ལུང་ཧྭ་རྫོང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-03 11:44ལ་འགྲུབ།

ལུང་ཧྭ་རྫོང་།

ལུང་ཧྭ་རྫོང་།
ལུང་ཧྭ་རྫོང་ནི་རྒྱལ་ཡོངས་ཀྱི་འཐབ་འཛིང་དཔའ་བོ་གྲགས་ཅན་ཏུང་ཚུན་རེ་ཡིས་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་ས་ཆ་ཡིན་ཞིང་། ཁྲེང་ཏེ་གྲོང་ཁྱེར་གྱི་དབུས་ཁུལ་དུ་གནས་ཡོད། ཆི་ལའོ་ཐུའུ་རི་རྒྱུད་ཀྱི་ནུབ་ཕྱོགས། བྱང་དང་བྱང་ཤར་བཅས་ནི་མན་རིགས་སོག་རིགས་རང་སྐྱོང་རྫོང་དང་ནང་སོག་རང་སྐྱོང་ལྗོངས་ཁྲི་ཧྥེང་གྲོང་ཁྱེར་གྱི་ཁ་ལ་ཆིན་ཆི་དང་ཁྱིམ་མཚེས་ཡིན། ལྷོ་ཕྱོགས་སུ་ཧྲོང་ལོན་ཆུས་དང་། ལོན་ཕིན་རྫོང་། ཁྲེང་ཏེ་རྫོང་བཅས་དང་སྦྲེལ་ཡོད། སྤྱི་ལོ2010ལོའི་ལོ་མཇུག་ཏུ་རྫོང་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ5497.30ཡོད་པ་དང་། མི་གྲངས་ཁྲི37.20ཡོད། དེའི་ཁོངས་སུ་གྲོང་རྡལ10དང་། ཤང7མི་རིགས་ཤང8སྡེ་ཁུལ8སྲིད་འཛིན་གྲོང་ཚོ362བཅས་ཚུད་ཡོད། སྤྱི་ལོ2012ལོར“ཀྲུང་གོའི་ཡིག་གཟུགས་འབྲི་སའི་ཕ་ཡུལ”ཞེས་པའི་མཚན་སྙན་ཐོབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
隆化县
ཕྱི་ཡིག་གི་མིང་།
Longhua County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
མི་རིགས་རྫོང་།
ཁོངས་གཏོགས་ས་ཁུལ།
ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར།
མངའ་ཁོངས།
ལུང་ཧྭ་གྲོང་རྡལ། ཧན་མ་ཡིང་གྲོང་རྡལ། ཀྲུང་ཀོན་གྲོང་རྡལ་སོགས།
གནས་ཡུལ།
ཧོ་པེ་ཞིང་ཆེན་གྱི་བྱང་རྒྱུད།
སྲིད་གཞུང་གནས་ཡུལ།
ལུང་ཧྭ་གྲོང་རྡལ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ5497ཡོད།
མི་གྲངས།
ཁྲི37.2ཡོད།
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཅིང་པ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། ཏུང་ཚུན་རེ་སྔོན་གཤེགས་དཔའ་བོའི་བང་སོ་ཁང་། ཀྲང་སན་ཡིང་ཞིང་ལས་སྣོད་བཅུད་ཚན་རྩལ་ལྟ་སྐོར་གླིང་།
སྐད།
སྤྱི་སྐད།
མེ་འཁོར་འབབ་ཚུགས།
ལུང་ཧྭ་མེ་འཁོར་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0314
སྦྲག་སྲིད་ཨང་རྟགས།
068150
སྲིད་འཛིན་ཚབ་ཨང་།
130825
རླངས་འཁོར་ཚབ་ཨང་།
ཅི(冀)H
1 ​ལོ་རྒྱུས་འཕེལ་རིམ།

