ཝེ་ཁྲང་མན་ཇུ་རིགས་སོག་རིགས་རང་སྐྱོང་རྫོང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-04 14:28ལ་འགྲུབ།

ཝེ་ཁྲང་མན་ཇུ་རིགས་སོག་རིགས་རང་སྐྱོང་རྫོང་།

ཝེ་ཁྲང་མན་ཇུ་རིགས་སོག་རིགས་རང་སྐྱོང་རྫོང་།
ཝེ་ཁྲང་མན་ཇུ་རིགས་སོག་རིགས་རང་སྐྱོང་རྫོང་ནི་ཧོ་པེ་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཤིང་། ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་ཡོད། ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མའི116°32′~118°14′དང་། བྱང་གི་འཕྲེད་ཐིག41°35′~42°40′བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ9219ཡོད། སྤྱི་ལོ2018ལོའི་བར། ཝེ་ཁྲང་མན་ཇུ་རིགས་སོག་རིགས་རང་སྐྱོང་རྫོང་ཁོངས་སུ་གྲོང་རྡལ12དང་ཞང25ཡོད་པ་དང་། སྤྱིའི་མི་འབོར་ཁྲི42.14ཡོད། རྫོང་ཡོངས་སུ་མན་ཇུ་རིགས་དང་སོག་རིགས་གཙོ་བོར་བྱས་པའི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་ཡིན་པ་དང་། མངའ་ཁོངས་སུ་མན་ཇུ་རིགས་དང་། སོག་རིགས། ཧུའེ་རིགས། རྒྱ་རིགས་སོགས་མི་རིགས30ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
围场满族蒙古族自治县
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་རྫོང་།
ཁོངས་གཏོགས་ས་ཁུལ།
ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ12དང་ཤང25བཅས་ཡོད།
གནས་ཡུལ།
ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་གྱི་ཆེས་བྱང་རྒྱུད།
སྲིད་གཞུང་གནས་ཡུལ།
ཝེ་ཁྲང་གྲོང་རྡལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ9219ཡོད།
མི་གྲངས།
ཁྲི42.14ཡོད།
ནམ་ཟླ།
སྐམ་སའི་རང་བཞིན་དང་དུས་རླུང་ཅན་གྱི་མཐོ་སྒང་གི་རི་སའི་གནམ་གཤིས།
མེ་འཁོར་འབབ་ཚུགས།
ཧོ་ཡུང་ས་ཚིགས་དང་། ཅི་ཅ་ཀོའུ་ས་ཚིགས་སོགས།
ས་ཁོངས་ཁ་པར་ཨང་རྟགས།
0314
སྦྲག་སྲིད་ཨང་རྟགས།
068450
རླངས་འཁོར་ཚབ་ཨང་།
ཅི(冀)H
སྲིང་འཛིན་ཚབ་ཨང་།
130828
1 ལོ་རྒྱུས་འཕེལ་རིམ། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར། (སྤྱི་ལོ1912ལོ) ཝེ་ཁྲང་དངོས་སུ་ཚོམས་ཆེན་དུ་བསྒྱུར་ཏེ། “ཝེ་ཁྲང་རྫོང”ཞེས་ཟེར། རེ་ཧོ་ཞིང་ཆེན་གྱི་ཁོངས་སུ་གཏོགས།

སྤྱི་ལོ1956ལོའི་ཟླ1པོའི་ཚེས1ཉིན། རེ་ཧོ་ཞིང་ཆེན་འཛུགས་སྐྲུན་མེད་པར་བཟོས་ཤིང་། ཝེ་ཁྲང་རྫོང་ཧོ་པེ་ཞིང་ཆེན་ཁྲེང་ཏེ་ས་ཁུལ་གྱི་མངའ་འོག་ཏུ་བཅུག

སྤྱི་ལོ1989ལོའི་ཟླ6པའི་ཚེས29ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་དང་དམངས་སྲིད་པུའུ་ཡིས་མཆན་བཀོད་བཀའ་ལན་གནང་སྟེ། ཝེ་ཁྲང་རྫོང་མེད་པར་བཟོས་ནས་མན་རིགས་སོག་རིགས་རང་སྐྱོང་རྫོང་བཙུགས་པ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོའི་བར། ཝེ་ཁྲང་མན་རིགས་སོག་རིགས་རང་སྐྱོང་རྫོང་ཁོངས་སུ་གྲོང་རྡལ12དང་། ཤང25ནགས་ར1འབྲོག་ར1བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཝེ་ཁྲང་མན་ཇུ་རིགས་སོག་རིགས་རང་སྐྱོང་རྫོང་ནི་ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་ཆགས་ཡོད། རྫོང་མངའ་ཁོངས་ཀྱི་ཤར་ནུབ་རིང་ཚད་ལ་སྤྱི་ལེ138དང་། ལྷོ་བྱང་ཞེང་ལ་སྤྱི་ལེ118ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ9219ཡོད།

