ཀོན་ཏུའུ་ཆུས།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-06-02 16:29ལ་འགྲུབ།

ཀོན་ཏུའུ་ཆུས།

ཀོན་ཏུའུ་ཆུས།
ཀོན་ཏུའུ་ཆུས་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་གཏོགས་ཤིང་། ཁུན་མིང་གི་གྲོང་ཁུལ་གཙོ་བོ་བཞིའི་གྲས་ཤིག་ཡིན་པ་དང་ཁུན་མིང་གྲོང་ཁུལ་གཙོ་བོའི་ཤར་ལྷོའི་རྒྱུད་དང་ཏེན་ཁྲིའི་བྱང་ངོགས་སུ་གནས་ཡོད། ཤར་དབྱི་ལིའང་རྫོང་དང་ཉེ་ཞིང་། ལྷོ་ཁྲེང་ཀུང་ཆུས་དང་འབྲེལ། བྱང་ཤར་ཡན་མིན་རྫོང་གི་འབྲེལ་མཚམས་སུ་ཡོད་ཅིང་། ལྷོ་ནུབ་ཏུ་ཏེན་ཁྲི་དང་ཉེ། ནུབ་བྱང་ནི་ཕན་ལུང་ཆུས་འབྲེལ་ཞིང་། ནུབ་ཕྱོགས་ནི་ཞི་ཧྲན་ཆུས་དང་འབྲེལ། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ552ཡོད། སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི91.39ཟིན་ཡོད། ཆུས་ཡོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1886.6-2731བར་ཡོད། ཐང་ཁུལ་གྱི་ས་བབ་མཐོ་ཚད་སྨི1900ནས2000བར་ཡིན་པ་དང་འཕྲེད་ཐིག་དམའ་བའི་ས་བབ་མཐོ་བའི་ས་ཁུལ་དུ་གཏོགས། ཚད་ལྡན་མཐོ་ཚད་སྟོང་སྨི1891ཡོད་པ་དེ་འཕྲེད་ཐིག་བྱང་མའི་འཕྲེད་ཐིག་དམའ་བའི་ཚ་ཁུལ་དང་མཐོ་སྒང་རི་ཁུལ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། སྤྱི་ལོ2014ལོའི་ལོ་མཇུག་ཏུ་ཀོན་ཏུའུ་ཆུས་སུ་ཁྲོམ་གཞུང8དང་སྡེ་ཁུལ82ཡོད་པ་རེད། སྤྱི་ལོ2018ལོར། ཀོན་ཏུའུ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར1223.20ཟིན་པ་དེ་རྒྱུན་སྡོད་མི་འབོར་ལྟར་རྩིས་བརྒྱབ་ན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི13.23ཟིན་ཡོད། སྤྱི་ལོ2018ལོའི་ཟླ9པར། 《སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེའི་ཆུས་བརྒྱའི་འཕེལ་རྒྱས་ཀྱི་དཔེ་ཐེམ་དཀར་པོའི་དེབ》པེ་ཅིང་དུ་ཁྱབ་བསྒྲགས་བྱས་ནས་སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེའི་ཆུས་བརྒྱའི་ནང་བདམས་ཐོན་བྱུང་བ་རེད། སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་གི་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)ཁག་གཉིས་པར་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
官渡区
ཕྱི་ཡིག་གི་མིང་།
Guandu District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར།
མངའ་ཁོངས། 
ཁྲོམ་གཞུང10དང་དཔལ་འབྱོར་གསར་སྤེལ་ཁུལ1བཅས་ཡོད།
སྦྲག་སྲིད་ཨང་རྟགས།
650000
སྲིད་འཛིན་ཚབ་ཨང་།
530111
རླངས་འཁོར་ཚབ་ཨང་།
云A
མི་གྲངས།
མི་གྲངས་ཁྲི91.39(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས)ཡོད།
རྒྱ་ཁྱོན།
སྤྱིལེ་གྲུ་བཞི་མ552ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0871
ཡུལ་སྐད།
ལྷོ་ནུབ་སྐད།
མེ་འཁོར་འབབ་ཚུགས།
ཁུན་མིང་འབབ་ཚུགས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར1223.20(སྤྱི་ལོ2018ལོ)ཡོད།
1 ​ལོ་རྒྱུས་འཕེལ་རིམ།

