ཝུའུ་ཧྭ་ཆུས།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-06-02 16:21ལ་འགྲུབ།

ཝུའུ་ཧྭ་ཆུས།

ཝུའུ་ཧྭ་ཆུས།
ཝུའུ་ཧྭ་ཆུས་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ལ་གཏོགས་ཤིང་། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གནས་ཡུལ་ནི་ཁུན་མིང་གི་གྲོང་ཁུལ་གཙོ་བོ་བཞིའི་གྲས་ཤིག་ཡིན། ཁུན་མིང་གྲོང་ཁུལ་གཙོ་བོའི་ནུབ་བྱང་ཕྱོགས་སུ་གནས། ཆུས་ཁོངས་གཏོགས་ཀྱི་ཤར་ངོས་སུ་ལུང་ཅང་གཙང་པོ་དང་། ལྷོ་དང་ནུབ་ཕྱོགས་ནི་རི་ཁུལ་དང་འབྲེལ་ཡོད། ནུབ་ཕྱོགས་ནི་ཞི་ཧྲན་ཆུས་ཀྱི་མཐུན་སྒྲིལ་སྲང་ལམ་དང་འབྲེལ་ཡོད། ནུབ་བྱང་ཁུལ་ནི་ཧྥུ་རྨིན་རྫོང་དང་དབྱི་མིན་རྫོང་གི་རྫོང་གཉིས་དང་ཕན་ཚུན་འབྲེལ་ཡོད། ཧྥུ་རྨིན་རྫོང་གི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་སྟོང་སྨི་གྲུ་བཞི་མ381.6ཡོད་པ་དང་། དེའི་ནང་འཛུགས་སྐྲུན་བྱས་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ40.86ཟིན་ཡོད། ཝུའུ་ཧྭ་ཆུས་ཀྱི་ས་བབ་ནི་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ། ས་དབྱིབས་རྙོག་འཛིང་ཆེ་ཞིང་མཚོ་ངོས་ལས་མཐོ་ཚད་སྨི1670~2527བར་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྟོང་སྨི1887ཡོད། ཆུས་ནང་ཁུལ་དུ་ཡུས་ཏའེ་གཙང་པོ་དང་། ཧྲ་ལང་གཙང་པོ། ནུབ་བྱང་ཧྲ་ཧོ་ཆུ་བོ། ལི་ལིའུ་ཝ་ཀུང་གཙང་པོ་སོགས་གཙང་པོ་གཙོ་བོ་དག་ཡོད། སྤྱི་ལོ2018ལོར་ཆུས་ཡོངས་སུ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1115.41ཟིན་པ་དང་། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར41.33ཟིན་ཡོད། ཆུས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི87.82ཟིན་པ་དེ་ལོ་གོང་མ་ལས་མི་ཁྲི0.27མང་དུ་ཕྱིན་ཡོད། ཝུའུ་ཧྭ་ཆུས་ཀྱི་བཅའ་སྡོད་ཁུལ་ནི་ཀྲུང་དབྱང་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་ལས་ཁུངས། ཁེ་ལས་དང་བྱ་གཞག་ཚན་པ་བཅས་མང་པོ་ཡོད་པའི་ཁོངས་གཏོགས་སུ་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི་མང་པོ་ཡོད། མཛེས་ལྗོངས་གྲགས་ཅན་གཙོ་བོ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་ཡུན་ནན་སྐམ་དམག་དམག་རྩལ་ཁང་དང་། ཀྲུའུ་ཏེའི་བཞུགས་གནས་རྙིང་པ། ཚུའེ་ཧུའུ་སྤྱི་གླིང་། ཁུན་མིང་སྲོག་ཆགས་གླིང་སོགས་སྐྱེ་ཁམས་སྤྱི་གླིང་དང་ཡུལ་སྐོར་ས་ཚིགས་མང་པོ་ཡོད། སྤྱི་ལོ2018ལོའི་ཟླ9པར། 《སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེའི་ཆུས་བརྒྱའི་འཕེལ་རྒྱས་ཀྱི་དཔེ་ཐེམ་དཀར་པོའི་དེབ》པེ་ཅིང་དུ་ཁྱབ་བསྒྲགས་བྱས་ནས་སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེའི་ཆུས་བརྒྱའི་ནང་བདམས་ཐོན་བྱུང་བ་རེད། སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་གི་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང་ཁག་གཉིས་པར་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
五华区
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ལྷོ་ནུབ་ས་ཁུལ།
མངའ་ཁོངས། 
ཁྲོམ་གཞུང10ཡོད།
སྦྲག་སྲིད་ཨང་རྟགས།
650032
སྲིད་འཛིན་ཚབ་ཨང་།
530102
རླངས་འཁོར་ཚབ་ཨང་།
云A
མི་གྲངས།
མི་གྲངས་ཁྲི87.82(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས)ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ398ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0871
ཡུལ་སྐད།
ལྷོ་ནུབ་སྐད།
མེ་འཁོར་འབབ་ཚུགས།
ཁུན་མིང་འབབ་ཚུགས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར1115.41(སྤྱི་ལོ2018ལོ)ཡོད།
1 ​ལོ་རྒྱུས་འཕེལ་རིམ།