3_2 ས་དབྱིབས།

མན་ཇུ་རིགས་སོག་རིགས་རང་སྐྱོང་རྫོང་ནི་ནང་སོག་མཐོ་སྒང་དང་ཧོ་པེ་རི་ཁུལ་གྱི་བར་བརྒལ་ས་རྒྱུད་དུ་གནས་ཡོད། དབྱིན་ཧྲན་རི་རྒྱུད་དང་ཏ་ཞིན་ཨན་ལིང་རི་རྒྱུད་ཀྱི་མཇུག་དང་ཡན་ཧྲན་རི་རྒྱུད་ཀྱི་འབྲེལ་མཚམས་ཡིན། 

3_3 ནམ་ཟླ།

ཝེ་ཁྲང་ནི་བྱང(གྲང)དྲོད་ཁུལ—དྲོད་ཁུལ་འབྲིང་བ། བརླན་གཤེར་ཕྱེད་ཙམ་ཅན། ཐན་པ་ཕྱེད་ཙམ། སྐམ་སའི་རང་བཞིན་གྱི་དུས་རླུང་རིགས་དང་། ས་མཐོ—རི་ཁུལ་གྱི་ནམ་ཟླ་བཅས་ཡིན། 

4 མི་གྲངས།

སྤྱི་ལོ2016ལོའི་ལོ་མཇུག་བར། ཝེ་ཁྲང་མན་ཇུ་རིགས་སོག་རིགས་རང་སྐྱོང་རྫོང་དུ་ཁྱོན་དུད་ཚང159616ཡོད་པའི་ནང་གྲོང་གསེབ་ཀྱི་དུད་ཚང120453ཡོད་པ་རེད། རྫོང་ཡོངས་སུ་ཁྱོན་མི་གྲངས421400ཡོད་པའི་ནང་སྐྱེས་པ219928དང་བུད་མེད201472ཡོད། 

5 མི་རིགས།

ཝེ་ཁྲང་མན་རིགས་སོག་རིགས་རང་སྐྱོང་རྫོང་ནི་མན་ཇུ་རིགས་དང་སོག་རིགས་གཙོ་བྱས་པའི་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་ས་ཡིན། མངའ་ཁོངས་སུ་མན་ཇུ་རིགས་དང་། སོག་རིགས། ཧུའེ་རིགས། རྒྱ་རིགས། ཁྲའོ་ཞན་རིགས། མིའོ་རིགས། ཡུ་གུར་རིགས། པའེ་རིགས། ཏུང་རིགས། པུའུ་དབྱི་རིགས། ཡའོ་རིགས། ལི་རིགས། ཀའོ་ཧྲན་རིགས། ཐུའུ་ཅ་རིགས། དབྱིས་རིགས། བོད་རིགས། ཏ་ཝོར་རིགས། ཏའེ་རིགས། ཧོར་རིགས། ཧ་ཉི་རིགས། ཆའང་རིགས། ཨོ་ལུན་ཁྲུན་རིགས། ཨོ་ཝུན་ཁེ་རིགས། ཧོ་ཀྲེ་རིགས། ཧ་སག་རིགས། ཕུའུ་སྨི་རིགས། ཐ་ཅི་ཁེ་རིགས། ཅི་ནུའོ་རིགས་བཅས་མི་རིགས30ཡོད།

6 འགྲིམ་འགྲུལ་སྐྱེལ་འདྲེན།

ཝེ་ཁྲང་མན་རིགས་སོག་རིགས་རང་སྐྱོང་རྫོང་ནི་ཧྭ་པེ་ས་ཁུལ་ནས་ནང་སོག་དང་བྱང་ཤར་ས་ཁུལ་དུ་སྐྱོད་པའི་འགྲིམ་འགྲུལ་གྱི་འགག་མདོ་ཞིག་ཡིན། 