མིན་གོའི་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོར)གྲོང་ཁྱེར་དང་རྫོང་གི་དབྱེ་མཚམས་ཕྱེ་ནས་གྲོང་ཁྱེར་ནང་ལོགས་སུ་ཚོང་ར་བྱེད་ཀྱིན་ཡོད། ཁུན་མིན་རྫོང་རྣམས་ཆུས8དུ་ཕྱེ་ཡོད་ཅིང་། དེའི་ནང་ནས་ཆུས་དང་པོ་དང་། གཉིས་པ། གསུམ་པ། བཞི་པ། ལྔ་པ། བརྒྱད་པ་བཅས་ཀྱི་ཆ་ཤས་ཤིག་ད་ལྟའི་ཀོན་ཏུའུ་ཆུས་ཀྱི་མངའ་ཁོངས་སུ་ཡོད། 

མིན་གོའི་སྲིད་ལོ་ཉེར་བཞི་པར(སྤྱི་ལོ1935ལོ)ཁུན་མིང་རྫོང་ནི་སྔར་བཞིན་ཆུས8དང་ཆུས་ཀྱི་འོག་ཏུ་ཡུལ་ཚོ39དང་གྲོང་རྡལ6ལ་དབྱེ་ཡོད།     

མིན་གོའི་སྲིད་ལོ་ཉེར་དགུ་པར(སྤྱི་ལོ1940ལོ)ཁུན་མིན་རྫོང་གིས་ཆུས་མེད་པར་བྱས་པ་དང་། ཆུས་ཀྱི་འོག་ཏུ་ཡུལ་ཚོ10གྲོང་རྡལ6བཀོད་སྒྲིག་བྱས།    

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ད་ལྟའི་ཀོན་ཏུའུ་ཆུས་ནི་ཝུའུ་ཏེན་ཀྲོན་ཆུས་ཀྱི་ཁུན་མིང་རྫོང་གི་ཆུས་དང་པོ་དང་། གཉིས་པ། གསུམ་པ། བཞི་པ་བཅས་ཡིན།     

སྤྱི་ལོ1953ལོར་ཁུན་མིང་རྫོང་ནི་ཁུན་མིང་གྲོང་ཁྱེར་དུ་ཟླ་སྒྲིལ་བཏང་བ་དང་། ད་ལྟའི་ཀོན་ཏུའུ་ཆུས་ཀྱི་མངའ་ཁོངས་ནི་ཁུན་མིང་གྲོང་ཁྱེར་གྱི་ཆུས་ལྔ་པ་དང་། དྲུག་པ། བདུན་པ་བཅས་ཡིན། 

སྤྱི་ལོ1956ལོའི་ཟླ10བའི་ཚེས19ཉིན་ཡུན་ནན་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཁུན་མིང་གྲོང་ཁྱེར་གྱི་མི་དམངས་ཨུ་ཡོན་ལྷན་ཁང་གིས་དེ་སྔའི་གྲོང་ཁྱེར་མངའ་ཁོངས་ཀྱི་ཆུས་ལྔ་དང་ཆུས་དྲུག་ཟླ་སྒྲིལ་བཏང་ནས་ཀོན་ཏུའུ་ཆུས་ཀྱི་སྒྲིག་གཞི་བཙུགས།     

སྤྱི་ལོ1957ལོར་ཆུས་ལྔ་པ་དང་དྲུག་པ་ཀོན་ཏུའུ་ཆུས་སུ་ཟླ་སྒྲིལ་བཏང་ནས་ཆུས་མི་དམངས་སྲིད་གཞུང་ནི་ཀོན་ཏུའུ་ཆུས་ཀྱི་སྡོད་གནས་སུ་གྱུར་པ་དང་། ཆུས་བདུན་ནི་སྔར་བཞིན་ལུང་ཧྲུའེ་ཆུས་དང་། པའོ་ལོ་གྲོང་ཚོར་བཅའ་སྡོད་བྱས་ཡོད། 

སྤྱི་ལོ1959ལོར་ཀོན་ཏུའུ་གྲོང་རྡལ་ནས་ཆུས་མི་དམངས་སྲིད་གཞུང་གནས་སྤོ་བྱས་པ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས། 

