ཁ་བསྐོར་བ།སྔ་མའི་པར་གཞི་དེ དཔལ་ཚེ་རྡོར  ནས 2020-06-02 17:39ལ་འགྲུབ།

ཁ་བསྐོར་བ།

མི་རེ་རེ་བཞིན་བསམ་ཚུལ་ཤོད་དུ་བཅུག་ནས་གནད་དོན་གྲོས་བསྡུར་བྱེད་པ།
1 ལོ་ཙཱ།

རྒྱ་ཡིག 口头探问

དབྱིན་ཡིག Oral inquiry

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།[1]མི་རེ་རེ་བྱས་ནས་དྲིས་ཏེ་གྲོས་བསྡུར་བྱེད་པ། 逐一征询,ཕྱོགས་སོ་སོར་ཁ་བསྐོར་ནས་གྲོས་བསྡུར་བ། 向各方面逐一咨询。[2]ཁ་ལོ་བསྒྱུར་བ། 驾驭,操纵,控制:རྟ་ཁ་བསྐོར་བ། 调转马头。[3]མགོ་བསྐོར་ནས་བསྐྱུར་བ། 诱弃:ཁྱི་རྐུན་གཞན་ཡུལ་དུ་ཁ་བསྐོར་བ། 把偷嘴狗引往远方。

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།1.མི་རེ་རེ་བཞིན་བསམ་ཚུལ་ཤོད་དུ་བཅུག་ནས་གནད་དོན་གྲོས་བསྡུར་བྱེད་པ། 2.རྟ་དང་རླངས་འཁོར་སོགས་ཀྱི་ཁ་ལོ་བསྒྱུར་བའམ་ཁ་ཕྱོགས་དཀྱུས་པ། དཔེར་ན། རྟ་ཁ་གཡས་སུ་བསྐོར་བ། རླངས་འཁོར་གྱི་ཁ་གཡོན་ཏུ་བསྐོར་བ་ལྟ་བུ། 3.མགོ་བསྐོར་བཏང་ནས་ས་ཆ་གཞན་ལ་བསྐྱུར་བ། དཔེར་ན། ཁྱི་སྨྱོན་ཡུལ་གཞན་ལ་ཁ་བསྐོར་བ་ལྟ་བུ། 4.ཅ་ལག་སོགས་གྲོགས་པོ་ལ་དམིགས་བསལ་བྱས་ནས་གཏད་པ་སྟེ།དཔེར་ན། ཁོས་ང་ལ་ཚོང་ཞིག་ཁ་བསྐོར་བ་རེད། གསེར་དངུལ་གྲོགས་པོ་ལ་ཁ་བསྐོར་བ་ལྟ་བུ། 5.གྱོད་དོན་སོགས་ཀྱི་སྐབས་རང་ཉིད་དཔང་དུ་བཙུགས་ནས་གནད་དོན་ཐག་གཅོད་པ་སྟེ། དཔེར་ན། གྱོད་དོན་འདི་ལ་ཁྱེད་ཀྱིས་ཁ་བསྐོར་བ་ཡིན་ན་ང་ཡིད་ཆེས་ལྟ་བུ།