མིན་གོའི་སྲིད་ལོའི་སྐབས་སུ་ཆུས་ཁོངས་གཏོགས་ཀྱི་ཝུའུ་ཧྭ་རི་བོ་ནི་ཡུན་ནན་དམག་སྲིད་ཀྱི་འགོ་གཙོའི་ལས་ཁུངས་ཀྱི་གནས་ས་ཡིན།    

སྤྱི་ལོ1928ལོའི(མིན་གོའི་སྲིད་ལོ་བཅུ་དྲུག་པའི)ཟླ8པའི་ཚེས1ཉིན། ཁུན་མིན་གྲོང་ཁྱེར་སྲིད་དོན་སྤྱི་ཁྱབ་ཁང་ཞེས་པ་ཁུན་མིན་གྲོང་ཁྱེར་སྲིད་གཞུང་ཞེས་པར་བསྒྱུར་པ་དང་། ཚོང་ཁུལ་དང་པོ་དང་གཉིས་པ་གཉིས་ཡུན་རིང་མ་སོང་བར་ཆུས་ལྔ་པ་དང་དྲུག་པར་བསྒྱུར་པ་རེད། ཆུས་ཀྱི་མངའ་ཁོངས་ནི་ཆུས་གསུམ་པ་དང་བཞི་པའི་ཡོངས་དང་ཆུས་དང་པོ་དང་གཉིས་པ། ལྔ་བ་བཅས་ཀྱི་ཆ་ཤས་ཡིན།   

སྤྱི་ལོ1941ལོར(མིན་གོའི་སྲིད་ལོ་ཉེར་དགུ་པར)གྲོང་ཁྱེར་ནང་རྒྱས་སྐྲུན་བྱས་པའི་ཆུས་བདུན་ཅུ་དོན་བརྒྱད་པའི་ཁོངས་གཏོགས་ས་ཆའི་ཡུས་ཧོང་ཀེ་དང་ལན་ཧྭ་ཁྲི་སོགས་ས་ཆ་ཆ་ཤས་ཝུའུ་ཧྭ་ཆུས་སུ་ཡོད།     སྤྱི་ལོ1949ལོའི་ཟླ12པའི་ཚེས9ཉིན། ཁུན་མིང་བཅིངས་འགྲོལ་བཏང་ཞིང་། ཆུས་ཀྱི་ཁོངས་གཏོགས་ནི་ཝུའུ་ཧྭ་ཧྲན་ཞིང་ཆེན་སྲིད་གཞུང་དང་ཐིང་ཅུས་ཁ་ཤས་ཀྱི་སྡོད་གནས་བྱས།

སྤྱི་ལོ1950ལོའི་ཟླ3པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས། དེ་སྔའི་ཆུས8ཀྱི་སྒྲིག་གཞི་གཞིར་བཟུང་རྩིས་ལེན་བདག་སྤྲོད་བྱས་ཏེ་གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱི་མི་དམངས་སྲིད་དབང་བཙུགས་ཡོད།