སྤྱི་ལོ1950ལོའི་ཟླ4བའི་ཚེས6ཉིན་ཁུན་མིང་རྫོང་མི་དམངས་སྲིད་གཞུང་བཙུགས། ཝུའུ་ཏིང་ཀྲོན་ཧྲུའུ་དང་རྫོང་སྲིད་གཞུང་གི་བཅའ་སྡོད་ཨན་ཁྲོམ་གཞུང་ཨང12པར་ཡོད། རྫོང་ཡོངས་ལ་ཆུས6ཡོད་པ་དང་། ད་ལྟའི་ཀོན་ཏུའུ་ཆུས་ཀྱི་ཁོངས་སུ་གཏོགས་པའི་རྫོང་གི་གྲས་སུ་ཆུས་དང་པོ་དང་། གཉིས་པ། གསུམ་པ། བཞི་པ་བཅས་ཡོད། ཟླ8པའི་ཚེས30ཉིན། ཁུན་མིང་རྫོང་ནི་ཝུའུ་ཏིང་ཀྲོན་ཡོན་ཧྲུའུ་ནས་ཁུན་མིང་གྲོང་ཁྱེར་དུ་བགོས་ཏེ་འགོ་ཁྲིད་བྱེད་པ་དང་། རྫོང་གི་ཁོངས་གཏོགས་ཆུས་ཀྱི་སྒྲིག་གཞི་བཙུགས ཆུས་འོག་ཏུ་ཡུལ་ཚོ་བཙུགས་པ་དང་། ད་ལྟའི་ཆུས་ཀྱི་མངའ་ཁོངས་སུ་ཡུལ་ཚོ54(“ས་ཞིང་བཅོས་བསྒྱུར”བྱེད་སྐབས་ཡུལ་ཚོ79ལ་དབྱེ་བ)ཡོད།    སྤྱི་ལོ1958ལོར་གྲོང་ཁུལ་གྱི་ཡུལ་ཚོ7དེ་ཀོན་ཏུའུ་ཆུས་དང་ལུང་ཆོན་ཆུས་སོ་སོར་དབྱེ་བ་རེད། ཟླ12པའི་ཚེས21ཉིན། ལུང་ཆོན་ཆུས་ཀྱི་སྒྲིག་གཞི་མེད་པར་བྱས་ཏེ་ཀོན་ཏུའུ་ཆུས་སུ་བགོས།     སྤྱི་ལོ1960ལོའི་ཟླ12པར། ཡུན་ནན་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། སོ་ལྟ་ཁུལ་ཆུང་བའི(སོན་ཕྱུགས་ར་བ་ཆུང་ངུའི་མངའ་ཁོངས་ཀྱི་ཐོན་སྐྱེད་རུ་ཆེན7)ཡུས་མིང་རྫོང་གི་སྒྲིག་གཞི་བཙུགས་ནས་ཀོན་ཏུའུ་ཆུས་སུ་བགོས།     སྤྱི་ལོ1962ལོའི་ཟླ9པར། ཁུན་མིང་གྲོང་ཁྱེར་གྱི་རྒྱལ་གཉེར་ཞིང་ར་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་ཐོན་སྐྱེད་རུ་ཆེན་ཁག་གཅིག་ཀོན་ཏུའུ་ཆུས་སུ་བགོས་ནས་སོ་སོར་མནའ་འབྲེལ་ཀུང་ཧྲེ་དང་། ཅིན་མ་ཀུང་ཧྲེ། མིན་དྲུག་ཀུང་ཧྲེ་བཅས་བཙུགས། 

1980ལོའི་ཟླ1པོར། ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་སྲང་ལམ་གསར་བརྗེ་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ཏེ། སོ་སོར་སྒོ་བརྒྱབ་པ་དང་ཚི་པ་དང་ཞའོ་པ་བཅས་སྲང་ལམ་དོན་གཅོད་ཁང་གསུམ་བཙུགས།

