ཞི་ཧྲན་ཆུས།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-06-02 16:21ལ་འགྲུབ།

ཞི་ཧྲན་ཆུས།

ཞི་ཧྲན་ཆུས།
ཞི་ཧྲན་ཆུས་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་གཏོགས་ཤིང་། ཁུན་མིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་བཞིའི་གྲས་ཤིག་ཡིན་པ་དང་ཁུན་མིང་གྲོང་ཁུལ་གཙོ་བོའི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཤར་དུ་ཝུའུ་ཧྭ་ཆུས་དང་ཀོན་ཏུའུ་ཆུས་ཀྱི་ས་མཐའ་དང་འབྲེལ་ཞིང་། ཁྲེང་ཀུང་ཆུས་དང་ཁ་སྤྲོད་དུ་ཡོད། ལྷོ་ནི་ཅིན་ཉིན་ས་ཁུལ་དང་འབྲེལ་ལ། ནུབ་ནི་ཁུན་མིང་གྲོང་ཁྱེར་གྱི་ཨན་ཉིང་གྲོང་ཁྱེར་དང་ཁྲུའུ་ཞུང་ཁུལ་གྱི་ལུའུ་ཧྥུང་རྫོང་དང་འབྲེལ་ཡོད། བྱང་ཕྱོགས་སུ་ཧྥུའུ་རྨིན་རྫོང་དང་ཝུའུ་ཧྭ་ཆུས་གཉིས་འབྲེལ་ཡོད། ཞི་ཧྲན་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ881.32ཡོད། དེའི་ནང་ཞི་ཧྲན་ཆུས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ660.49ཡོད་པ་དེས74.94%བཟུང་བ་དང་། པཱ་ཆུས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ220.83ཟིན་པ་དེས25.06%བཟུང་ཡོད། ཁོངས་གཏོགས་ཆུས་སུ་ཏེན་ཁྲི་མཚེའུ་ཡི་འགྲམ་རྒྱུད་དང་སྤྱི་ལེ68ཡོད། ས་བབ་མཐོ་ཤོས་སྨི2622ཟིན་པ་དང་ས་བབ་དམའ་ཤོས་སྨི1731ཟིན་ཡོད། སྤྱི་ལོ2017ལོ་བར་བཅའ་སྡོད་ཁེ་ལས2461ཡོད་པ་རེད། ཞི་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་སྲང་ལམ་དོན་གཅོད་ཁང10ཡོད་པ་དང་། ཁོངས་གཏོགས་སུ་དབྱི་རིགས་དང་། པའེ་རིགས། ཧུའེ་རིགས། མིའོ་རིགས། འཇང་རིགས། ཀྲོང་རིགས། ཧ་ཉི་རིགས། ལི་སུའུ་རིགས། མན་ཇུ་རིགས། སོག་རིགས་སོགས་གྲངས་ཉུང་མི་རིགས25བསྡད་ཡོད། སྤྱི་ལོ2017ལོར་ཞི་ཧྲན་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི78.4ཡོད་པ་རེད། སྤྱི་ལོ2017ལོའི་ལོ་ཧྲིལ་པོར་།ཞི་ཧྲན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར567.09ཟིན་ཡོད། ཁོངས་གཏོགས་ཆུས་སུ་ཞི་ཧྲན་མཛེས་ལྗོངས་གྲགས་ཅན་ཁུལ་དང་། ཉིར་གྱི་བང་སོ། ནན་དབྱང་འཕྲུལ་ཆས་བཟོ་པའི་དྲན་གསོ་ཁང་། ཀོན་ཏེན་ཁྲི། ཀོན་ཐའེ་ཧྭ་དགོན། པི་ཅི་ཡུས་ལན་གླིང་། ཆན་པུའུ་ཡ་ཏའོ་ལམ། ལེང་ཝང་ཚ་གཡོལ་སྟེགས་བུའི་གནའ་ཤུལ། ལུང་མོན་བྲག་རག རྡོ་ཚལ་ཆུང་ཆུང་སོགས་མཛེས་ལྗོངས་གྲགས་ཅན་ཡོད། སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་གི་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)ཁག་གཉིས་པར་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西山区
ཕྱི་ཡིག་གི་མིང་།
Xishan Qu
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ལྷོ་ནུབ་ས་ཁུལ།
མངའ་ཁོངས། 
ཁྲོམ་གཞུང10ཡོད།
སྦྲག་སྲིད་ཨང་རྟགས།
650100
སྲིད་འཛིན་ཚབ་ཨང་།
530112
རླངས་འཁོར་ཚབ་ཨང་།
云A
མི་གྲངས།
མི་གྲངས་ཁྲི78.4(སྤྱི་ལོ2017ལོའི་རྒྱུན་སྡོད་མི་གྲངས)ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ881.32ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0871
ཡུལ་སྐད།
ལྷོ་ནུབ་སྐད།
མེ་འཁོར་འབབ་ཚུགས།
ཁུན་མིང་འབབ་ཚུགས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར567.09(སྤྱི་ལོ2017ལོ)ཡོད།
1 ལོ་རྒྱུས་འཕེལ་རིམ།

