ཡེ་ཏུང་སུང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-03 15:42ལ་འགྲུབ།

ཡེ་ཏུང་སུང་།

ཡེ་ཏུང་སུང་།
ཡེ་ཏུང་སུང་། ཕོ། རྒྱ་རིགས། སྤྱི་ལོ1958ལོའི་ཟླ11པར་འཁྲུངས། ཨན་ཧུའེ་ཝུའུ་བེ་རེན་ནས་ཡིན། སྤྱི་ལོ1981ལོའི་ཟླ6པར་ཏང་ལ་ཞུགས། སྤྱི་ལོ1977ལོའི་ཟླ3པར་བྱ་བར་ཞུགས། ནན་ཁའེ་སློབ་ཆེན་དཔལ་འབྱོར་ཞིབ་འཇུག་ཁང་གི་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་ལྡན། མཐོ་རིམ་དཔལ་འབྱོར་རིག་པ་བ་དང་། མཐོ་རིམ་བཟོ་བཀོད་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
叶冬松
ཕྱི་ཡིག་གི་མིང་།
yedong song
རིགས་དབྱེ།
ཆབ་སྲིད་མི་སྣ།
ས་ཁོངས།
ཧོ་པེ་ཞིང་ཆེན།
གོ་གནས།
ཧོ་པེ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ།
སྐྱེས་ལོ།
སྤྱི་ལོ1958ལོའི་ཟླ11པ།
མི་རིགས།
རྒྱ་རིགས།
ཏང་ཞུགས་ལོ།
སྤྱི་ལོ1981ལོའི་ཟླ6པ།
བྱ་བར་ཞུགས་ལོ།
སྤྱི་ལོ1977ལོའི་ཟླ3པ།
1 ​ངོ་སྤྲོད།

ཡེ་ཏུང་སུང་། ཕོ། རྒྱ་རིགས། སྤྱི་ལོ1958ལོའི་ཟླ11པར་འཁྲུངས། ཨན་ཧུའེ་ཝུའུ་བེ་རེན་ནས་ཡིན། སྤྱི་ལོ1981ལོའི་ཟླ6པར་ཏང་ལ་ཞུགས། སྤྱི་ལོ1977ལོའི་ཟླ3པར་བྱ་བར་ཞུགས། ནན་ཁའེ་སློབ་ཆེན་དཔལ་འབྱོར་ཞིབ་འཇུག་ཁང་གི་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་ནས་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་། དཔལ་འབྱོར་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ། མཐོ་རིམ་དཔལ་འབྱོར་རིག་པ་བ་དང་། མཐོ་རིམ་བཟོ་བཀོད་པ་བཅས་ཡིན།

2 བྱ་བའི་བརྒྱུད་རིམ།

ད་ལྟ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1977.03—སྤྱི་ལོ1978.02ཨན་ཧུའེ་ཞིང་ཆེན་ཁྲང་ཧྥེང་རྫོང་ཀང་ཅི་ཀུང་ཧྲེའི་གཞོན་ནུ་ཤེས་ཡོན་ཅན།

སྤྱི་ལོ1978.02—སྤྱི་ལོ1982.01ཁྲང་ཁྲུན་ས་གཤིས་སློབ་གླིང་ས་གཤིས་དཔྱད་ཆས་ཚན་ཁག་གི་གཏེར་འཚོལ་ལས་གྲྭའི་ཆེད་ལས་སུ་སློབ་སྦྱོང་བྱས།

སྤྱི་ལོ1982.01—སྤྱི་ལོ1984.06ཨན་ཧུའེ་ཞིང་ཆེན་ས་གཤིས་ཅུས་དང་། ས་གཏེར་ཅུས་ཀྱི་ལག་རྩལ་བཟོ་པའི་སློབ་གྲྭའི་ལས་བྱེད་པ། (དེའི་རིང་སྤྱི་ལོ1982.04—སྤྱི་ལོ1984.06ཨན་ཧུའེ་ཞིང་ཆེན་ས་གཤིས་ཅུས་དང་ས་གཤིས་ཅུས་ཀྱི་ཆབ་སྲིད་པུའུ་ཡི་དྲིལ་བསྒྲགས་ཁྲུའུ་ལ་སྐོང་གཡར་བྱས་ནས་ལས་ཀ་བྱས)

སྤྱི་ལོ1984.06—སྤྱི་ལོ1986.08ཨན་ཧུའེ་ཞིང་ཆེན་ས་གཤིས་གཏེར་རྫས་ཅུས་ཆབ་སྲིད་པུའུ་རྩ་འཛུགས་ཁྲུའུ་ཡི་ལས་མིའི་འགན་བཞེས།

