ལོན་ཕིན་རྫོང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-03 09:25ལ་འགྲུབ།

ལོན་ཕིན་རྫོང་།

ལོན་ཕིན་རྫོང་།
​ལོན་ཕིན་རྫོང་ནི་ཧོ་པེ་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ཁྲེང་ཏེ་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་པ་དང་། པེ་ཅིན་དང་། ཧོ་པེ། ནང་སོག་བཅས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི“གསེར་གྱི་ཟུར་གསུམ”འདྲེས་མཚམས་སུ་གནས་ཡོད། པེ་ཅིན་གྱི་བྱང་སྒོ་ཆེན་མོ་ཞེས་འབོད་སྲོལ་ཡོད། ལོན་ཕིན་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ3213ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ95.7དང་ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ67ཡོད། ཤར་རྒྱུད་དང་ཤར་ལྷོའི་རྒྱུད་ནི་ཧྲོང་ལོན་ཆུས་དང་ཁྲེང་ཏེ་རྫོང་དང་ཁྱིམ་མཚེས་ཡིན། ནུབ་རྒྱུད། ནུབ་ལྷོ་བཅས་པེ་ཅིང་གྲོང་ཁྱེར་ཧོའེ་རོའུ་ཆུས་དང་སྨི་ཡུན་ཆུས་དང་འབྲེལ་ཞིང་། བྱང་རྒྱུད་ནི་ཧྥེང་ཉིང་མན་ཇུ་རིགས་རང་སྐྱོང་རྫོང་དང་ལུང་ཧྭ་རྫོང་དང་འབྲེལ་ཡོད། ནུབ་བྱང་རྒྱུད་ཀྱི་ཧྥེང་ཉིང་དང་ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཀུའོ་ལེ་མེང་གི་ཀྲེང་ལན་ཆི་དང་ཏུའོ་ལུན་རྫོང་གི་ས་མཚམས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
滦平县
ཕྱི་ཡིག་གི་མིང་།
Luanping County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
མི་རིགས་རྫོང་།
ཁོངས་གཏོགས་ས་ཁུལ།
ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ7དང་། ཤང4 མི་རིགས་ཤང9བཅས་ཡོད།
གནས་ཡུལ།
ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་གྱི་ནུབ་རྒྱུད།
སྲིད་གཞུང་གནས་ཡུལ།
ལོན་ཕིན་གྲོང་རྡལ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ3213ཡོད།
མི་གྲངས།
ཁྲི27.90ཡོད།
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ལྕགས་རི་རིང་པོ་དང་། པེ་ཚའོ་ཝ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། པི་ཞ་རི་བོའི་མཛེས་ལྗོངས་ཁུལ། རི་སྐོར་མཚེའུ་ཡི་མཛེས་ལྗོངས་ཁུལ།
སྐད།
ལོན་ཕིན་སྐད་ཆ།
མེ་འཁོར་འབབ་ཚུགས།
ལོན་ཕིན་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0314
སྦྲག་སྲིད་ཨང་རྟགས།
068250—068259
སྲིད་འཛིན་ཚབ་ཨང་།
130824
རླངས་འཁོར་ཚབ་ཨང་།
ཅི(冀)H
1 ​ལོ་རྒྱུས་འཕེལ་རིམ།

ཧན་རྒྱལ་རབས་ནུབ་མར་པེ་ཧྲན་རྫོང་བཙུགས།

ཅིན་གྱི་དུས་སུ་དབྱི་ཞིན་རྫོང་བཙུགས།

སྤྱི་ལོ1742ལོར་ཁ་ལ་ཧོ་ཐུན་ཐིན་བཙུགས།

ཆན་ལུང་ཁྲི་ལོ་བཞི་བཅུ་ཞེ་གསུམ་པར(སྤྱི་ལོ1778ལོ)ཁ་ལ་ཧོ་ཐུན་ཐིན་ནི་ལོན་ཕིན་རྫོང་དུ་བསྒྱུར།

སྤྱི་ལོ2007ལོར་ཧོ་པེ་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་གཞིར་བཟུང་ལོན་ཕིང་རྫོང་ཁྲེན་ཅི་ཙི་ཤང་ཁྲེང་ཏེ་གྲོང་ཁྱེར་ཧྲོང་ལོན་ཆུས་ཀྱི་ཁོངས་སུ་བཅུག

སྤྱི་ལོ2010ལོར་ཧོ་པེ་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་གཞིར་བཟུང་ནས་ལོན་ཕིང་རྫོང་ཤིས་ཏི་མན་ཤང་ཁྲེང་ཏེ་གྲོང་ཁྱེར་ཧྲོང་ལོན་ཆུས་ཀྱི་ཁོངས་སུ་དབྱེ་ཡོད།