མིན་གོའི་སྲིད་ལོ་ཉེར་བདུན་པར(སྤྱི་ལོ1938ལོར)ཁུན་མིང་རྫོང་གྲོང་ཁྱེར་ཡུལ་ཚོ་རུ་བསྒྱུར་ནས་ཆུས8དང་གྲོང་རྡལ6དང་ཡུལ་ཚོ39བཙུགས་ཡོད། དེའི་རིང་ཆུས་ནི་ཆུས་ལྔ་པའི་ཧྥན་ཀྲུའུ་ཡུལ་ཚོ་དང་། ལེན་ཧྭ་ཡུལ་ཚོ་། པེ་ཚང་ཡུལ་ཚོ་བཅས་ཀྱི་ས་ཆ་ཁག་གཅིག་ཡིན། ཁུལ་དྲུག་པའི་ཧྲ་ལང་ཡུལ་ཚོ་དང་། བཟོ་གྲྭ་ཡུལ་ཚོ། ལུང་ཆེན་ཡུལ་ཚོ། ཁམ་བུ་གླིང་ཡུལ་ཚོ། ཆུས་བདུན་པའི་ཞི་མ་ཡུལ་ཚོ་དང་། ཞི་ཧྭ་ཡུལ་ཚོ། ཐུའུ་སྟོད་ཡུལ་ཚོ། ཀྲང་ཡུལ་ཚོ། ཡུན་ལིན་ཡུལ་ཚོ། ཧའེ་ཡོན་ཡུལ་ཚོ། པི་ཅི་ཡུལ་ཚོ། ཏ་ཡུས་གྲོང་རྡལ་བཅས་སུ་བགོས་ཤིང་། ཆུས་བརྒྱད་པར་སྣང་གསལ་ཡུལ་ཚོ། སྤྲོ་སྐྱིད་ཡུལ་ཚོ། ཡུང་ཅིང་ཡུལ་ཚོ་སོགས་ཆུས4དང་གྲོང་རྡལ18བཅས་ཡོད།     

མིན་གོའི་སྲིད་ལོ་ཉེར་བརྒྱད་པར(སྤྱི་ལོ1939ལོར)གོ་མིན་སྲིད་གཞུང་གིས་པའོ་ཅའི་ལམ་ལུགས་ཁྱབ་སྤེལ་བྱས། ཁུན་མིང་རྫོང་དུ་ཡུལ་ཚོ10དང་གྲོང་རྡལ6ཡོད་པ་དང་ཆུས་ནང་ཁུལ་དུ་ཏ་ཡུས་གྲོང་རྡལ་དང་། ལིང་ཡོན་ཡུལ་ཚོ། པེ་ཤིན་ཡུལ་ཚོ། ཡུས་ཀྲེན་ཡུལ་ཚོ། ཤིས་པི་ཡུལ་ཚོ་བཅས་ཀྱི་ས་ཆ་ཁག་གཅིག་བགོས་ཡོད།