སྤྱི་ལོ1951ལོར་ཆུས8ནི་ཆུས5རུ་ཟླ་སྒྲིལ་བཏང་ཡོད་པ་དེའི་ནང་ཆུས་གཉིས་པ་དང་། གསུམ་པ། བཞི་པ་བཅས་མང་ཆེ་བ་དང་། ཆུས་དང་པོ། ལྔ་པ་བཅས་ཀྱི་ཆ་ཤས་ཤིག་ཝུའུ་ཧྭ་ཆུས་སུ་ཡོད།     

སྤྱི་ལོ1953ལོའི་ཟླ1པོར་ཆུས་སྲིད་གཞུང་དུ་བསྒྱུར། ཝུའུ་ཧྭ་ཆུས་དེ་ཆུས་གཉིས་པ་དང་བཞི་བར་བསྒྱུར་ཏེ་རྫོང་རིམ་པའི་སྲིད་དབང་དུ་བསྒྱུར།  

སྤྱི་ལོ1956ལོའི་ཟླ9པར། དེ་སྔའི་ཆུས་གཉིས་པ་དང་བཞི་པ་གཉིས་ཟླ་སྒྲིལ་བཏང་བ་དང་། ས་ཁོངས་ཁྲོད་དུ་ཧྭ་ཧྲན་རི་བོ་ཞེས་པའི་མིང་བཏགས་པ་དང་། ཝུའུ་ཧྭ་ས་ཁུལ་མི་དམངས་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།    

སྤྱི་ལོ2016ལོའི་བར་དུ། ཝུའུ་ཧྭ་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང10ཡོད་ལ། སྡེ་ཁུལ88དང་གྲོང་ཚོ(གྲོང་མི)214ཡི་ཚོགས་ཆུང་བཅས་ཡོད། ཝུའུ་ཧྭ་ཆུས་ནི་ཆུས་ལས་ཁུངས་ཀྱི་ཧྭ་ཧྲན་སྲང་ལམ་ཧྭ་ཧྲན་ནུབ་ལམ་ཨང་དང་པོར་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཝུའུ་ཧྭ་ཆུས་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ལ་གཏོགས་ཤིང་། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གནས་ཡུལ་ནི་ཁུན་མིང་གི་གྲོང་ཁུལ་གཙོ་བོ་བཞིའི་གྲས་ཤིག་ཡིན། ཁུན་མིང་གྲོང་ཁུལ་གཙོ་བོའི་ནུབ་བྱང་ཕྱོགས་སུ་གནས། ཆུས་ཁོངས་གཏོགས་ཀྱི་ཤར་ངོས་སུ་ལུང་ཅང་གཙང་པོ་དང་། ལྷོ་དང་ནུབ་ཕྱོགས་ནི་རི་ཁུལ་དང་འབྲེལ་ཡོད། ནུབ་ཕྱོགས་ནི་ཞི་ཧྲན་ཆུས་ཀྱི་མཐུན་སྒྲིལ་སྲང་ལམ་དང་འབྲེལ་ཡོད། ནུབ་བྱང་ཁུལ་ནི་ཧྥུ་རྨིན་རྫོང་དང་དབྱི་མིན་རྫོང་གི་རྫོང་གཉིས་དང་ཕན་ཚུན་འབྲེལ་ཡོད། ཧྥུ་རྨིན་རྫོང་གི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་སྟོང་སྨི་གྲུ་བཞི་མ381.6ཡོད་པ་དང་། དེའི་ནང་འཛུགས་སྐྲུན་བྱས་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ40.86ཟིན་ཡོད།

3_2 ས་དབྱིབས།   

ཝུའུ་ཧྭ་ཆུས་ཀྱི་ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ། ས་དབྱིབས་རྙོག་འཛིང་ཆེ་ཞིང་མཚོ་ངོས་ལས་མཐོ་ཚད་སྟོང་སྨི1670~2527བར་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1887ཡོད་པ་དང་། མངའ་ཁོངས་སུ་མིན་ཧྲན་དང་། ཧོ་ཡེ་རི་བོ། པའེ་ཉི་རི་བོ། ཀུའོ་ཀའེ་རི་བོ། ཡོན་ཐུང་རི་བོ།  ཝུའུ་ཧྭ་རི་བོ་སོགས་ཡོད།     