7 དཔལ་འབྱོར།
7_1 ཕྱོགས་བསྡུས།

སྤྱི་ལོ2011ལོར། ཝེ་ཁྲང་མན་ཇུ་རིགས་སོག་རིགས་རང་སྐྱོང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར71.7ཡོད་པ་དེ་སྤྱི་ལོ2001ལོའི་ལྡབ4.1ཡིན་པ་དང་། ལོ་རེར་ཆ་སྙོམས་སུ་བརྒྱ་ཆའི8.8འཕར་བ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད་དང་ཧེ་བག་བརྒྱ་ཆའི་གྲངས4.6ཟིན་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཨང7ལ་སླེབས་ཡོད། དེའི་ནང་ཐོན་ལས་དང་པོའིGDPསྤྱི་འབོར་སྒོར་དུང་ཕྱུར4.8ནས་སྒོར་དུང་ཕྱུར28.6བར་འཕར་ནས་ལོར་ཆ་སྙོམས10.9%འཕར་ཡོད། ཐོན་ལས་གཉིས་པའིGDPསྤྱི་འབོར་སྒོར་དུང་ཕྱུར4.3ནས་སྒོར་དུང་ཕྱུར21.6བར་འཕར་ནས་ལོ་རེར་ཆ་སྙོམས་8%འཕར་བ་དང་། ཐོན་ལས་གསུམ་པའིGDPསྤྱི་འབོར་སྒོར་དུང་ཕྱུར་8.2ནས་སྒོར་དུང་ཕྱུར21.5བར་འཕར་ནས་ལོ་རེར་ཆ་སྙོམས་7.6%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་སྤྱི་ལོ2001ལོའི27.7:24.9:47.4ནས39.9:30.1:30བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར16978ཟིན་ཡོད། སྤྱི་ལོ2001ལོར(སྤྱི་ལོ2001ལོར་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར3338ཡིན)ལྡབ5.1ཡིན་ཞིང་། ལོ་རེར་ཆ་སྙོམས་བརྒྱ་ཆའི9འཕར་ཡོད།

སྤྱི་ལོ2011ལོར། ཝེ་ཁྲང་མན་ཇུ་རིགས་སོག་རིགས་རང་སྐྱོང་རྫོང་གི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར4.2ཡོད་པ་དེ་སྤྱི་ལོ2001ལོའི་ལྡབ6ཡིན། ལོ་རེར་ཆ་སྙོམས་སུ་བརྒྱ་ཆའི19.6འཕར་ཡོད།

སྤྱི་ལོ2020ལོའི་ཟླ2པའི་ཚེས29ཉིན་རྫོང་དབུལ་པོའི་གྲལ་ནས་དོན་ཏེ་དབུལ་སྒྲོལ་བྱས་པ་རེད།

8 མཚན་སྙན།

སྤྱི་ལོ2017ལོའི་ཟླ12པའི་ཚེས13ཉིན་ཝེ་ཁྲང་མན་རིགས་སོག་རིགས་སོག་རིགས་རང་སྐྱོང་རྫོང་ནི་སྐབས་དང་པོའི་ཧོ་པེ་ཞིང་ཆེན་གྱི་ཤེས་དཔལ་རྫོང་གྲོང་དུ་བདམས།

སྤྱི་ལོ2018ལོའི་ཟླ9པའི་ཚེས26ཉིན་སྤྱི་ལོ2018ལོའི“ཀྲུང་གོའི་རང་བྱུང་གསོ་རླུང་ཁང”གཏོད་ཁུལ་གྱི་མཚན་སྙན་ཐོབ།

སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་རྫོང་རིམ་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས།

སྤྱི་ལོ2019ལོའི་ཟླ9པའི་ཚེས27ཉིན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ལ་གཟེངས་བསྟོད་བྱས།

སྤྱི་ལོ2019ལོའི་ཟླ5པའི་ཚེས18ཉིན་ཝེ་ཁྲང་མན་ཇུ་སོག་རིགས་རང་སྐྱོང་རྫོང“སྤྱི་ལོ2019ལོའི་ཀྲུང་གོའི་རྫོང་ཁོངས་ཡག་ཤོས་ཀྱི་མིང་ཐོའི”ནང་ཚུད།

སྤྱི་ལོ2020ལོའི་ཟླ4པར་ཧོ་པེ་ཞིང་ཆེན་ལུས་རྩལ་ཅུས་ཀྱིས“སྤྱི་ལོ2019ལོའི་ལོ་འཁོར་གྱི་ལུས་རྩལ་ལས་དོན་གྱི་རྫོང(གྲོང་ཁྱེར་དང་ཆུས)ཡག་ཤོས”སུ་བདམས།

སྤྱི་ལོ2020ལོའི་ཀྲུང་གོའི་དབྱར་དུས་སྤྲོ་གསེང་བྱེད་སའི་གྲོང་ཁྱེར་དུ་བདམས། 


དཔྱད་གཞིའི་ཡིག་ཆ།