ཀྲན་དབྱི་ཆུས།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-06-04 09:43ལ་འགྲུབ།

ཀྲན་དབྱི་ཆུས།

ཀྲན་དབྱི་ཆུས།
ཀྲན་དབྱི་ཆུས་ནི་ཡུན་ནན་ཞིང་ཆེན་ཆུས་ཅིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཡུན་ནན་ཞིང་ཆེན་གྱི་ཤར་རྒྱུད་དང་ཆུས་ཅིང་གྲོང་ཁྱེར་གྱི་དབུས་རྒྱུད་དུ་གནས་ཡོད། གནའ་སྔ་མོ་ནས་བཟུང“ཡུན་ནན་གྱི་ལྡེ་མིག”དང་། “ཡུན་ནན་གྱི་སྒོ་མོ” “ཡུན་ནན་གྱི་ཁུལ་དང་པོ” བཅས་ཀྱི་མིང་ཐོགས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2910ཡོད་པ་དང་། འཕྲེད་ཐིག་དམའ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས། ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2000ཡོད། ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི1000དང་ལོ་རེའི་ཆ་སྙོམས་དྲོད་ཚད14℃ཡིན། མངའ་འོག་ཏུ་སྲང་ལམ4དང་གྲོང་རྡལ2 ཡུལ་ཚོ5བཅས་ཡོད། ཆུས་ཡོངས་སུ་སྤྱིའི་མི་གྲངས431058(སྤྱི་ལོ2010ལོ)ཡོད་པའི་ནང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲི2.8ཡོད། ཀྲན་དབྱི་ཆུས་ནི་ཡུན་ནན་ཞིང་ཆེན་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་། ཀྲུང་གོའི་རྡོ་ཐའི་རྟེན་གཞི་གལ་ཆེན། སྨན་སྤྱོད་མེ་ཏོག་རྟེན་གཞི་བཅས་རེད། སྤྱི་ལོ2011ལོར་ཀྲན་དབྱི་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར117དང་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར12.35ཟིན་ཡོད། གྲགས་ཅན་མཛེས་ལྗོངས་ཁུལ་ལ་ཀྲུའུ་ཅང་གཙང་པོའི་འབྱུང་ཁུངས་དང་། ཧའེ་ཧྥུང་འདམ་ར་བཅས་ཡོད། སྤྱི་ལོ2019ལོའི་ཟླ11པར་ཐེངས་གཉིས་པའི་ཆུ་གྲོན་ཆུང་གི་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་རྫོང་གཉིས་པར་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沾益区
ཕྱི་ཡིག་གི་མིང་།
Zhanyi Distric
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཡུན་ནན་ཞིང་ཆེན་གྱི་ཆུས་ཅིན་གྲོང་ཁྱེར།
མངའ་ཁོངས། 
ཁྲོམ་གཞུང2དང་ཡུལ་ཚོ5བཅས་ཡོད།
སྦྲག་སྲིད་ཨང་རྟགས།
655331
རླངས་འཁོར་ཚབ་ཨང་།
云D
མི་གྲངས།
མི་གྲངས431058(སྤྱི་ལོ2010ལོ)ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2910ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0874
ཡུལ་སྐད།
ལྷོ་ནུབ་སྐད།
མེ་འཁོར་འབབ་ཚུགས།
ཀྲན་དབྱི་འབབ་ཚུགས།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1998ལོའི་ཟླ་དང་པོར་ཀྲན་དབྱི་ཆུས་ཀྱི་རྫོང་རིམ་པའི་སྒྲིག་གཞི་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་ཀྲན་དབྱི་རྫོང་བཅོས་སྐྱོང་གི་གནས་བབ་དངོས་སུ་སླར་གསོ་བྱུང་ཡོད།     སྤྱི་ལོ2016ལོའི་ཟླ4བའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཕུལ་བའི《ཀྲན་དབྱི་རྫོང་དུ་ཆུས་ཅིན་གྲོང་ཁྱེར་ཀྲན་དབྱི་ཆུས་འཛུགས་རྒྱུ་མེད་པར་བྱ་རྒྱུའི་སྐོར་གྱི་དགོངས་དོན་སྐོར》ལ་མཆན་བཀོད་བཀའ་ལན་གནང་ནས་ཀྲན་དབྱི་རྫོང་མེད་པར་བྱ་རྒྱུར་མོས་མཐུན་བྱས། ཆུས་ཅིན་གྲོང་ཁྱེར་གྱི་ཀྲན་དབྱི་ཆུས་བཙུགས་ནས་དེ་སྔའི་ཀྲན་དབྱི་ཆུས་ཀྱི་སྲིད་འཛིན་ས་ཁོངས་ནི་ཀྲན་དབྱི་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན། ཟླ6པའི་ཚེས1ཉིན་དངོས་སུ་རྫོང་གི་ཆུས་བཙུགས་ནས་སྒོ་བྱང་བཀལ་བ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     