སྤྱི་ལོ1953ལོར་གྲོང་ཁྱེར་དང་རྫོང་ཟླ་སྒྲིལ་བཏང་ནས་ཁུན་མིང་རྫོང་གི་སྒྲིག་གཞི་མེད་པར་བཟོས་པ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ1953ལོར་གྲོང་ཁྱེར་དང་རྫོང་ཟླ་སྒྲིལ་བཏང་ནས་ཁུན་མིང་གྲོང་ཁྱེར་གྱི་ཆུས་བརྒྱད་པ་དང་དགུ་པར་དབྱེ་བ་ཡིན།    

སྤྱི་ལོ1953ལོའི་ཟླ7པ་ནས་སྤྱི་ལོ1956ལོའི་ཟླ9པའི་བར་ཁུན་མིང་གྲོང་ཁྱེར་གྱི་ཆུས་བརྒྱད་པའི་ཁོངས་སུ་ཧའེ་ཡོན་དགོན་ཡུལ་ཚོ་དང་། ལེན་ཅ་ཡུལ་ཚོ། ཧྲ་ལང་ཡུལ་ཚོ། ལེང་ཡོན་ཡུལ་ཚོ། ཐའོ་ཡོན་ཡུལ་ཚོ། ལུང་ཆིང་ཡུལ་ཚོ། ཁྲང་ཁོའུ་ཡུལ་ཚོ། ཁྲུའུ་ལིའུ་ཡུལ་ཚོ། ཝ་ཀུང་ཡུལ་ཚོ་བཅས་ཁྱོན་ཡུལ་ཚོ10ཡོད་པ་དང་། ཆུས་དགུ་པའི་ཁོངས་སུ་ཅི་ཧྲན་ཡུལ་ཚོ་དང་། མ་ཅེ་ཡུལ་ཚོ། པི་ཅི་ཡུལ་ཚོ། ཧྥེང་ཧྭ་ཡུལ་ཚོ། མིང་ལང་ཡུལ་ཚོ། ཆི་ཐའེ་ཡུལ་ཚོ། ལུང་ཐན་ཡུལ་ཚོ། ཡུང་ཅིན་ཡུལ་ཚོ། ཡུས་ཧྭ་ཡུལ་ཚོ་། ལུའི་ཙེ་ཡུལ་ཚོ། ཀུའུ་ལི་ཡུལ་ཚོ། ལེ་མུའུ་ཡུལ་ཚོ་བཅས་ཁྱོན་བསྡོམས་ཡུལ་ཚོ12ཡོད། སྤྱི་ལོ1954ལོའི་ཟླ1པོ་ནས་སྤྱི་ལོ1956ལོའི་ཟླ9བའི་བར་ཁུན་མིང་གྲོང་ཁྱེར་གྱི་ཆུས་བཅུ་པའི་ཁོངས་སུ་པའེ་ཡུས་ཡུལ་ཚོ་དང་། ཧོ་ཕིང་ཡུལ་ཚོ། ལི་རེན་ཡུལ་ཚོ། ཀྲུང་པའོ་ཡུལ་ཚོ། ཀྲུང་ཕིང་ཡུལ་ཚོ། ཧྲོང་སུའུ་ཡུལ་ཚོ་བཅས་ཁྱོན་ཡུལ་ཚོ6ཡོད།     སྤྱི་ལོ1956ལོའི་ཟླ10པའི་ཟླ་མཇུག་ཏུ། ཞི་ཧྲན་ཆུས་བཙུགས་པ་དང་། ཁོངས་གཏོགས་སུ་དེ་སྔའི་ཁུན་མིང་གྲོང་ཁྱེར་གྱི་ཆུས་བརྒྱད་པ་དང་ཆུས་དགུ་པའི་ཁོངས་གཏོགས་ཀྱི་ཡུལ་ཚོ22ཡོད། ཆུས་བཅུ་བའི་མིང་ནི་ཧའེ་ཁོའུ་ཆུས་སུ་བསྒྱུར།     སྤྱི་ལོ1958ལོའི་ཟླ10པར། ཆུ་སྟོད་བཅས་ཀྱི་མི་དམངས་ཀུང་ཧྲེ3བཙུགས་ནས་ལིའང་ཅ་ཧོ་དང་། ལུང་ཐན། བཟོ་གྲྭ་བཅས་སུ་བཅའ་སྡོད་བྱས་པ་རེད། དེ་སྔའི་ཡུལ་ཚོ་ཆུང་བ22དང་། ཝུའུ་ཧྭ་ས་ཁུལ་གྱིས་བཅད་པའི་ཅིན་ཧྭ་དང་ཧུང་ལེན་ཡུལ་ཚོ་གཉིས་དོ་དམ་ཁུལ་དུ་བསྒྱུར། ཁྱོན་དོ་དམ་ཁུལ24དང་ཁྲོམ་གཞུང་དོན་གཅོད་ཁྲུའུ3ཡོད་པ་རེད།   