སྤྱི་ལོ1981ལོའི་ཟླ3པར་ཉིའུ་ཅེ་ཀྲོང་ཁྲོམ་གཞུང་དོན་གཅོད་ཁྲུའུ་གསར་དུ་བཙུགས།

སྤྱི་ལོ1981ལོའི་སྔ་རྗེས་སུ་ཀུང་ཧྲེ་ཁག་གིས་གསར་བརྗེའི་ཨུ་ཡོན་ལྷན་ཁང་མེད་པར་བཟོས་པ་དང་། ཀུང་ཧྲེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་ཐོན་སྐྱེད་རུ་ཆེན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་མིང་སླར་གསོ་བྱས། ཟླ6པར་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ནས་ཆུས་མི་དམངས་སྲིད་གཞུང་བཙུགས།     སྤྱི་ལོ1982ལོར། ཅིན་མ་ཀུང་ཧྲེ་ཏུང་ཧྭ་རུ་ཆེན་གྱི་སྒྲིག་གཞི་མེད་པར་བཟོས། ཆུས་ཡོངས་སུ་རུ་ཆེན135ཡོད་པ་རེད།     སྤྱི་ལོ1984ལོའི་ཟླ2པར་སྒྲིག་གཞི་བསྒྱུར་བཅོས་བྱས་ཏེ་ཀུང་ཧྲེ15ཆུས་མི་དམངས་སྲིད་གཞུང་གི་མངགས་གཏོང་ལས་ཁུངས(གྲོང་གསེབ)སུ་བསྒྱུར། སྔོན་གྱི་རུ་ཆེན135ཡི་ཆ་ཤས་ཟླ་སྒྲིལ་བཏང་རྗེས་ཡུལ་ཚོ(ཡུལ་ཚོ་ཆུང་བ)122སུ་བགོས།

སྤྱི་ལོ2004ལོའི་ཟླ6པའི་ཚེས3ཉིན། ས་ཁོངས་ཀྱི་དབྱེ་མཚམས་ལེགས་སྒྲིག་བྱས་རྗེས། ཀོན་ཏུའུ་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ552.21ཡོད་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ67ཡོད། དེའི་ཁོངས་སུ་སྲང་ལམ4དང་། གྲོང་རྡལ3 ཡུལ་ཚོ4བཅས་ཡོད།     སྤྱི་ལོ2006ལོའི་ཟླ1པོའི་ཚེས12ཉིན་ཞའོ་སོ་ཡུལ་ཚོ་མེད་པར་བྱས། དེའི་སྲིད་འཛིན་ས་ཁོངས་དེ་ཏ་པན་ཆའོ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་དང་གྲོང་རྡལ་སྲིད་གཞུང་དེ་སྔའི་ཏ་པན་ཆའོ་གྲོང་རྡལ་སྲིད་གཞུང་གནས་ཡུལ་དུ་བཅའ་སྡོད་བྱས་ཡོད། ལོ་དེའི་ཟླ4བའི་ཚེས17ཉིན། ཀོན་ཏུའུ་གྲོང་རྡལ་དང་པན་ཆའོ་གྲོང་རྡལ་མེད་པར་བཟོས་ནས་རང་རང་སོ་སོའི་སྲང་ལམ་དོན་གཅོད་ཁང་བཙུགས་ཡོད། ཆུས་སྲིད་གཞུང་ཀོན་ཏུའུ་ཁྲོམ་ལམ་དུ་སྤོས།     སྤྱི་ལོ2008ལོའི་ཟླ5པར་ཨ་ལ་དབྱིས་རིགས་ཡུལ་ཚོ་དེ་ཁུན་མིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཚབ་གཉེར་བྱས།     སྤྱི་ལོ2010ལོའི་ཟླ་དང་པོར་ཨ་ལ་དབྱིས་རིགས་ཡུལ་ཚོ་མེད་པར་བཟོས་ནས་ཨ་ལ་ཁྲོམ་གཞུང་བཙུགས་པ་རེད།     སྤྱི་ལོ2014ལོར་ཁུན་མིང་གནམ་ཐང་དཔལ་འབྱོར་ཁུལ་དང་ཏ་པན་ཆའོ་ཁྲོམ་གཞུང་ཡུན་ནན་དབུས་རྒྱུད་ཁུལ་གསར་དུ་བཙུགས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཀོན་ཏུའུ་ཆུས་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་གཏོགས་ཤིང་། ཁུན་མིང་གི་གྲོང་ཁུལ་གཙོ་བོ་བཞིའི་གྲས་ཤིག་ཡིན་པ་དང་ཁུན་མིང་གྲོང་ཁུལ་གཙོ་བོའི་ཤར་ལྷོའི་རྒྱུད་དང་ཏེན་ཁྲིའི་བྱང་ངོགས་སུ་གནས་ཡོད། ཤར་དབྱི་ལིའང་རྫོང་དང་ཉེ་ཞིང་། ལྷོ་ཁྲེང་ཀུང་ཆུས་དང་འབྲེལ། བྱང་ཤར་ཡན་མིན་རྫོང་གི་འབྲེལ་མཚམས་སུ་ཡོད་ཅིང་། ལྷོ་ནུབ་ཏུ་ཏེན་ཁྲི་དང་ཉེ། ནུབ་བྱང་ནི་ཕན་ལུང་ཆུས་འབྲེལ་ཞིང་། ནུབ་ཕྱོགས་ནི་ཞི་ཧྲན་ཆུས་དང་འབྲེལ། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ552ཡོད།