2 ས་ཁམས་ཁོར་ཡུག
2_1 གནས་སའི་ཡུལ་ཁོངས།

ལོན་ཕིན་རྫོང་ནི་ཧོ་པེ་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཡོད། འཕྲེད་ཐིག་བྱང་མའི40°39′21″—41°12′53″དང་། གཞུང་ཐིག་ཤར་མའི116°40′15″—117°46′03″བར་དུ་གནས་ཡོད། 

2_2 ས་དབྱིབས།

ལོན་ཕིན་རྫོང་ནི“རི་བརྒྱད་ཆུ་གཅིག་ཞིང་སྐལ་གཅིག”གི་རི་ཁུལ་དུ་གཏོགས། དེ་ནི་ཡན་ཧྲན་རི་རྒྱུད་ཀྱི་དཀྱིལ་དུ་གནས་པ་དང་། ནང་སོག་ས་མཐོ་དང་ཡན་ཧྲན་རི་ཁུལ་གྱི་བར་བརྒལ་ས་རྒྱུད་ཅིག་ཡིན། རྫོང་དེ་ཡོངས་ཀྱི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི700ཡོད། རི་ཁུལ་གྱི་མཛེས་ལྗོངས་གཙོ་བོར་བཟུང་ནས་མཐོ་དམའ་ཁྱད་པར་ཆེན་པོ་ཡོད། རྫོང་དེ་ཡོངས་ཀྱི་རི་ཁུལ་གྱི་རྒྱ་ཁྱོན་གྱིས་སྤྱིའི་རྒྱ་ཁྱོན་གྱི87.6%ཟིན་ཡོད། ལྷོ་ནུབ་ནས་བྱང་ཤར་རྒྱུད་དུ་ནང་སོག་མཐོ་སྒང་གི་ཆུ་རགས་མཐོ་སྒང་དུ་རྩྭ་ཐང་དུ་ཁྱབ་ཡོད།

2_3 ནམ་ཟླ།

ལོན་ཕིན་རྫོང་ནི་དྲོ་འཇམ་ས་རྒྱུད་ནས་དྲོད་འབྲིང་ས་རྒྱུད་དུ་བར་བརྒལ་བྱེད་པ་དང་། ཐན་པ་ཕྱེད་ཙམ་གྱི་བར་ལ་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་རྣམ་པའི་ཡན་ཧྲན་རི་ཁུལ་གྱི་གནམ་གཤིས་ཡིན། སྤྱིའི་གནམ་གཤིས་ཀྱི་ཁྱད་ཆོས་ནི་དགུན་རིང་བ་དང་དབྱར་ཐུང་ཞིང་དུས་བཞིའི་དབྱེ་བ་གསལ་པོ་ཡོད།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2016ལོའི་བར་ལོན་ཕིང་རྫོང་ཁོངས་སུ་ཤང་དང་གྲོང་རྡལ20(གྲོང་རྡལ7དང་། ཤང4མི་རིགས་ཤང9)དང་། སྲང་ལམ1སྲིད་འཛིན་གྲོང་ཚོ200གྲོང་ལྷན9བཅས་ཡོད་པ་རེད། དེའི་ནང་ལོན་ཕིན་གྲོང་རྡལ། ཁྲང་ཧྲན་ཡུས་གྲོང་རྡལ། ཀྲང་པའེ་ཝན་གྲོང་རྡལ། ཧོང་ཆི་གྲོང་རྡལ། ཅིན་ཀོའུ་ཐུན་གྲོང་རྡལ། ཧུའུ་ཧྲི་ཧ་གྲོང་རྡལ། པ་ཁེ་ཧྲི་ཡིང་གྲོང་རྡལ། ཕིན་ཧྥང་མན་ཇུ་རིགས་ཞང་། ཨན་ཁྲུན་ཀོའུ་མོན་མན་ཇུ་རིགས་ཞང་། ཧྥུ་ཡིན་ཙི་ཞང་། ཞའོ་ཡིན་མན་ཇུ་རིགས་ཞང་། ཞི་ཀོའུ་མན་ཇུ་རིགས་ཞང་། ཏེང་ཁྲང་མན་ཇུ་རིགས་ཞང་། ཝུའུ་ཏའོ་ཡིན་ཙི་མན་ཇུ་རིགས་ཞང་། ཧྥུ་ཅ་ཏེན་མན་ཇུ་རིགས་ཞང་། ཧའོ་ཏོའུ་ཧྲན་ཞང་། ཧྲུའུ་ཅན་ཧྥང་ཞང་། ཞོད་བ་ཞང་། ཏ་ཐུན་མན་རིགས་ཞང་བཅས་ཡོད།