སྤྱིལོ1949ལོའི་ཟླ10པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། སྔར་བཞིན་ལུང་ཧྭ་རྫོང་དུ་བཞག་པ་དང་། རེ་ཧོ་ཞིང་ཆེན་གྱི་མངའ་འོག་ཏུ་གཏོགས། སྤྱི་ལོ1956ལོའི་ཟླ1པོར་རེ་ཧོ་ཞིང་ཆེན་མེད་པར་བཟོས། ཧོ་པེ་ཞིང་ཆེན་གྱི་ཁྲེང་ཏེ་ཀྲོན་ཆུས་བཙུགས་ཏེ་ལུང་ཧྭ་ཁོངས་སུ་གཏོགས། སྤྱི་ལོ1960ལོའི་ཟླ5པའི་ཚེས3ཉིན་ཁྲེང་ཏེ་ཀྲོན་ཆུས་མེད་པ་བཟོས་པ་དང་ལུང་ཧྭ་རྫོང་ཁྲེང་ཏེ་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག་ཡོད། སྤྱི་ལོ1961ལོའི་ཟླ5པར་ཁྲེང་ཏེ་ཆེད་ཁུལ་གྱི་སྒྲིག་གཞི་སླར་གསོ་བྱས་པ་དང་། ལུང་ཧྭ་རྫོང་སྔར་བཞིན་ཧོ་པེ་ཞིང་ཆེན་ཁྲེང་ཏེ་ཆེད་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1993ལོར་ཁྲེང་ཏེ་ས་ཁུལ་དང་གྲོང་ཁྱེར་ཟླ་སྒྲིལ་བཏང་བ་དང་། ས་ཁུལ་གྱི་སྒྲིག་གཞི་མེད་པར་བཟོས་པ་དང་། ལུང་ཧྭ་རྫོང་ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཡོད།

སྤྱི་ལོ1997ལོར། ལུང་ཧྭ་རྫོང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ5497ཡོད་པ་དང་། མི་གྲངས་ཁྲི40.2ཡོད་པ་དེའི་ཁོངས་སུ་གྲོང་རྡལ10དང་། ཞང10མི་རིགས་ཞང5ཡོད་པ་སྟེ། ལུང་ཧྭ་གྲོང་རྡལ། ཀུའོ་ཅ་ཐུན་གྲོང་རྡལ། ལན་ཆི་གྲོང་རྡལ། ཀྲང་སན་ཡིང་གྲོང་རྡལ། ཆི་ཅ་གྲོང་རྡལ། ཐང་སན་ཡིང་གྲོང་རྡལ། ཐང་ཐོའུ་ཀོའུ་གྲོང་རྡལ། ཧན་མ་ཡིང་གྲོང་རྡལ། ཀྲུང་ཀོན་གྲོང་རྡལ། པུའུ་ཀུའུ་གྲོང་རྡལ། ཧྲི་ཙི་ཀོའུ་ཞང་། ཡུས་ཕོ་ཡིང་མན་ཇུ་རིགས་ཀྱི་སོག་རིགས་ཞང་། ཧྲན་ཝན་ཞང་། པ་ཏ་ཡིང་སོག་རིགས་ཞང་། སོག་རིགས་ཞང་། ཀུའུ་ཐུན་མན་ཇུ་རིགས་ཀྱི་ཞང་། མའོ་ཅིན་པ་ཞང་། ཧོང་ཏེ་ཞང་། དབྱིན་ཅ་ཡིང་ཞང་། ཧན་ཅ་ཞང་སོགས་ཡོད།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་ལུང་ཧྭ་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ5475.30ཡོད་པ་དང་མི་གྲངས་ཁྲི37.20ཡོད། དེའི་ཁོངས་སུ་གྲོང་རྡལ10དང་། ཤང7མི་རིགས་ཤང8སྡེ་ཁུལ8སྲིད་འཛིན་གྲོང་ཚོ362བཅས་ཚུད་ཡོད། 

