ཞི་ཧྲན་ཆུས།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-06-02 15:11ལ་འགྲུབ།

ཞི་ཧྲན་ཆུས།

ཞི་ཧྲན་ཆུས།
ཅང་སུའུ་ཞིང་ཆེན་གྱི་ཝུའུ་ཞི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ལ། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དབུས་ཁུལ་དང་། ཅང་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད། ཝུའུ་ཞི་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས། ལྷོ་ནས་ཐའེ་ཧུའུ་མཚེའུ་ལ་གཏད་ཅིང་། བྱང་དུ་འབྲི་ཆུ་ལ་ཐུག ཤར་དུ་སུའུ་ཀྲོའུ་དང་ཁྲང་ཧྲུའུ་ལ་ཉེ། ཤར་ནས་ཧྲང་ཧའེ་བར་ལ་སྤྱི་ལེ128ཡོད་ལ། ནུབ་ནས་ནན་ཅིང་བར་ལ་སྤྱི་ལེ177ཡོད། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ396ཡོད། སྤྱི་ལོ2012ལོ་བར་ཤིས་ཧྲན་ཆུས་ཀྱི་ཐེམ་ཐོའི་མི་གྲངས་ལ་ཁྲི42.30ཡོད་པ་དང་། ཞི་ཧྲན་ཆུས་ཀྱི་ཁོངས་སུ་ཁྲོམ་སྲང་གཅིག་དང་གྲོང་རྡལ་བདུན་ཡོད་པ་སྟེ། ཏུང་ཐིང་ཁྲོམ་སྲང་། ཨན་ཀྲེན་གྲོང་རྡལ། དབྱང་ཅན་གྲོང་རྡལ། ཨོ་ཧུའུ་གྲོང་རྡལ། ཧུང་ཧྲན་གྲོང་རྡལ། བྱང་ཤར་ཐང་གྲོང་རྡལ། ཞི་པེ་གྲོང་རྡལ། ཏུང་ཀང་གྲོང་རྡལ་བཅས་ཡོད། ཆུས་མི་དམངས་སྲིད་གཞུང་ནི་ཏུང་ཐིང་ཁྲོམ་སྲང་གི་ཞི་ཀྲོའུ་དབུས་ལམ་དུ་ཆགས་ཡོད་པ་དང་། ཝུའུ་ཞི་གྲོང་ཁྱེར་སྲིད་གཞུང་གི་ཆགས་ཡུལ་ནས་ཤར་ཕྱོགས་སུ་བར་ཐག་ལ་སྨི7000ལྷག་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཞི་ཧྲན་ཆུས།
རྒྱ་ཡིག་གི་མིང་།
锡山区 外文名称
ཕྱི་ཡིག་གི་མིང་།
Xishan District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར། ཅང་སུའུ་ཞིང་ཆེན་ཝུའུ་ཞི་གྲོང་ཁྱེར། སུའུ་ནན་ས་ཁུལ།
མངའ་ཁོངས།
ཁྲོམ་སྲང་གཅིག་དང་གྲོང་རྡལ་བདུན།
སྲིད་གཞུང་སྡོད་གནས།
ཏུང་ཐེང་ཁྲོམ་སྲང་ཞི་ཀྲོའུ་དབུས་ལམ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ396
མི་གྲངས།
ཁྲི42.30(སྤྱི་ལོ2012ལོའི་བར།)
རླངས་འཁོར་ཚབ་ཨང་།
苏B
ཡུལ་སྐད།
ཝུའུ་སྐད།
ནམ་ཟླ།
ཚ་ཁུལ་ཕལ་བའི་རྒྱ་མཚོ་རང་བཞིན་གྱི་ནམ་ཟླ།
གནམ་གྲུའི་ཐང་།
སུའུ་ནན་ཧྲུའོ་ཧྥང་རྒྱལ་སྤྱིའི་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཝུའུ་ཞི་མེ་འཁོར་འབབ་ཚུགས།
1 འཕེལ་རིམ་ལོ་རྒྱུས།

ཅང་སུའུ་ཞིང་ཆེན་གྱི་ཝུའུ་ཞི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ལ། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དབུས་ཁུལ་དང་། ཅང་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད། ཝུའུ་ཞི་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས། ལྷོ་ནས་ཐའེ་ཧུའུ་མཚེའུ་ལ་གཏད་ཅིང་། བྱང་དུ་འབྲི་ཆུ་ལ་ཐུག ཤར་དུ་སུའུ་ཀྲོའུ་དང་ཁྲང་ཧྲུའུ་ལ་ཉེ། ཤར་ནས་ཧྲང་ཧའེ་བར་ལ་སྤྱི་ལེ128ཡོད་ལ། ནུབ་ནས་ནན་ཅིང་བར་ལ་སྤྱི་ལེ177ཡོད། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ396ཡོད།