3_1 མི་གྲངས།

མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པ་བྱས་རྗེས་རྫོང་ལ་སྤྱིའི་མི་གྲངས279050ཡོད། དེའི་ནང་སྐྱེས་པ143837དང་བུད་མེད135213ཡོད། དུད་ཚང་བསྡོམས་འབོར10799ཡོད།

4 དཔལ་འབྱོར།
4_1 ཕྱོགས་བསྡུས།

སྤྱི་ལོ2013ལོར་ལོན་ཕིང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར142.16ལེགས་འགྲུབ་བྱུང་བ་དང་། ལོ་གོང་མ་ལས12.3%འཕར་བའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར24.43ཟིན་ཡོད། བརྒྱ་ཆའི9.3འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར82ཟིན་ནས14.6%འཕར་ཡོད། དེའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར75.46ཟིན་ནས14.8%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར35.73ཟིན་ནས9%འཕར་ཡོད། ནོར་སྲིད་ཡོང་འབབ་ཡོངས་ཀྱིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད16.2%ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས0.2ཆག་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་གྱི་བསྡུར་ཚད་ནི17.2:57.7:25.1ཡིན། སྔ་ལོ་དང་བསྡུར་ན་ཐོན་ལས་དང་པོས་བཟུང་བའི་བསྡུར་ཚད་བརྒྱ་ཆའི་གཞི་གྲངས0.9ཇེ་མཐོར་གྱུར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་གི་བསྡུར་ཚད་བརྒྱ་ཆའི་གྲངས0.4མཐོ་རུ་ཕྱིན་པ་དང་ཐོན་ལས་གསུམ་པའི་བསྡུར་ཚད་བརྒྱ་ཆའི་གྲངས1.3ཆག་ཡོད།

5 སྤྱི་ཚོགས་ལས་དོན།
5_1 སློབ་གསོའི་བྱ་གཞག

སྤྱི་ལོ2013ལོའི་བར་ལོན་ཕིང་རྫོང་དུ་སློབ་འབྲིང་དཀྱུས་མ11ཡོད་པའི་ནང་དམའ་རིམ་སློབ་འབྲིང8དང་། མཐོ་རིམ་སློབ་འབྲིང2ལས་རིགས་སློབ་གསོའི་ལྟེ་གནས1བཅས་ཡོད་པ་རེད། སློབ་གྲྭར་ཡོད་པའི་དམའ་རིམ་སློབ་འབྲིང་གི་སློབ་མ8440ཡོད་པ་དེ་ལོ་གོང་མ་ལས་མི556ཉུང་དུ་ཕྱིན་ཡོད། སློབ་གྲྭར་ཡོད་པའི་མཐོ་འབྲིང་སློབ་མ3224ཡོད་པ་དེ་ལོ་གོང་མ་ལས་མི2740(ཧུའེ་དབྱིན་དང་ལས་རིགས་སློབ་གསོའི་ལྟེ་གནས་ཟླ་སྒྲིལ་གཏོང་བ)ཉུང་དུ་ཕྱིན་ཡོད། ལས་རིགས་སློབ་གསོའི་ལྟེ་གནས3943སློབ་ཆུང121བཅས་ཡོད་པ་རེད། སློབ་གྲྭར་ཡོད་པའི་སློབ་མ21938ཡོད་པ་དེ་སྔ་ལོ་ལས614མང་དུ་ཕྱིན་ཡོད། རྫོང་གི་བུ་བཅོལ་ཁང3དང་སློབ་གྲྭར་ཡོད་པའི་སློབ་མ1770ཡོད། གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་སློབ་གསོ150དང་སློབ་གྲྭར་ཡོད་པའི་སློབ་མ10032ཡོད། རྫོང་དེ་ཡོངས་ལ་ཆེད་བསྐོས་དགེ་རྒན2776ཡོད། དེའི་ནང་མཐོ་འབྲིང་གི་མི198དང་ལས་རིགས་སློབ་གསོའི་ལྟེ་གནས་ཀྱི་མི201ཡོད། དམའ་རིམ་སློབ་འབྲིང་གི་མི719དང་། སློབ་ཆུང་དང་སློབ་ཞུགས་གོང་གི་མི1540རྫོང་ཐད་གཏོགས་བུ་བཅོལ་ཁང་གི་མི99བཅས་ཡོད།