2 ས་ཁམས་ཁོར་ཡུག
2_1 གནས་ཡུལ།

ལུང་ཧྭ་རྫོང་ནི་ཁྲེང་ཏེ་གྲོང་ཁྱེར་གྱི་དབུས་ཁུལ་དུ་གནས་པ་དང་ལའོ་ཐུའུ་རི་རྒྱུད་བདུན་གྱི་ནུབ་ཕྱོགས་སུ་ཆགས་ཡོད། བྱང་དང་བྱང་ཤར་སྐོར་རའི་རྫོང་དང་ནང་སོག་གི་ཁྱིམ་མཚེས་ཡིན། ལྷོ་རུ་ཁྲེང་ཏེ་གྲོང་ཁྱེར་དང་། ལོན་ཕིན་རྫོང་། ཁྲེང་ཏེ་རྫོང་བཅས་དང་འབྲེལ་ཞིང་། ནུབ་ཏུ་ཧྥེང་ཉིང་རྫོང་དང་འབྲེལ་ཡོད། རྫོང་སྲིད་གཞུང་ནི་ལུང་ཧྭ་གྲོང་རྡལ་གྱི་ཞིན་ཀྲོའུ་ལམ་ཨང115པར་བཅའ་སྡོད་བྱས་ཡོད།

2_2 ས་དབྱིབས།

ལུང་ཧྭ་ནི་ཅི་པེ་རི་ཁུལ་དུ་གནས་པ་དང་། རི་ཁུལ་རྙིང་ཞིང་། རི་མ་ཐང་དང་འདྲ། རོང་ས་ཁོད་སྙོམས་ཤིང་། ལྷག་པར་དུ་དབྱི་ཤུན་གཙང་པོའི་ངོགས་གཉིས་ཀྱི་རོང་ས་ཅུང་ཡངས། ས་ཁོད་སྙོམས་པ་དང་། ས་རྒྱུ་གཤིན་པོ་ཡིན། དགོན་པའི་ཕོ་བྲང་ཆུ་མཛོད་བསྐྲུན་ཚར་རྗེས། ངོགས་གཉིས་ཀྱི་འབྲས་ཀྱི་དྲི་ཞིམ་འཐུལ། རྫོང་དེའི་ལུང་གཞུང་དང་གུ་དོག་པའི་བདེ་ཐང་མ་གཏོགས་མང་ཆེ་བ་ནི་རི་མ་ཐང་དམའ་བ་ཡིན་པ་དང་། “རི་བརྒྱད་ཆུ་གཅིག་ཞིང་སྐལ་གཅིག”ཅེས་འབོད་སྲོལ་ཡོད།

2_3 ཆུ་དཔྱད།

ལུང་ཧྭ་རྫོང་གི་ཆུ་བོ་གཙོ་བོ་ཚང་མ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་ཁྱབ་ཡོད། ནུབ་ནས་ཤར་དུ་རིམ་བཞིན་ལོན་ཧོ་ཆུ་བོ་དང་། དབྱི་མ་ཐུའུ་ཆུ་བོ། དབྱི་ཤུན་ཆུ་བོ། ནེ་ཙའོ་ཆུ་བོ་བཅས་ཡོད། 

3 མི་གྲངས་དང་མི་རིགས།
3_1 མི་གྲངས།

སྤྱི་ལོ2010ལོར་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་གཞི་གྲངས་ལྟར། ལུང་ཧྭ་རྫོང་གི་མི་གྲངས་བསྡོམས་འབོར372030ཡོད། སྤྱི་ལོ2012ལོའི་ལོ་མཇུག་ཏུ་ལུང་ཧྭ་རྫོང་གི་མི་གྲངས་བསྡོམས442729ཟིན་པའི་ནང་བུད་མེད210022ཡོད། ཕྲུ་གུ་སྐྱེ་ཚད13.94‰དང་། ཤི་ཚད4.19མི་གྲངས་རང་ཤུགས་སུ་འཕར་ཚད9.75%བཅས་ཟིན་ཡོད།