3_2 ས་གཤིས།

ཀོན་ཏུའུ་ཆུས་ཀྱི་ས་བབ་ནི་མཐོ་སྒང་གཤོང་ས་ཡིན་ལ། རི་མ་ཐང་དང་དམའ་བའི་རི་ལས་གྲུབ་པའི་ས་བབ་ནི་བྱང་ཤར་གྱི་མཐོ་ཚད་ཡིན། ལྷོ་ཕྱོགས་སུ་སྐས་དབྱིབས་རིམ་བཞིན་ཇེ་དམའ་རུ་སོང་ལ། བྱང་ཤར་ནས་ལྷོ་ནུབ་ཏུ་གསེག་པ་དང་། གསེག་ངོས་ཀྱི་ཟུར་ཚད་ཏུའུ203ཡས་མས་ཡིན། གཤག་ངོས་གཉིས་བཅད་ནས་མཐོ་ཚད་ཀྱི་འགྱུར་ལྡོག་དེ་ཀའོ་ཧྲན་རི་བོ་ནས་ཏེན་ཁྲི་ལ་མཐུད། དབུས་རྒྱུད་རི་ཁུལ་ནི་བྱང་རྒྱུད་དང་། ཤར་རྒྱུད། ཤར་ལྷོའི་རྒྱུད་བཅས་སུ་ཁྱབ་ཡོད་པ་དང་། རི་མ་ཐང་ཁུལ་དབུས་རྒྱུད་དུ་ཁྱབ་ཡོད། ཆུས་ཡོངས་ཀྱི་ས་བབ་མཐོ་ཚད1886.6-2731བར་ཡོད། ཐང་ཁུལ་གྱི་ས་བབ་མཐོ་ཚད་སྨི1900ནས2000བར་ཡིན་པ་དང་འཕྲེད་ཐིག་དམའ་བའི་ས་བབ་མཐོ་བའི་ས་ཁུལ་དུ་གཏོགས། ཚད་ལྡན་མཐོ་ཚད་སྨི1891ཡོད།   

3_3 ནམ་ཟླ།   

ཀོན་ཏུའུ་ཆུས་ནི་འཕྲེད་ཐིག་བྱང་མའི་འཕྲེད་ཐིག་དམའ་ཤོས་ཀྱི་ཚ་ཁུལ་དང་མཐོ་སྒང་གི་རི་ཁུལ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ཧིན་རྡུ་རྒྱ་མཚོ་ཆེན་མོའི་ལྷོ་ནུབ་ཀྱི་དྲོད་རླངས་དང་བརླན་གཤེར་གྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས། ཉི་འོད་ཕོག་ཡུན་རིང་བ་དང་སད་ཡུན་ཐུང་། ལོ་རེའི་ཆ་སྙོམས་དྲོད་ཚད15℃ཡིན་པ་དང་ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཡུན་ཆུ་ཚོད2200ཡས་མས་ཡིན། སད་མེད་དུས་ཉིན240ཡན་ཡིན། གནམ་གཤིས་དྲོ་ཞིང་དབྱར་ཁར་ཚ་གདུག་མེད་ལ། དགུན་ཁར་གྲང་ངར་མེད། དུས་བཞི་དཔྱིད་དང་འདྲ། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1035ཡིན་པ་དེར་དྲོད་ཁུལ་གྱི་གནམ་གཤིས་ཀྱི་ཁྱད་ཆོས་ལྡན་ཡོད། རྒྱུན་དུ་གཙོ་ཁྲིད་རླུང་ཕྱོགས་ནི་ལྷོ་ནུབ་དང་། རླུང་ཤུགས་སྤྱིར་བཏང་དུ་རིམ་པ2ནས3བར་ཡིན།

