ཡོན་ཡུང་ཧྥུ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-03 16:32ལ་འགྲུབ།

ཡོན་ཡུང་ཧྥུ།

ཡོན་ཡུང་ཧྥུ། ཕོ། རྒྱ་རིགས། སྤྱི་ལོ1973ལོའི་ཟླ6པར་འཁྲུངས། ཧོ་པེ་ཞིང་ཆེན་ཧྲེན་ཙེ་ནས་ཡིན། ཀྲུང་གུང་ཏང་ཡོན་ཡིན་ཞིང་། སྤྱི་ལོ1991ལོའི་ཟླ10པར་བྱ་བར་ཞུགས། ཞིང་ཆེན་ཏང་ཨུ་ཡི་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
袁永福
ཁོངས་གཏོགས།
སྲིད་འཛིན་མི་སྣ།
མི་རིགས།
རྒྱ་རིགས།
གོ་གནས།
ཅིན་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་།
སྐྱེས་ལོ།
སྤྱི་ལོ1973ལོའི་ཟླ6པ།
བྱ་བར་ཞུགས་ལོ།
སྤྱི་ལོ1991ལོའི་ཟླ10པ།
མཐར་ཕྱིན་སློབ་གྲྭ།
ཞིང་ཆེན་ཏང་ཨུ་ཡི་ཏང་གི་སློབ་གྲྭ།
བསླབ་གནས།
ཞིབ་འཇུག་སློབ་མ།
1 ​བྱ་བའི་བརྒྱུད་རིམ། 

སྤྱི་ལོ1991.10—སྤྱི་ལོ1992.05བར་ཧྲེན་ཙེ་རྫོང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་བྱེད་པའི་འགན་བཞེས།

སྤྱི་ལོ1992.5—སྤྱི་ལོ1996.10བར། ཧྲེན་ཙེ་རྫོང་ཨུ་གཞུང་ལས་ཁང་གི་ལས་བྱེད་པ་དང་དཔྱད་ཡིག་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1996.10—སྤྱི་ལོ1998.09བར་ཧྲེན་ཙེ་རྫོང་སྲིད་གཞུང་གཞུང་ལས་ཁང་གི་ཁོའོ་རིམ་པ་གཞོན་པའི་ཡིག་ཚགས་པའི་འགན་བཞེས།

སྤྱི་ལོ1998.9—སྤྱི་ལོ2006.05བར། ཧྲེན་ཙེ་རྫོང་ཨུ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཞིབ་འཇུག་ཁང་གི་ཀྲུའུ་རེན། རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2006.9—སྤྱི་ལོ2007ལོའི་ཟླ7པའི་བར་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་སུ་སློབ་སྦྱོང་གནང་།

སྤྱི་ལོ2011.06—སྤྱི་ལོ2013.08བར་ཐང་རྫོང་ཨུ་ཡི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2013.08—སྤྱི་ལོ2016.12བར་ཐང་རྫོང་ཨུ་ཡི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2016.12—སྤྱི་ལོ2017.02ཅིན་ཀྲོའུ་གྲོང་ཁྱེར་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་ལས་ཚབ་པ། ཧོ་པེ་ཞིང་ཆེན་ཁོངས་ཅིན་ཀྲོའུ་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2017.02—ཅིན་ཀྲོའུ་གྲོང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། ཧོ་པེ་ཅིན་ཀྲོའུ་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།


དཔྱད་གཞིའི་ཡིག་ཆ།