སྤྱི་ལོ2016ལོའི་བར། ཀྲན་དབྱི་ཆུས་ཀྱི་མངའ་འོག་ཏུ་སྲང་ལམ4དང་གྲོང་རྡལ2 ཡུལ་ཚོ5ཡོད་པ་སྟེ། ཞི་ཕིང་ཁྲོམ་གཞུང་དང་། ལུང་ཧྭ་ཁྲོམ་གཞུང་། ཅིན་ལུང་ཁྲོམ་གཞུང་། ཧྭ་ཧྲན་ཁྲོམ་གཞུང་། པའེ་ཧྲུའེ་གྲོང་རྡལ། ཕན་ཅང་གྲོང་རྡལ། ཏ་ཕོ་ཡུལ་ཚོ། གཟེ་ཟུར་ཡུལ་ཚོ། སྡེ་རྩེ་ཡུལ་ཚོ། ཡན་ཧྥང་ཡུལ་ཚོ། ཧྥན་ལེ་ཡུལ་ཚོ་བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཀྲན་དབྱི་ཆུས་ནི་ཡུན་ནན་ཞིང་ཆེན་ཆུས་ཅིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཡུན་ནན་ཞིང་ཆེན་གྱི་ཤར་རྒྱུད་དང་ཆུས་ཅིང་གྲོང་ཁྱེར་གྱི་དབུས་རྒྱུད་དུ་གནས་ཡོད། གནའ་སྔ་མོ་ནས་བཟུང“ཡུན་ནན་གྱི་ལྡེ་མིག”དང་། “ཡུན་ནན་གྱི་སྒོ་མོ” “ཡུན་ནན་གྱི་ཁུལ་དང་པོ” བཅས་ཀྱི་མིང་ཐོགས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2910ཡོད།

3_2 ས་དབྱིབས།

ཀྲན་དབྱི་ཆུས་ནི་ཀྲུའུ་ཅང་གཙང་པོའི་ཆུ་འགོའི་ལྷོ་དང་པེ་ཕན་ཅང་གཙང་པོའི་དབྱེ་མཚམས་ཏེ་རི་བོ་མང་བའི་རི་ཁུལ་དུ་གནས་པ་རེད། ས་ངོས་ཆགས་ཚུལ་ནི་ཏེན་ཏུང་མཐོ་སྒང་གི་རི་མ་ཐང་གཙོ་བོ་ཡིན། ས་བབ་མཐོ་ཤོས་ནི་གཟེ་ཟུར་གྱི་ལའོ་ལི་རི་བོའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2678ཟིན་པ་དང་། ས་ཆ་དམའ་ཤོས་ནི་སྡེ་རྩེ་ཆུ་ཚན་གྲོང་ཚོའི་ཉིའུ་ལན་གཙང་པོའི་ལུང་གཞུང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1650ཟིན་ཡོད།     

3_3 ནམ་ཟླ།   

ཀྲན་དབྱི་ཆུས་ཀྱི་ལོ་ཧྲིལ་པོའི་གནམ་གཤིས་དྲོ་ཞིང་འཇམ་པ་དང་། ཆར་ཆུ་འབེལ་བ། སྐམ་རློན་དུས་ཚིགས་གསལ་ཞིང་འཕྲེད་ཐིག་དམའ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ལོ་རེའི་ཆ་སྙོམས་དྲོད་ཚད16.3~18.6℃ཡིན། དྲོད་ཚད་མཐོ་ཤོས33.1℃དང་དྲོད་ཚད་དམའ་ཤོས་ནི9.2℃ཡིན་ཞིང་། ལོ་རེའི་ཉི་འོད་ཕོག་པའི་དུས་ཚོད་ནི་ཆུ་ཚོད2098ཡིན། ཉི་འོད་ཕོག་ཚད47%ཡིན་པ་དང་། ལོ་ཧྲིལ་པོར་སད་མེད་དུས་ཉིན255ཡས་མས་ཡིན། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི1002ཟིན་པ་དང་ལོ་ལྟར་ཟླ5པ་ནས10པའི་བར་ཆར་པ་བབས་ཚད་ཀྱིས་ལོ་ཧྲིལ་པོའི་ཆར་པ་བབས་ཚད་ཀྱི89%བཟུང་ཡོད།

4 མི་གྲངས་དང་མི་རིགས།    
4_1 མི་གྲངས།  

སྤྱི་ལོ2010ལོར་ཀྲུང་གོའི་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་གྲངས་གཞིར་གཞིགས་ན། ཀྲན་དབྱི་རྫོང་ཡོངས་ཀྱི་མི་གྲངས་བསྡོམས་འབོར431058ཟིན་ཡོད། ཀྲུང་གོའི་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་མི་ཁྲི389838དང་བསྡུར་ན། ལོ10ཡི་རིང་ཁྱོན་བསྡོམས་མི41220འཕར་ཡོད། ལོ་རེར་ཆ་སྙོམས་སུ་མི4122འཕར་ཡོད། དེའི་ནང་སྐྱེས་པ225792ཡོད། བུད་མེད205266ཡོད། སྤྱིའི་མི་གྲངས་གྱི་ཕོ་མོའི་བསྡུར་ཚད་དེ་ སྤྱི་ལོ2000ལོར་ཀྲུང་གོའི་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི111.16ནས110བའི་བར་ཆག་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས159491ཡོད་པ་དང་། གྲོང་གསེབ་ཀྱི་མི་གྲངས271567ཡོད།     