4 མི་གྲངས་དང་མི་རིགས།  
4_1 མི་གྲངས།  

སྤྱི་ལོ2014ལོར་ཀོན་ཏུའུ་ཆུས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི87.4ཟིན་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོར་མི་ཁྲི0.4མང་དུ་ཕྱིན་ཡོད། ཐེམ་ཐོའི་མི་གྲངས572636ཟིན་ཡོད། སྤྱི་ལོ2013ལོ་ལས་མི6525འཕར་བའི་ནང་ཞིང་ལས་མིན་པའི་མི་གྲངས572590ཡོད་པ་རེད། ཐེམ་ཐོའི་མི་གྲངས་ཁྲོད་སྐྱེས་པ290753དང་བུད་མེད281883ཡོད། ལོ་ཧྲིལ་པོར་མི་གྲངས་སྐྱེས་ཚད5.67‰ཟིན་ཡོད། ཤི་ཚད2.74‰ཡིན་པ་དང་།རང་བྱུང་གི་འཕར་ཚད2.93‰ཡིན། འཆར་གཞིའི་ནང་ཕྲུ་གུ་སྐྱེ་ཚད97.16%ཡིན།
    སྤྱི་ལོ2015ལོར་ཀོན་ཏུའུ་ཆུས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི88.2ཟིན་ཡོད། སྤྱི་ལོ2014ལོའི་ལོ་མཇུག་ལས་མི་ཁྲི0.8འཕར་བ་དང་། སྐྱེ་ཚད11.21‰ཟིན་ཡོད། ཤི་ཚད5.68‰དང་།མི་གྲངས་རང་ཤུགས་སུ་འཕར་ཚད5.53‰ཡིན་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་བསྡུར་ཚད97.30%ཡིན། ཐེམ་ཐོའི་མི་གྲངས577212ཡོད་པ་དེ་སྤྱི་ལོ2014ལོའི་ལོ་མཇུག་ལས་མི4576འཕར་ཡོད། དེའི་ནང་སྐྱེས་པ292543དང་བུད་མེད284669ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས564762ཡོད་པ་དང་། གྲོང་གསེབ་ཀྱི་མི་གྲངས12450ཡོད།
    2018ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི91.39ཟིན་ཡོད། ལོ་གོང་མ་ལས་མི་ཁྲི1.53འཕར་བ་དང་། རང་ཤུགས་སུ་འཕར་ཚད7.73‰ཡིན་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་བསྡུར་ཚད95%ལས་མང་བ་ཡོད།
    ཐེམ་ཐོའི་མི་གྲངས་ཁྲི་59.24ཟིན་པ་དེ་དུས་མཚུངས་ལས་མི་ཁྲི1.09འཕར་ཡོད།དེའི་ནང་སྐྱེས་པ་ཁྲི29.74དང་བུད་མེད་ཁྲི29.50ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲི7.12ཡོད་པ་དེས་སྤྱིའི་མི་གྲངས་གྱི12.0%བཟུང་ཡོད། མི་གྲངས་སྔོན་གྱི་མི་རིགས་གསུམ་ནི་དབྱིས་རིགས་ཀྱི་མི་གྲངས་ཁྲི3.84ཡིན་པ་དང་། ཧུའེ་རིགས་ཀྱི་མི་གྲངས་ཁྲི0.93ཡིན། པའེ་རིགས་ལ་མི་ཁྲི0.90ཡོད། ལོ་ན་དབྱེ་ནས་བལྟས་ན། ལོ17མན་གྱི་མི་གྲངས་ཁྲི10.47ཡོད་པ་དང་། ལོ18ནས34བར་གྱི་མི་གྲངས་ཁྲི11.23དང་། ལོ35ནས59བར་གྱི་མི་གྲངས་ཁྲི24.41ཟིན། ལོ60ཡན་གྱི་མི་གྲངས་ཁྲི13.13ཟིན་ཡོད།