སྤྱི་ལོ1986.08—སྤྱི་ལོ1988.08ཨན་ཧུའེ་ཞིང་ཆེན་ས་གཤིས་ཅུས་ཀྱི་གསུམ་གཉིས་གཅིག་གི་ས་གཤིས་རུ་ཁག་གི་རུ་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ1988.08—སྤྱི་ལོ1990.01ཨན་ཧུའེ་ཞིང་ཆེན་ས་གཤིས་གཏེར་རྫས་ཅུས་ངལ་ལས་ཀུང་སིའི་ཅིང་ལི་གཞོན་པ་དང་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1990.01-སྤྱི་ལོ1991.07ནན་ཁའེ་སློབ་ཆེན་དཔལ་འབྱོར་ཞིབ་འཇུག་ཁང་གི་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་སུ་སློབ་སྦྱོང་བྱས།

སྤྱི་ལོ1991.07—སྤྱི་ལོ1993.03ཨན་ཧུའེ་ཞིང་ཆེན་ས་གཤིས་གཏེར་རྫས་ཅུས་ཀྱི་རུ་དཔོན་གཞོན་པ་དང་། ཁྲུའུ་ཀྲང་། ཅུས་ཀྲང་གི་ལག་རོགས་པ་བཅས་ཀྱི་འགན་བཞེས། 

སྤྱི་ལོ1993.03—སྤྱི་ལོ1994.02ཨན་ཧུའེ་ཞིང་ཆེན་ས་གཤིས་གཏེར་རྫས་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1994.02—སྤྱི་ལོ1995.02ཀྲུང་གོ་ས་གཤིས་ལས་གྲྭ་ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ་2པ་ནས་སྤྱི་ལོ1996ལོའི་ཟླ3པའི་བར་ཀྲུང་གོའི་ས་གཤིས་ལས་གྲྭ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལས་ཚབ་དང་གནས་སྐབས་ཏང་ཨུ་ཡི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1996.03—སྤྱི་ལོ1997.01ཀྲུང་གོ་ས་གཤིས་ལས་གྲྭ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དང་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1997.01—སྤྱི་ལོ1998.07ས་གཤིས་གཏེར་ཐོན་པུའུ་ནོར་དོན་སིའི་སི་ཀྲང་གི་འགན་བཞེས།

སྤྱི་ལོ1998.07—སྤྱི་ལོ1999.10རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ནོར་དོན་སིའི་སི་ཀྲང(དེའི་རིང་སྤྱི་ལོ1998ལོའི་ཟླ9པ་ནས་སྤྱི་ལོ1999ལོའི་ཟླ7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས)གི་འགན་བཞེས།

སྤྱི་ལོ1999.10—སྤྱི་ལོ2000.07རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་མི་དོན་སློབ་གསོ་སིའི་སི་ཀྲང་གི་འགན་བཞེས།

སྤྱི་ལོ2000.07-སྤྱི་ལོ2001.09རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཡི་ཏང་ཙུའུ་ཡི་ཁོངས་མི་དང་མི་དོན་སློབ་གསོ་སིའི་སི་ཀྲང(སྤྱི་ལོ1998ལོའི་ཟླ9པ་ནས་སྤྱི་ལོ2001ལོའི་ཟླ7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་དུ་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཁྲིམས་རིག་པའི་གཞུང་ལུགས་ཆེད་ལས་སློབ་སྦྱོང་གནང)གི་འགན་བཞེས།

སྤྱི་ལོ2001.09-སྤྱི་ལོ2004.07རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

སྤྱི་ལོ2004.07—སྤྱི་ལོ2010.07ཧོ་ནན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2010.07—སྤྱི་ལོ2011.01ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུའི་པུའུ་ཀྲང་གནང་གི་འགན་བཞེས།

སྤྱི་ལོ2001.01-སྤྱི་ལོ2011.04ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུའི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་འགོ་འཛིན། ཧོ་ནན་སྲིད་འཛིན་སློབ་གླིང་གི་འགོ་འཛིན་བཅས་ཀྱི་འགན་བཞེས།

སྤྱི་ལོ2001.04—སྤྱི་ལོ2011.10ཧོ་ནན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་འགོ་འཛིན། ཧོ་ནན་སྲིད་འཛིན་སློབ་གླིང་གི་འགོ་འཛིན་བཅས་ཀྱི་འགན་བཞེས།

སྤྱི་ལོ2011.10—སྤྱི་ལོ2018.01ཧོ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2018.01—ཧོ་པེ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

དཔྱད་གཞིའི་ཡིག་ཆ།