5_2 འཕྲོད་བསྟེན་ལས་དོན།

སྤྱི་ལོ2013ལོའི་ལོ་མཇུག་བར་དུ་ལོན་ཕིང་རྫོང་གི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་མཁན་ཞིང་པ258753ཟིན་པ་དང་མཉམ་ལས་ནང་ཞུགས་ཚད96.12%ཟིན་ཡོད། སྔ་ལོ་ལས་བརྒྱ་ཆའི་གཞི་གྲངས1.12འཕར་ཡོད། 

5_3 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2013ལོར་ལོན་ཕིང་རྫོང་གི་འགན་བཅོལ་སྣ་ཚོགས་ནང་ཁྱོན་མི7892མང་དུ་ཕྱིན་ཡོད། རྫོང་ཡོངས་ཀྱི་ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས32603ཟིན་པ་དང་། ལས་ཁུངས་དང་བྱ་གཞག་གི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས3556ཟིན་ཡོད། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་གྲངས34201ཟིན་པ་དང་། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས14066ལས་བཟོ་པ26294ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས34856ཟིན་པ་དང་། བུད་མེད་བཟོ་པའི་བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས18049ཟིན་ཡོད།

5_4 ངལ་རྩོལ་ལས་ཞུགས་སྐོར།

སྤྱི་ལོ2013ལོར་ལོན་ཕིང་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས3397མང་དུ་ཕྱིན་པ་དང་། ལས་བྲལ་ལས་ཤོར་མི་སྣ3335ལས་ཞུགས་བསྐྱར་མ་ཐུབ་པ་དང་། ལས་ཞུགས་དཀའ་ངལ་ཡོད་པའི་མི977བཀོད་སྒྲིག་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆའི3.8ཟིན་ཡོད། ལོན་ཕིང་རྫོང་གིས་ཕྱི་ཕྱོགས་སུ་གླ་པ་རྒྱུག་མཁན་མི་ཐེངས་ཁྲི6.1ཟིན་པ་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཞིང་ལས་མིན་པའི་ཐོན་ལས་ལ་མི་ཁྲི1.05སྤོ་སྒྱུར་བྱས་ཡོད།

6 ཆོས་ལུགས།

ལོན་ཕིང་རྫོང་ནི་ཧོ་པེ་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་གྱི་གཙོ་གནད་རྫོང་ཞིག་ཡིན། རྫོང་ཡོངས་སུ་དད་ལྡན་མང་ཚོགས་ཁྲི3.7ཙམ་ཡོད་པའི་ནང་གནམ་བདག་ཆོས་ལུགས་ཀྱི་མི5286དང་། ཡེ་ཤུའི་ཆོས་ལུགས་ཀྱི་མི512དབྱི་སི་ལམ་ཆོས་ལུགས་ཀྱི་མི2469ནང་བསྟན་གྱི་མི28000དང་། ཏའོ་ཅའོ་ཆོས་ལུགས་ཀྱི་མི10བཅས་ཡོད། གནམ་བདག་ཆོས་ལུགས། ཅི་ཆོས་ལུགས། དབྱི་སི་ལན་ཆོས་ལུགས། སངས་རྒྱས་ཆོས་ལུགས། ཏའོ་ཅའོ་ཆོས་ལུགས་བཅས་ཆོས་ལུགས་ལྔ་ཚང་མ་འཛོམས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ས11ཡོད་པ་དང་ཆོས་ལུགས་ལས་དོན་མི་སྣ34ཡོད།

7 མཚན་སྙན།

སྤྱི་ལོ2017ལོའི་ཟླ12པའི་ཚེས13ཉིན་ལོན་ཕིང་རྫོང་ལ་ཧོ་པེ་ཞིང་ཆེན་གྱི་ཤེས་དཔལ་རྫོང་གྲོང་སྐབས་དང་པོར་བདམས།

སྤྱི་ལོ2019ལོའི་ཟླ5པའི་ཚེས18ཉིན་ལོན་ཕིང་རྫོང་དེ“སྤྱི་ལོ2019ལོའི་ཀྲུང་གོའི་རྫོང་ཁོངས་མཛེས་ཤོས་ཀྱི་མིང་ཐོའི”ནང་བདམས།

སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)ཁག་གཉིས་པའི་མིང་ཐོར་བདམས།

སྤྱི་ལོ2020ལོར་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་ཞིག་ཡིན།


དཔྱད་གཞིའི་ཡིག་ཆ།