4_2 མི་རིགས།     

སྤྱི་ལོ2015ལོར་ཀོན་ཏུའུ་ཆུས་ཀྱི་གྲངས་ཉུང་མི་རིགས་ཀྱི་མི་འབོར65984ཡོད། མི་གྲངས་བསྡོམས་འབོར་གྱི11.4%ཟིན་པ་དང་། མི་རབས་ནས་མི་རབས་བར་དབྱི་རིགས35719ཡོད། ཧུའེ་རིགས་མི་གྲངས8961དང་། པའེ་རིགས8279ཡོད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར། ཀོན་ཏུའུ་ཆུས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་སྤྱི་ཆིང6875.4ཟིན་པ་དེ་དུས་མཚུངས་ལས1.6%ཆག་ཡོད། ལྗོངས་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར8.56ཟིན་པ་དེ་དུས་མཚུངས་ལས0.4%ཆག་ཡོད། དེའི་ནང་ཞིང་ལས་ཀྱི་འཕར་ཐང8.5%འཕར་བ་དང་། ནགས་ལས་ཀྱི་འཕར་ཐང8.0%འཕར། འབྲོག་ལས་ཀྱི་རིན་ཐང་འཕར་མ22.0%ཆག་པ་དང་། ཉ་ལས་ཀྱི་རིན་ཐང་འཕར་མ3.9%འཕར། ཞིང་ནགས་འབྲོག་ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ0.7%ཆག་ཡོད།     གྲོང་གསེབ་ཀྱི་གློག་སྤྱོད་ཚད་ཆན་ཝ་ཁྲི2592.8ཟིན་ནས2.6%ཆག ཞིང་སྤྱོད་རྫས་ལུད་སྤྱོད་ཚད་ཏུན་2680.2ཟིན་ཡོད། 6.5%ཆག་ཡོད། ཞིང་སྤྱོད་འགྱིག་ཤོག་སྲབ་མོ་སྤྱོད་ཚད་ཏུན364.9ཟིན་ནས2.6%ཆག ཞིང་སྨན་སྤྱོད་ཚད་ཏུན71.3ཟིན་ནས10.8%ཆག་ཡོད།   

5_2 ཐོན་ལས་གཉིས་པ།  

སྤྱི་ལོ2018ལོའི་ལོ་ཧྲིལ་པོར་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1014.42ཟིན་ཡོད། དུས་མཚུངས་ལས4.9%འཕར་བའི་ནང་དམིགས་བསལ་རིམ་པའི་འོས་ཐོབ་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར369.53མངོན་འགྱུར་བྱུང་ཡོད། རིམ་པ་དང་པོའི་ཐོབ་ཐང་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར460.00མངོན་འགྱུར་བྱུང་ཡོད། རིམ་པ་གཉིས་པའི་འོས་ཐོབ་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར106.79ཟིན་པ་དང་། རིམ་པ་གསུམ་པ་དང་དེ་མན་གྱི་འོས་ཐོབ་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར78.10ཟིན་ཡོད། ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར247.95ཟིན་པ་དེ་དུས་མཚུངས་ལས5.9%འཕར་ནསGDP1.1%འཕར་ཡོད།     

5_3 ཐོན་ལས་གསུམ་པ།    

སྤྱི་ལོ2018ལོའི་ལོ་མཇུག་བར་ཆུས་ཡོངས་སུ་སྐར་མ་རིམ་པའི་གསོལ་མགྲོན་ཁང21དང་རྒྱལ་ཁབ་ཀྱིAརིམ་པའི་མཛེས་ལྗོངས་ཁུལ1ཡོད་པ་རེད། རིམ་རྩིས་བྱས་ན་རྒྱལ་ནང་གི་ཡུལ་སྐོར་མི་གྲངས་ཁྲི3745.41དང་རྒྱལ་སྤྱིའི་ཡུལ་སྐོར་མི་གྲངས་ཁྲི13.84ལ་སྣེ་ལེན་ཞུས་ཡོད། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར546.15ཟིན་པ་དང་ཡུལ་སྐོར་གྱི་ཕྱི་དངུལ་ཡོང་འབབ་ཨ་སྒོར་ཁྲི17085.52ཟིན་ཡོད།

དཔྱད་གཞིའི་ཡིག་ཆ།