ཁོན་ཁྲིན་མན་ཇུ་རིགས་རང་སྐྱོང་རྫོང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-04 10:55ལ་འགྲུབ།

ཁོན་ཁྲིན་མན་ཇུ་རིགས་རང་སྐྱོང་རྫོང་།

ཁོན་ཁྲིན་མན་ཇུ་རིགས་རང་སྐྱོང་རྫོང་།
​ཁོན་ཁྲིན་མན་ཇུ་རིགས་རང་སྐྱོང་རྫོང་ནི་ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རང་སྐྱོང་རྫོང་ཞིག་ཡིན། སྤྱི་ལོ1963ལོར་རྫོང་བཙུགས། སྤྱི་ལོ1989ལོར་ཁོན་ཁྲིན་མན་ཇུ་རིགས་རང་སྐྱོང་རྫོང་བཙུགས་ཤིང་ཧོ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས། རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1952ཡོད། རྫོང་དེ་ཡོངས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ10དང་ཤང8ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宽城满族自治县
ཕྱི་ཡིག་གི་མིང་།
Kuancheng Manchu Autonomous County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཤར་བྱང་ས་ཁུལ།
མངའ་ཁོངས།
གྲོང་རྡལ10 ཤང8ཡོད།
གནས་ཡུལ།
ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1952ཡོད།
མི་གྲངས།
ཁྲི26ཡོད།
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ལྕགས་རི་རིང་པོའི་ཕུ་ལུང་མཚེའུ། ཧོང་ཡ་དགོན་པའི་མཆོད་རྟེན་ཚོགས།
སྐད།
པེ་ཅིན་གྱི་གཞུང་སྐད།
ས་ཁོངས་ཁ་པར་ཨང་རྟགས།
0314
སྦྲག་སྲིད་ཨང་རྟགས།
067600
སྲིད་འཛིན་ཚབ་ཨང་།
130827
རླངས་འཁོར་ཚབ་ཨང་།
ཅི(冀)H
1 འཛུགས་སྐྲུན་འཕེལ་རིམ།

སྤྱི་ལོ1933ལོར་ཁོན་ཁྲིན་འཇར་དམག་གིས་བཟུང་སྟེ་མན་ཇུའི་རྒྱལ་ཁབ་ཀྱི་ཆེས་མཇུག་མཐའི་མངའ་ཁོངས་སུ་གྱུར། སྤྱི་ལོ1963ལོར་ཁོན་ཁྲེང་རྫོང་བཙུགས་པ་དང་། སྤྱི་ལོ1989ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་མན་ཇུའི་རང་སྐྱོང་རྫོང་བཙུགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོར། ཁོན་ཁྲིན་མན་ཇུ་རིགས་རང་སྐྱོང་རྫོང་གི་ཁོངས་སུ་གྲོང་རྡལ10དང་ཞང8ཡོད་པ་སྟེ། ཁོན་ཁྲང་གྲོང་རྡལ། ལོན་ཤི་མིན་གྲོང་རྡལ། ཁེང་ཧྲི་མོན་གྲོང་རྡལ། ཡུས་ཨེར་ཡ་གྲོང་རྡལ། པན་ཏའོ་ཧོ་གྲོང་རྡལ། ཐུང་ལུའོ་ཐའེ་གྲོང་རྡལ། ཉན་ཙི་ཡུས་གྲོང་རྡལ། ལིའང་ཅ་ཐའེ་གྲོང་རྡལ། ཧྭ་ཕི་ལན་ཙི་གྲོང་རྡལ། སུང་ལིན་གྲོང་རྡལ་བཅས་དང་། ཀུའུ་ཧྲན་ཞང་། མེང་ཙི་ལིང་ཞང་། ཏུའུ་ཧྲི་ལིན་ཞང་། ཧྭ་ཅན་ཞང་། ཏུང་ཧོང་ཧྭ་ཁྲོན་ཞང་། ཡུས་ཙི་ཀོའུ་ཞང་། ཏ་ཙི་ཀོའུ་ཞང་། ཏ་ཧྲི་ཀྲུའུ་ཙི་ཞང་བཅས་ཡོད།

3 མི་གྲངས་དང་མི་རིགས།

སྤྱི་ལོ2016ལོར་ཁོན་ཁྲིན་མན་ཇུ་རིགས་རང་སྐྱོང་རྫོང་གི་མི་གྲངས་བསྡོམས་འབོར250304ཡོད། སྤྱི་ལོ2020ལོའི་ཟླ4པར་ཁོན་ཁྲིན་མན་ཇུ་རིགས་རང་སྐྱོང་རྫོང་ལ་མི་རིགས14ཡོད།

4 རང་བྱུང་ཁོར་ཡུག
4_1 གནས་སའི་ཡུལ་ཁོངས།

ཁོན་ཁྲིན་ནི་ཧོ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་ཡོད། ནུབ་ནས་པེ་ཅིན་དང་ཐེན་ཅིན་དང་། ཤར་ནས་པོ་ཧའེ་རྒྱ་མཚོ་དང་ཐག་ཉེ།

5 འགྲིམ་འགྲུལ།

ཁོན་ཁྲིན་རྫོང་ནི་པོ་ཧའེ་རྒྱ་མཚོའི་མཐའ་འཁོར་དང་པེ་ཅིན་དང་ཐེན་ཅིན་གྱི་དཔལ་འབྱོར་ཁུལ་གྱི་དབུས་ཁུལ་དུ་གནས་ཡོད། ཆིན་རྒྱལ་རབས་ཀྱི་མཚོ་ཐོག་གཞུང་ལམ་དང་། པེ་ལིན་གཞུང་ལམ། ཕིང་ཆིང་ལེ་གཞུང་ལམ། ཕིང་ཐེ་གཞུང་ལམ་བཅས་ཡོད།

6 ཡུལ་སྐོར།

ཁོན་ཁྲིན་མན་ཇུ་རིགས་རང་སྐྱོང་རྫོང་གི་རང་བྱུང་ཡུལ་ལྗོངས་ལ་ལིའོ་ཅིན་དུས་སྐབས་ཀྱི་རྒྱ་བརྒྱུད་ནང་བསྟན་གྱི་རྗེས་ཤུལ“ཝན་ཐ་ཧོང་ཡ་དགོན”དང་མིང་རྒྱལ་རབས་ཀྱི་ལེ་དབར་ཁྲི་ཡི་ལྕགས་རི་རིང་བོ་ཡོད། ཧྭ་བྱང་ཆུ་བེད་ཆུ་གློག་ལས་གྲྭ་སྟེ་ཕན་ཅ་ཁོའུ་ཆུ་མཛོད་དུ་ཆུ་གསོག་ནས་ཆགས་པའི་ཕན་ལུང་མཚེའུ་ལ“སའེ་ཝའེ་ཀུའེ་ལིན”ཞེས་འབོད་ཀྱིན་ཡོད།

7 མཚན་སྙན།

སྤྱི་ལོ2019ལོའི་ཟླ5པའི་ཚེས18ཉིན་ཁོན་ཁྲིན་རྫོང་ནི“སྤྱི་ལོ2019ལོའི་ཀྲུང་གོའི་རྫོང་ཁོངས་མཛེས་ཤོས་ཀྱི་མིང་ཐོའི”ནང་བདམས།

དཔྱད་གཞིའི་ཡིག་ཆ།