི་མ་ཐང་དུ་གནས་པ་དང་། མུ་འབྲེལ་རི་བོ་ནི་དབྱིབས་མི་འདྲ་ཞིང་ཆེ་ཆུང་མི་འདྲ་བའི་ལུང་ཤུར་གཞོང་ས་ཡིན།

3_3 ནམ་ཟླ།

ཕིང་ཆོན་གྲོང་ཁྱེར་ནི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས།

4 མི་གྲངས།

སྤྱི་ལོ2016ལོའི་ལོ་མཇུག་བར། ཕིང་ཆོན་གྲོང་ཁྱེར་གྱི་རྒྱུན་སྡོད་མི་གྲངས་ཁྲི44.6939ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི22.6133ཡོད་པ་དང་། སྤྱི་ལོ2019ལོའི་ཟླ6པའི་བར་ཕིང་ཆོན་གྲོང་ཁྱེར་ལ་སྤྱིའི་མི་གྲངས་ཁྲི48.3ཡོད།

5 མི་རིགས།

ཕིང་ཆོན་གྲོང་ཁྱེར་གྱི་མི་རིགས་གཙོ་བོ་རྒྱ་རིགས་ཡིན་པ་དང་། གྲངས་ཉུང་མི་རིགས་ལ་མན་ཇུ་རིགས་དང་སོག་རིགས། ཧུའེ་རིགས། ཁྲའོ་ཞན་རིགས་སོགས20ཡོད།

6 སྤྱི་ཚོགས་ལས་དོན།
6_1 ཚན་རྩལ་བྱ་གཞག

སྤྱི་ལོ2016ལོར་ཕིང་ཆོན་གྲོང་ཁྱེར་གྱི་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར5.78ཡོད་པ་དང་། GDPཡི་བསྡུར་ཚད་ཀྱི3.5%བཟུང་བ་དེ་སྤྱི་ལོ2015ལོ་ལས་14.4%འཕར་ཡོད། ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད55%ཟིན་ནས་རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་གྱི་སྔོན་ཐོན་རྫོང་དང་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ།

6_2 སློབ་གསོའི་བྱ་གཞག

སྤྱི་ལོ2016ལོའི་བར་ཕིང་ཆོན་གྲོང་ཁྱེར་དུ་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ264ཡོད་པ་རེད། སློབ་གྲྭར་ཡོད་པའི་སློབ་མ70255དང་དགེ་རྒན་དང་ལས་བཟོ5453ཡོད། དེའི་ནང་། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ196(དམའ་རིམ་སློབ་འབྲིང11དང་། ལྟེ་བའི་སློབ་ཆུང42སློབ་ཁྲིད་བྱེད་གནས143)ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ49718ཡོད། དགེ་རྒན་དང་ལས་བཟོ་པ3863ཡོད། ཚད་ལྡན་ཅན་གྱི་སློབ་གྲྭ11བསྐྲུན་པ་དང་ཕིང་ཆོན་སློབ་འབྲིང་བཞི་པའི་འབྲིང་རྒྱུགས་ཀྱི་གྲུབ་འབྲས་ལོ12བསྟུད་མར་གྲོང་ཁྱེར་དེ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རིམ་རྩིས་བྱས་ན་ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་གྱི་སློབ་མ5ལ་རྒྱུགས་འཕྲོད་ནས་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་གཞི་རྩའི་དོ་སྙོམས་རྫོང་དུ་གྱུར་ཡོད།

6_3 རིག་གནས་ལས་དོན།

སྤྱི་ལོ2016ལོར་ཕིང་ཆོན་གྲོང་ཁྱེར་གྱི“རིག་གནས་དང་། དངོས་མང་། རི་མོ། མངོན་མིན་རིག་གནས་ཤུལ་བཞག ཆ་འཕྲིན་མཉམ་སྤྱོད”བཅས་ཚང་མ་རིན་མེད་ངང་སྒོ་དབྱེ་ཐུབ་ཡོད། ཧོ་པེ་ཞིང་ཆེན་གྱི་ཡིག་གཟུགས་འབྲི་རྩལ་གྱི་ཕ་ཡུལ་བསྐྲུན་ནས་རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལས་འགུལ་གྱི་སྔོན་ཐོན་རྫོང་གི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

7 མཚན་སྙན།

སྤྱི་ལོ2017ལོའི་ཟླ12པར་ཕིང་ཆོན་གྲོང་ཁྱེར་ཀྲུང་གོའི་སྣོད་བཅུད་རིག་གནས་ཡུལ་སྐོར་གྲོང་ཁྱེར་ཡག་ཤོས་དང་། ཀྲུང་གོའི་སྤྲོ་གསེང་ཡུལ་སྐོར་སྤྲོ་གསེང་གྲོང་ཁྱེར་མཛེས་ཤོས་སུ་བདམས།

སྤྱི་ལོ2019ལོར་རྒྱལ་ཁབ་ཀྱི་ཞིང་ཞོར་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་རྫོང་ཁག་གཉིས་པའི་གྲས་སུ་བདམས།

སྤྱི་ལོ2020ལོའི་ཟླ2པར་སྤྱི་ལོ2020ལོར་ཀྲུང་གོའི་ཁྱད་ལྡན་སིལ་ཟས་པའེ་ཅ་རྫོང་དང་གྲོང་ཁྱེར་དུ་བདམས།

དཔྱད་གཞིའི་ཡིག་ཆ།