ཞི་ཧྲན་ཆུས་ནི་ཚ་ཁུལ་ཕལ་བའི་དུས་རླུང་དང་རྒྱ་མཚོའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་ལ། “ཉ་དང་འབྲས་ཀྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཡང་ཐོབ་ཡོད། སྤྱི་ལོ2017ལོའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་ཁོངས་སུ་བདམས། སྤྱི་ལོ2018ལོར་ལོ་འཁོར་དེའི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱ། རྒྱལ་ཡོངས་ཀྱི་མ་རྐང་འཇོག་པ་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཆུས་བརྒྱ། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱ། རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱ་སོགས་ཀྱི་གྲས་སུ་བདམས་པ་རེད། སྤྱི་ལོ2018ལོའི་ཟླ11པར་སྤྱི་ལོ2018ལོའི་བཟོ་ལས་སྟོབས་ཆེན་ཆུས་བརྒྱའི་གྲས་སུ་བདམས་པ་རེད། སྤྱི་ལོ2019ལོའི་ཟླ10པར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་ཨང་བཅོ་བརྒྱད་པར་བདམས། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱ་དང་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་ནང་དུ་བདམས་པ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2012ལོ་བར་ཤིས་ཧྲན་ཆུས་ཀྱི་ཐེམ་ཐོའི་མི་གྲངས་ལ་ཁྲི42.30ཡོད་པ་དང་། ཞི་ཧྲན་ཆུས་ཀྱི་ཁོངས་སུ་ཁྲོམ་སྲང་གཅིག་དང་གྲོང་རྡལ་བདུན་ཡོད་པ་སྟེ། ཏུང་ཐིང་ཁྲོམ་སྲང་། ཨན་ཀྲེན་གྲོང་རྡལ། དབྱང་ཅན་གྲོང་རྡལ། ཨོ་ཧུའུ་གྲོང་རྡལ། ཧུང་ཧྲན་གྲོང་རྡལ། བྱང་ཤར་ཐང་གྲོང་རྡལ། ཞི་པེ་གྲོང་རྡལ། ཏུང་ཀང་གྲོང་རྡལ་བཅས་ཡོད། ཆུས་མི་དམངས་སྲིད་གཞུང་ནི་ཏུང་ཐིང་ཁྲོམ་སྲང་གི་ཞི་ཀྲོའུ་དབུས་ལམ་དུ་ཆགས་ཡོད་པ་དང་། ཝུའུ་ཞི་གྲོང་ཁྱེར་སྲིད་གཞུང་གི་ཆགས་ཡུལ་ནས་ཤར་ཕྱོགས་སུ་བར་ཐག་ལ་སྨི7000ལྷག་ཡོད་པ་རེད།

སྤྱི་ལོ2013ལོའི་བར་ཤིས་ཧྲན་ཆུས་ཁོངས་སུ་ཁྲོམ་སྲང་ལྔ་དང་། གྲོང་རྡལ་བཞི། སྲིད་འཛིན་གྲོང་ཚོ་དོན་དྲུག སྡེ་ཁུལ་གྲོང་ཚོ་ཨུ་ཡོན་ལྷན་ཁང་བཞི་བཅུ་བཅས་ཡོད་པ་རེད།

3 ནམ་ཟླའི་ཆ་རྐྱེན།

སྤྱི་ལོ2012ལོར་ཞི་ཧྲན་རི་ཁུལ་གྱི་དྲོད་ཚད་སྤྱིའི་ཆ་ནས་རྒྱུན་གཏན་ཡིན་མོད། འོན་ཀྱང་ཆར་ཆུ་འབབ་ཚད་ཅུང་མང་། དུས་དང་བར་སྟོང་གི་ཁྱབ་ཚུལ་དོ་སྙོམས་མེད་པ་དང་ཉི་འོད་སྤྱིར་ན་རྒྱུན་གཏན་ཡིན་པའི་ཁྱད་ཆོས་ལྡན་པ་རེད། གནོད་སྐྱོན་རང་བཞིན་གྱི་གནམ་གཤིས་གཙོ་བོ་ནི་གྲང་རྒྱུན་དང་དྲོད་ཚད་མཐོ་དྲགས་པ། དྲག་ཆར། རླུང་འཚུབ་དྲག་པོ། སྨུག་རྡུལ་འཁྲིགས་པ། ཆར་པ་བསྟུད་མར་འབབ་པ་སོགས་ཡིན།

4 མི་གྲངས་གནས་ཚུལ།

སྤྱི་ལོ2012ལོར་ཞི་ཧྲན་ཆུས་ཀྱི་ཐེམ་ཐོའི་དུད་ཁྱིམ་གྱི་གྲངས་ཀ་ཁྲི12.58དང་། མི་གྲངས་བསྡོམས་པའི423024ལྷག་ཙམ་ཡོད་པའི་ནང་སྐྱེས་པའི་མི་འབོར207329དང་སྐྱེས་མའི་མི་གྲངས215695ཡོད་པ་རེད། ལོ་ཧྲིལ་པོར་སྐྱེས་པའི་མི་གྲངས3786ཡོད་པའི་ནང་ཕྲུ་གུ་བུ1934དང་། ཕྲུ་གུ་བུ་མོ1852ཡོད། འདས་གྲོངས་སུ་གྱུར་པའི་མི་གྲངས་ལ3019ཡོད། ལོ་ཧྲིལ་པོའི་མི་གྲངས་རང་ཤུགས་སུ་མི767འཕར་བ་དང་། མི་གྲངས་རང་ཤུགས་སུ་འཕར་ཚད་ཀྱིས1.82‰བཟུང་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཆ། ཡུལ་གྲུ། རིག་གནས།