3_2 མི་རིགས།

ལུང་ཧྭ་རྫོང་དུ་གྲངས་ཉུང་མི་རིགས14དང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲི22.32ཡོད་པ་དང་། སྤྱིའི་མི་གྲངས་གྱི60%ཟིན་པ་དེ་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་མི་རིགས་རྫོང་གསུམ་གྱི་གྲས་ཤིག་ཡིན། རྫོང་ཡོངས་སུ་མི་རིགས་ཞང(ཅིའུ་ཐུན་མན་ཇུ་རིགས་ཞང་དང་དབྱིན་ཅ་ཡིང་མན་ཇུ་རིགས་ཞང་། ཐའེ་ཕིན་ཀྲོང་མན་ཇུ་རིགས་ཞང་། པ་ཏ་ཡིང་སོག་རིགས་ཞང་། ཡན་ཕའོ་ཡིང་མན་ཇུ་རིགས་ཀྱི་སོག་རིགས་ཞང་། ཞི་ཨ་ཁྲའོ་མན་ཇུ་རིགས་ཀྱི་སོག་རིགས་ཞང་། པའེ་ཧུའུ་ཀོའུ་མན་ཇུ་རིགས་ཀྱི་སོག་རིགས་ཞང་། མིའོ་ཙི་ཀོའུ་མན་ཇུ་རིགས་ཀྱི་སོག་རིགས་ཞང)8ཡོད།

4 དཔལ་འབྱོར།
4_1 ཕྱོགས་བསྡུས།

སྤྱི་ལོ2012ལོར་ལུང་ཧྭ་རྫོང་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར98.2ལེགས་འགྲུབ་བྱུང་བ་དང་། སྤྱི་ལོ2011ལོ་ལས་བརྒྱ་ཆའི11.5འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར24.0ཟིན་ནས3.9%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར50.0ཟིན་ནས16.1%འཕར་ཡོད། དེའི་ནང་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར43.1ཟིན་ནས16.2%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར24.2ཟིན་ནས10.3%འཕར་ཡོད།

སྤྱི་ལོ2012ལོར་ནོར་སྲིད་ཀྱི་ཡོང་སྒོ་ཡོངས་རྫོགས་སྒོར་དུང་ཕྱུར12ལེགས་འགྲུབ་བྱུང་བ་དེ་སྤྱི་ལོ2011ལོ་ལས་བརྒྱ་ཆའི་ 20འཕར་ཡོད། དེའི་ནང་རྫོང་རིམ་པའི་ཡོང་སྒོ་སྒོར་དུང་ཕྱུར4.94ཡིན་པས་སྤྱི་ལོ2011ལོ་ལས38.7%འཕར་ཡོད། སྤྱིར་བཏང་གི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར18.6ཡིན་པས་སྤྱི་ལོ2011ལོ་ལས་བརྒྱ་ཆའི20.1འཕར་ཡོད།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ལུང་ཧྭ་རྫོང་གི་ལས་ཁུངས་ཀྱི་ལས་ཞུགས་མི་སྣ17965ཡོད། ངལ་རྩོལ་ཐོབ་ཆའི་བསྡོམས་འབོར་སྒོར་ཁྲི64565ཟིན་པ་དེ་སྤྱི་ལོ2011ལོ་ལས12.3%འཕར་བ་དང་། དེའི་ནང་ལས་གནས་ཐོག་ཡོད་པའི་ལས་བཟོ16805དང་ལས་གནས་ཐོག་ཡོད་པའི་ལས་བཟོའི་གླ་ཕོགས་བསྡོམས་འབོར་སྒོར་ཁྲི62593ཟིན། སྤྱི་ལོ2011ལོ་ལས་བརྒྱ་ཆའི12.6འཕར་ཡོད།

5 གྲོང་ཁྱེར་གྱི་མཚན་སྙན།

སྤྱི་ལོ2019ལོའི་ཟླ9པར་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས།

སྤྱི་ལོ2020ལོའི་ཟླ2པར་སྤྱི་ལོ2020ལོར་ཀྲུང་གོའི་རྫོང་ཁོངས་ཀྱི་རླབས་ཕྲེང་ཐོན་རྫས་འཛད་སྤྱོད་སྟོབས་ཆེན་བརྒྱའི་ཨང་རིམ41པར་ཚུད།


དཔྱད་གཞིའི་ཡིག་ཆ།