སྤྱི་ལོ1960ལོའི་ཟླ5པར་ཀུང་ཧྲེ་དང་རུ་ཁག་གི་གཞི་ཁྱོན་ལེགས་སྒྲིག་བྱས་པ་དང་། ཞི་ཧྲན་ཆུས་སུ་ཀུའུ་ཆི། ཧྲ་ལང་བཅས་མི་དམངས་ཀུང་ཧྲེ7ལ་བཅོས་སྐྲུན་བྱས།

སྤྱི་ལོ1960ལོར་ཨན་ཉིང་རྫོང་ཧའེ་ཞིན་མི་དམངས་ཀུང་ཧྲེ་རུ་བསྒྱུར།

སྤྱི་ལོ1959ལོར་ཁུན་མིང་གྲོང་ཁྱེར་ཧའེ་ཁོའུ་རྒྱལ་གཉེར་ཞིང་རར་བསྒྱུར།

སྤྱི་ལོ1961ལོའི་ཟླ4པར་ཞི་ཧྲན་ས་ཁུལ་དུ་བགོས་ནས། ཧའེ་ཁོའུ་མི་དམངས་ཀུང་ཧྲེ་ཞེས་པར་བསྒྱུར།   

སྤྱི་ལོ1963ལོའི་ཟླ1པོར། ཞི་ཧྲན་ས་ཁུལ་གྱིས་མི་དམངས་ཀུང་ཧྲེ8དེ་མི་དམངས་ཀུང་ཧྲེ21ཏུ་བགོས།     

སྤྱི་ལོ1984ལོར་ཀུང་ཧྲེ་དོན་གཅོད་ཁང་དུ་བསྒྱུར།  

སྤྱི་ལོ1988ལོའི་ཟླ2པར། ཡུལ་ཚོ་དང་གྲོང་རྡལ་གྱི་སྒྲིག་སྲོལ་བསྒྱུར་བཅོས་བྱས་པ་དང་། དོན་གཅོད་ཁང་གིས་ཡུལ་ཚོ(གྲོང་རྡལ)བསྐྱར་སྐྲུན་བྱས་ཤིང་། ཏུང་ཧྥེང་དང་ཧའེ་ལེན་ཞེས་པ་ནི་མ་ཅེ་དང་ཧའེ་ལིན་དུ་བཟོས། མ་ཅེ་གྲོང་རྡལ་དང་། ཧེ་ལིན་ཕུའུ་གྲོང་རྡལ། པི་ཅི་གྲོང་རྡལ། ཧའེ་ཁོའུ་གྲོང་རྡལ་བཅས་བཙུགས།

སྤྱི་ལོ1992ལོར་ཆུས་ཡོངས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ4དང་ཡུལ་ཚོ4དང་ཁྲོམ་གཞུང་དོན་གཅོད་ཁྲུའུ1ཡོད། གྲོང་གསེབ་ཀྱི་དོན་གཅོད་ཁང62དང་། རང་བྱུང་གྲོང་ཚོ454བཅས་ཡོད། གྲོང་མིའི་ཨུ་ཡོན་ལྷན་ཁང380དང་། ཐོན་སྐྱེད་མཉམ་ལས་ཁང568  གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་ཨུ་ཡོན་ལྷན་ཁང13བཅས་ཡོད། 