3_3 ནམ་ཟླ།  

ཝུའུ་ཧྭ་ཆུས་ནི་འཕྲེད་ཐིག་བྱང་མའི་འཕྲེད་ཐིག་དམའ་བའི་ཚ་ཁུལ་གྱི་མཐོ་སྒང་གི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ཉི་འོད་ཕོག་ཡུན་རིང་བ་དང་སད་ཡུན་ཐུང་། ལོ་རེའི་ཆ་སྙོམས་དྲོད་ཚད15℃ཡིན། ལོ་རེར་ཆ་སྙོམས་ཉི་འོད་ཆུ་ཚོད2200ཡས་མས་ཕོག་པ་དང་སད་མེད་དུས་ཉིན240ཡན་ཟིན་གྱི་ཡོད། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1035ཡིན།

4 མི་གྲངས་དང་མི་རིགས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཆུས་ཡོངས་སུ་རྒྱུན་སྡོད་མི་གྲངས་ཁྲི87.6དང་ཐེམ་ཐོའི་མི་གྲངས(མཐོ་གསར་ལག་རྩལ་ཁུལ་ཚུད་མེད)583144ཡོད་པ་རེད། ཐེམ་ཐོའི་མི་གྲངས་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས566108ཡོད་པ་དེས97.1%བཟུང་བ་དང་། གྲོང་གསེབ་ཀྱི་མི་གྲངས17036ཟིན་པ་དེས2.9%བཟུང་བ་རེད། གྲངས་ཉུང་མི་རིགས82210ཡོད་པ་དེས14.1%བཟུང་ཡོད། མི་གྲངས་འདུས་ཚད་སྟོང་སྨི་གྲུ་བཞི་མ་རེར་མི1528ཡོད་པ་དང་ཐེམ་ཐོའི་མི་གྲངས་རང་ཤུགས་སུ་འཕར་ཚད6.9‰ཡིན།    

སྤྱི་ལོ2016ལོའི་ལོ་མཇུག་ཏུ་ཝུའུ་ཧྭ་ཆུས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི87.27དང་ཐེམ་ཐོའི་མི་གྲངས་ཁྲི63.35ཟིན་ཡོད། ཐེམ་ཐོའི་མི་གྲངས་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས598939ཡོད་པ་དེས94.1%བཟུང་བ་དང་། གྲོང་གསེབ་ཀྱི་མི་གྲངས་34593ཡོད་པ་དེས5.5%བཟུང་ཡོད། གྲངས་ཉུང་མི་རིགས87368ཡོད་པ་དེས13.8%བཟུང་ཡོད། མི་གྲངས་འདུས་ཚད་སྟོང་སྨི་གྲུ་བཞི་མ་རེར་མི2287ཟིན་པ་དང་ཐེམ་ཐོའི་མི་གྲངས་རང་ཤུགས་སུ་འཕར་ཚད6.1‰ཟིན།     

སྤྱི་ལོ2015ལོའི་ལོ་མཇུག་ཏུ་ཝུའུ་ཧྭ་ཆུས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི87དང་ཐེམ་ཐོའི་མི་གྲངས་ཁྲི62.96ཟིན་ཡོད། ཐེམ་ཐོའི་མི་གྲངས་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས594203ཡོད་པ་དེས94.4%བཟུང་བ་དང་། གྲོང་གསེབ་ཀྱི་མི་གྲངས35443ཟིན་པ་དེས5.6%བཟུང་ཡོད། གྲངས་ཉུང་མི་རིགས85968ཡོད་པ་དེས13.7%བཟུང་ཡོད། མི་གྲངས་འདུས་ཚད་སྟོང་སྨི་གྲུ་བཞི་མ་རེར་མི2280ཡོད་པ་དང་ཐེམ་ཐོའི་མི་གྲངས་རང་ཤུགས་སུ་འཕར་ཚད6.24‰ཡིན། 

