ཁ་བསྐྱོགས་པ།སྔ་མའི་པར་གཞི་དེ དཔལ་ཚེ་རྡོར  ནས 2020-06-02 17:39ལ་འགྲུབ།

ཁ་བསྐྱོགས་པ།

རྟ་སོགས་ཀྱི་ཁ་ཕར་གཅུ་ཚུར་གཅུ་བྱས་པའམ་ཕར་བསྐོར་ཚུར་བསྐོར་བྱས་པའི་དོན།
1 ལོ་ཙཱ།

རྒྱ་ཡིག 转向,转弯,

དབྱིན་ཡིག to turn to,turn a corner

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།[1]ཁ་ཕར་གཅུས་ཚུར་གཅུས་བྱས་པ། 变改方向:རྟ་ཁ་ཕར་ཕྱོགས་སུ་བསྐྱོགས་པ། 拨转马头。[2]གྲོས་ཁ་བསྒྱུར་བ། 改变议题:གྲོས་ཁ་ལོག་པར་བསྐྱོགས་པ། 把议论转向题外。

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།1.རྟ་སོགས་ཀྱི་ཁ་ཕར་གཅུ་ཚུར་གཅུ་བྱས་པའམ་ཕར་བསྐོར་ཚུར་བསྐོར་བྱས་པའི་དོན་ཏེ།དཔེར་ན། རྟའི་ཁ་བསྐྱོགས་པ། གཟིངས་ཀྱི་ཁ་བསྐྱོགས་པ་ལྟ་བུ།2.གྲོས་བསྡུར་བྱེད་པའི་དུས་སྐབས་བབ་ཀྱི་གླེང་བྱ་བསྐྱུར་ནས་རང་གི་ཞེ་འདོད་ཕྱོགས་སུ་འཐེན་པའི་དོན།དཔེར་ན། རང་ཤེད་ཅན་འགས་ཚོགས་འདུའི་ནང་གྲོས་ཁ་བསྐྱོགས་པ་ལ་བརྟེན་ཚོགས་འདུ་ལམ་ལྷོངས་མ་བྱུང་ལྟ་བུ།