4_2 མི་རིགས།

སྤྱི་ལོ2011ལོའི་བར་ཏེ་དབྱི་རིགས་དང་། པའེ་རིགས། ཏའེ་རིགས། ཀྲོང་རིགས། མིའོ་རིགས། ཧུའེ་རིགས། སུའུ་སུའུ་རིགས། ལ་ཧུའུ་རིགས། དབའ་རིགས། འཇང་རིགས། བོད་རིགས། ཅིང་ཕོ་རིགས། པུའུ་དབྱི་རིགས། ཨ་ཁྲང་རིགས། ཧ་ཉི་རིགས། ཞི་པོ་རིགས། ཕུའུ་སྨི་རིགས། སོག་རིགས། ནུའུ་རིགས། ཅི་ནུའོ་རིགས། ཏེ་ཨང་རིགས། ཧྲུའེ་རིགས། མན་ཇུ་རིགས། ཏུའུ་ལུང་རིགས་སོགས་མི་རིགས་ཁྱབ་ཡོད།

5 དཔལ་འབྱོར།    
5_1 ཐོན་ལས་དང་པོ།   

སྤྱི་ལོ2011ལོར། ཀྲན་དབྱི་ཆུས་ཀྱིས་ཞིང་སྐྱོར་ཁ་གསབ་སྣ་ཚོགས་སྒོར་ཁྲི7463སྤྲད་ནས་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར39ཟིན་པ་རེད། རྡོ་ཐ་ཏན་ཁྲི41.94ཉོ་སྒྲུབ་བྱས་པས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.92ཟིན། ཕྱུགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར22.6ཟིན་ཡོད།

5_2 ཐོན་ལས་གཉིས་པ།  

སྤྱི་ལོ2011ལོར་ཀྲན་དབྱི་ཆུས་ཀྱིས་བཟོ་ལས་ཐད་མ་དངུལ་སྒོར་དུང་ཕྱུར38བཏང་བ་དང་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར234དང་རིན་ཐང་འཕར་མ་སྒོར་དུང་ཕྱུར55.5ལེགས་གྲུབ་བྱུང་ཡོད། ཚད་ལྡན་བཟོ་ཁང་སྨི་གྲུ་བཞི་མ་ཁྲི10.5གསར་སྐྲུན་བྱས་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས1གསར་དུ་འཕར་སྣོན་བྱུང་།

5_3 ཐོན་ལས་གསུམ་པ།  

སྤྱི་ལོ2011ལོར། ཀྲན་དབྱི་ཆུས་ཀྱིས་གཙང་པོའི་ཞབས་ཀྱི་ཕྱོགས་བསྡུས་སྡེབ་ཚོང་ཁྲོམ་ར་དང་། ཝང་ཧའེ་ཞིང་ཞོར་ཉོ་ཚོང་ཁྲོམ་ར་སོགས་ཞིང་(ལེའུ)ཚོང་ར4གསར་སྐྲུན་དང་འཁྲུག་ཏུ་བཏང་བ་དང་། རྒྱུན་སྤྱོད་མཁོ་ཆས་ཞིང་དུད་ཚོང་ཁང20དང་སྡེབ་སྐྱེལ་ལྟེ་གནས1གསར་སྐྲུན་བྱས་ཡོད།

6 སློབ་གསོའི་ལས་དོན།

སྤྱི་ལོ2011ལོར་སློབ་གྲྭར་འཛིན་གྲྭ48ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ2900ལྷག་ཙམ་ཡོད། སློབ་འབྲིང་གི་དམིགས་བསལ་རིམ་པའི་དགེ་རྒན1ཡོད། གྲོང་ཁྱེར་རིམ་པར་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཆེད་ལས་ལག་རྩལ་མི་སྣ1དང་གྲོང་ཁྱེར་གྱི་རིག་ཚན་སྣེ་ཁྲིད་པ1ཡོད། སློབ་འབྲིང་གི་མཐོ་རིམ་དགེ་རྒན29དང་སློབ་འབྲིང་རིམ་པའི་དགེ་རྒན66ཡོད། རབ་འབྱམས་པ1དང་། ཞིབ་འཇུག་སློབ་མ་མི6  དངོས་གཞིའི་སློབ་མ་མི138བཅས་ཡོད།

དཔྱད་གཞིའི་ཡིག་ཆ།