རོན་ཁྲེང་ཧྥ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-06-04 11:26ལ་འགྲུབ།

རོན་ཁྲེང་ཧྥ།

རོན་ཁྲེང་ཧྥ།
རོན་ཁྲེང་ཧྥ་ནི་རྒྱ་རིགས་ཡིན་ལ། ཕོ། སྤྱི་ལོ1957ལོའི་ཟླ10པར་ཧུའུ་པེ་ཝུའུ་ཧན་ནས་སྐྱེས། སྤྱི་ལོ1982ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་དུ་ཞུགས་པ་དང་། སྤྱི་ལོ1975ལོའི་ཟླ9པར་ལས་ཀར་ཞུགས། ལས་ཐོག་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་། ཡུན་ནན་ཞིང་ཆེན་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阮成发
མི་རིགས།
རྒྱ་རིགས།
རྒྱལ་ཁོངས།
ཀྲུང་གོ
སྐྱེས་ཡུལ།
ཧུའུ་པེ་ཝུའུ་ཧན།
སྐྱེས་དུས།
སྤྱི་ལོ1957ལོའི་ཟླ10བ།
མཐར་ཕྱིན་སློབ་གྲྭ།
ཧྭ་ཀྲུང་དགེ་ཐོན་སློབ་གྲྭ།
1 ​མི་སྣའི་ལོ་རྒྱུས།   

སྤྱི་ལོ1998ལོའི་ཟླ3—སྤྱི་ལོ2001ལོའི་ཟླ11པའི་བར་ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས། (དེའི་རིང་སྤྱི་ལོ1998ལོའི་ཟླ9པ་ནས་སྤྱི་ལོ2001ལོའི་ཟླ6པའི་བར་ཧྭ་ཀྲུང་དགེ་འོས་སློབ་ཆེན་ཚན་རིག་སྤྱི་ཚོགས་རིང་ལུགས་ཞིབ་འཇུག་ཁང་གི་ཚན་རིག་སྤྱི་ཚོགས་རིང་ལུགས་དང་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ལས་འགུལ་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས་ནས་ཁྲིམས་ལུགས་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ།   

སྤྱི་ལོ2001ལོའི་ཟླ11—སྤྱི་ལོ2002ལོའི་ཟླ12པའི་བར་ཧུའུ་པེ་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་དོན་ཐིང་གི་ཀྲུའུ་རེན་གྱི་འགན་བཞེས། 

སྤྱི་ལོ2002ལོའི་ཟླ12—སྤྱི་ལོ2004ལོའི་ཟླ09བའི་བར་ཧུའུ་པེ་ཞིང་ཆེན་ཞང་ཧྥན་གྲོང་ཨུ་ཡི་ཧྲུའུ་ཅི་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།  

སྤྱི་ལོ2004ལོའི་ཟླ9—སྤྱི་ལོ2007ལོའི་ཟླ6པའི་བར་ཧུའུ་པེ་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པའི་འགན་བཞེས།  

སྤྱི་ལོ2007ལོའི་ཟླ6—སྤྱི་ལོ2007ལོའི་ཟླ12པའི་བར་ཧུའུ་པེ་ཞིང་ཆེན་ཏང་ཨུ་ཡི་རྒྱུན་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པའི་འགན་བཞེས།  

སྤྱི་ལོ2008ལོའི་ཟླ1—སྤྱི་ལོ2008ལོའི་ཟླ2པའི་བར་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཨུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས།    

སྤྱི་ལོ2008ལོའི་ཟླ2—སྤྱི་ལོ2011ལོའི་ཟླ1པོའི་བར་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།     

སྤྱི་ལོ2011ལོའི་ཟླ1—སྤྱི་ལོ2011ལོའི་ཟླ2པའི་བར་ཧུའུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཝུའུ་ཧན་གྲོང་ཨུ་ཡི་ཧྲུའུ་ཅི་དང་ཧྲི་ཀྲང་གི་འགན་བཞེས།    

སྤྱི་ལོ2011ལོའི་ཟླ2—སྤྱི་ལོ201ལོའི་ཟླ12པའི་བར་ཧུའུ་པེ་ཞིང་ཆེན་ཏང་ཨུ་ཡི་རྒྱུན་ཨུ་དང་ཝུའུ་ཧན་གྲོང་ཨུ་ཡི་ཧྲུའུ་ཅི་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་བཞེས།     

སྤྱི་ལོ201ལོའི་ཟླ12—སྤྱི་ལོ2017ལོའི་ཟླ1པོའི་བར་ཡུན་ནན་ཞིང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་། ཞིང་ཆེན་གྱི་ཧྲེང་ཀྲང་ལས་ཚབ་པ། ཏང་ཙུའུ་ཧྲུའུ་ཅི་བཅས་གནང་།   

2 ལས་འཛིན།    

སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།