སྤྱི་ལོ2014ལོའི་ལོ་མཇུག་ཏུ་ཧྭ་ལྔའི་ཁུལ་གྱི་རྒྱུན་སྡོད་མི་གྲངས་ཁྲི86.3ཟིན་པ་དང་། མི་གྲངས་འདུས་ཚད་སྤྱི་ལེ་གྲུ་བཞི་མ་རེར་མི2269དང་། ཞིང་ལས་མི་གྲངས194དང0.003%ཟིན་ཡོད།     སྤྱི་ལོ2018ལོར་ཆུས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི87.82ཟིན་པ་དང་། ལོ་གོང་མ་ལས་མི་ཁྲི0.27འཕར་བ་དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་གྲངས་ཁྲི85.89ཟིན་ཡོད། རྒྱུན་སྡོད་མི་གྲངས་གྱི་བསྡུར་ཚད97.8%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.05མཐོ་རུ་ཕྱིན་ཡོད། རང་ཤུགས་སུ་འཕར་ཚད7.16‰ཟིན་ཡོད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།  

སྤྱི་ལོ2016ལོར་ཝུའུ་ཧྭ་ཆུས་སུ་ཆུས་རིམ་པ་ཡན་གྱི་ཞིང་ལས་སྣེ་འདྲེན་ཁེ་ལས20ཡོད་པ་རེད། གྲོང་ཁྱེར་གྱི་ཞིང་གཞིས་འཛུགས་སྐྲུན་རྣམ་གྲངས་ཁྱོན11ཡོད་པའི་ནང4དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད། ཁྱོན་ས་ཞིང་བརྒྱུད་བཤུག་མུའུ11349.43ལེགས་གྲུབ་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི25231ཟིན་ཡོད་པ་རེད། ཝུའུ་ཧྭ་ཆུས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་གིས་ཁེ་ལས28ནང་འདྲེན་བྱས་པའི་ནང9ལ་ཡུན་ནན་ཞིང་ཆེན་གྱི་སྤུས་ལེགས་འདེབས་འཛུགས་ལས་རིགས་ཀྱི་རྟེན་གཞི་དང་། ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས་སོགས་ཞིང་ཆེན་རིམ་པའི་ས་མཐོའི་ཁྱད་ལྡན་ཞིང་ལས་ཁས་ལེན་ཐོབ་ཡོད་པ་རེད།  

སྤྱི་ལོ2018ལོར་ཝུའུ་ཧྭ་ཆུས་སུ་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3.4ཟིན་པ་དེ་དུས་མཚུངས་ལས3%འཕར་ཡོད། ཞིང་ནགས་འབྲོག་ཉ་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར2.21ཟིན་པ་དེ་དུས་མཚུངས་ལས3.1%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི8628ཟིན་པ་དེ་དུས་མཚུངས་ལས6.6%འཕར་བ་དང་། འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི11898ཟིན་པ་དེ་དུས་མཚུངས་ལས1.4%འཕར། ནགས་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི238ཟིན་པ་དེ་དུས་མཚུངས་ལས3%འཕར། ཉ་ལས་ཀྱི་འཕར་ཐང་སྒོར་ཁྲི609ཟིན་པ་དེ་དུས་མཚུངས་ལས1%འཕར་ཡོད། ཞིང་ནགས་འབྲོག་ཉ་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི762ཟིན་པ་དེ་དུས་མཚུངས་ལས3.3%འཕར་ཡོད།     

སྤྱི་ལོ2018ལོའི་ལོ་མཇུག་ཏུ་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང1550.1ཡོད་པ་རེད། ལོ་ཧྲིལ་པོར་འབྲུ་རིགས་སྤྱིའི་ཐོན་འབོར་ཏུན9017.6ཟིན་པ་དེ་དུས་མཚུངས་ལས23.4%འཕར། སྔོ་ཚལ་ཐོན་ཚད་ཏུན20752.9ཟིན་པ་དེ་དུས་མཚུངས་ལས15.7%འཕར། ཤིང་འབྲས་ཐོན་ཚད་བསྡོམས་འབོར་ཏུན3113.3ཟིན་པ་དེ་དུས་མཚུངས་ལས2.4%འཕར། སྣུམ་རྒྱུ་ཐོན་ཚད་བསྡོམས་འབོར་ཏུན66.3ཟིན་པ་དེ་དུས་མཚུངས་ལས26.9%འཕར། རྡོ་ཐའི་ཐོན་ཚད་ཏུན294.8ཟིན་པ་དེ་དུས་མཚུངས་ལས2.4%འཕར་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཆུས་ཡོངས་སུ་ཁྱོན་གཞི་ཁྱོན་ཡན་གྱི་ཁེ་ལས་དུད་ཚང78(མཐོ་གསར་ལག་རྩལ་ཁུལ་ཚུད)ཡོད་པ་རེད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་སྒོ་སྒོར་དུང་ཕྱུར1091.51ཟིན། ལོ་གོང་མའི་དུས་མཉམ་དང་བསྡུར་ན17%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁྲལ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར215.24ཟིན་པ་དེ་དུས་མཚུངས་ལས0.3%འཕར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར69.04ཟིན་པ་དེ་དུས་མཚུངས་ལས2.62%འཕར་ཡོད།    

སྤྱི་ལོ2018ལོ་ཧྲིལ་པོར་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར477.75ཟིན་པ་དེ་དུས་མཚུངས་ལས19%འཕར་ཡོད། དེའི་ནང་མཛེས་བཟོ་དང་མཛེས་བཟོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར7.25ཟིན་པ་དེ་དུས་མཚུངས་ལས35.86%འཕར་བ་དང་། ཞིང་ཆེན་ཕྱི་རོལ་དུ་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར58.86ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས29.31%འཕར། གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར790.71ཟིན་པ་དེ་དུས་མཚུངས་ལས31.86%འཕར་ཡོད། ལོ་ཧྲིལ་པོར་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར195.83ཟིན་པ་དེ་དུས་མཚུངས་ལས1.1%འཕར་ཡོད།   

5_3 ཐོན་ལས་གསུམ་པ།

སྤྱི་ལོ2016ལོར་ཝུའུ་ཧྭ་ཆུས་ཁོངས་གཏོགས་ཁུལ་དུ་སྐར་མ་རིམ་པའི་མགྲོན་ཁང18ཡོད་པ་རེད། ཡུལ་སྐོར་ལས་དོན་ཁང68དང་། ཞབས་ཞུའི་དྲ་ཚིགས85སྤུས་ཚད་ལེགས་ཁུལ་དཔེ་སྟོན་ཚན་པ2བཅས་ཡོད། ལྗོངས་ཡོངས་ཀྱིས་མི་ཐེངས་ཁྲི1682ལ་ཡུལ་སྐོར་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས11%འཕར། ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར170.1ཟིན་ནས་འཕར་ཚད27%ཟིན་ཡོད།     སྤྱི་ལོ2016ལོར། ཝུའུ་ཧྭ་ཆུས་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར496.68ཟིན་པ་དེ་དུས་མཚུངས་ལས11.7%འཕར་ཡོད། 

སྤྱི་ལོ2018ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར538.27ཟིན་པ་དེ་དུས་མཚུངས་ལས8.7%འཕར་ཡོད། བཅད་གྲངས་ཡན་གྱི་ཁེ་ལས་ཀྱི་ཚོང་ཟོག་སིལ་ཚོང་བསྡོམས་འབོར་འཕར་ཚད་ཀྱི་མདུན་གྲས་ལྔ་ལ་གཞིགས་ན། འཕྲིན་གཏོང་ཡོ་བྱད་རིགས་ཀྱི་རིམ་རྩིས་འཕར་ཚད30.4%ཟིན་ཡོད། ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་རིགས་རིམ་རྩིས་བྱས་ན་འཕར་ཚད18.9%ཟིན། དཔེ་དེབ་དང་ཚགས་པར་དུས་དེབ་རིགས་རིམ་རྩིས་བྱས་ན་འཕར་ཚད14.6%ཟིན། རིགས་གཞན་དག་རིམ་རྩིས་བྱས་ན་འཕར་ཚད12.1%ཟིན། ཉིན་མཁོའི་དངོས་རྫས་རིགས་རིམ་རྩིས་བྱས་ན་འཕར་ཚད10.9%ཟིན་ཡོད།

དཔྱད་གཞིའི་ཡིག་ཆ།