སྤྱི་ལོ2000ལོར་ཞི་ཧྲན་ཆུས་སུ་སྲང་ལམ1དང་། གྲོང་རྡལ4  ཡུལ་ཚོ4བཅས་ཡོད།     

སྤྱི་ལོ2003ལོའི་ཟླ6པའི་ཚེས20ཉིན། མ་ཅེ་གྲོང་རྡལ་དང་ཧེ་ལིན་ཕུའུ་གྲོང་རྡལ་དངོས་སུ་མེད་པར་བྱས་ཏེ་སྲང་ལམ་བཙུགས།   

སྤྱི་ལོ2004ལོའི་ཟླ6པའི་ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁུན་མིང་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ལེགས་སྒྲིག་བྱེད་པར་ཆོག་མཆན་བཀོད་པ་སྟེ། ཁུན་མིང་གྲོང་ཁྱེར་གྱི་ཝུའུ་ཧྭ་ཆུས་དང་ཕན་ལུང་ཆུས། ཀོན་ཏུའུ་ཆུས། ཞི་ཧྲན་ཆུས་བཅས་ཀྱི་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ལེགས་སྒྲིག་བྱས།    

སྤྱི་ལོ2005ལོའི་ཟླ1པའི་ཚེས1ཉིན། ཁུན་མིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་བཞི་ཡིས་ཁུལ་གསར་བ་ལྟར་སྲིད་འཛིན་དང་དཔལ་འབྱོར། སྤྱི་ཚོགས་ལས་དོན་གྱི་དོ་དམ་དབང་ཚད་དངོས་སུ་ལག་བསྟར་བྱས། 

སྤྱི་ལོ2006ལོར་དབྱི་རིགས་པའེ་རིགས་ཡུལ་ཚོ་དང་ཀུའུ་ལི་དབྱི་རིགས་པའེ་རིགས་ཡུལ་ཚོ་ལ་མཐུན་སྒྲིལ་བྱས། མཐུན་སྒྲིལ་གྲོང་རྡལ་བཙུགས་པ་དང་། གྲོང་རྡལ་སྲིད་གཞུང་གིས་དེ་སྔའི་དབྱི་རིགས་པའེ་རིགས་ཡུལ་ཚོ་སྲིད་གཞུང་གི་སྡོད་གནས་ལ་མཐུན་སྒྲིལ་བྱས། 

སྤྱི་ལོ2009ལོའི་ཟླ7པའི་ཚེས31ཉིན།ཧའེ་ཁོའུ་གྲོང་རྡལ་དང་། པི་ཅི། ཧའེ་ཁོའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཞི་ཧྲན་ཆུས་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་གཏོགས་ཤིང་། ཁུན་མིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་བཞིའི་གྲས་ཤིག་ཡིན་པ་དང་ཁུན་མིང་གྲོང་ཁུལ་གཙོ་བོའི་ལྷོ་ནུབ་རྒྱུད་དུ་གནས་ཡོད། ཤར་དུ་ཝུའུ་ཧྭ་ཆུས་དང་ཀོན་ཏུའུ་ཆུས་ཀྱི་ས་མཐའ་དང་འབྲེལ་ཞིང་། ཁྲེང་ཀུང་ཆུས་དང་ཁ་སྤྲོད་དུ་ཡོད། ལྷོ་ནི་ཅིན་ཉིན་ས་ཁུལ་དང་འབྲེལ་ལ། ནུབ་ནི་ཁུན་མིང་གྲོང་ཁྱེར་གྱི་ཨན་ཉིང་གྲོང་ཁྱེར་དང་ཁྲུའུ་ཞུང་ཁུལ་གྱི་ལུའུ་ཧྥུང་རྫོང་དང་འབྲེལ་ཡོད། བྱང་ཕྱོགས་སུ་ཧྥུའུ་རྨིན་རྫོང་དང་ཝུའུ་ཧྭ་ཆུས་གཉིས་འབྲེལ་ཡོད། ཞི་ཧྲན་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ881.32ཡོད། དེའི་ནང་ཞི་ཧྲན་ཆུས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ660.49ཡོད།

3_2 ས་དབྱིབས།   

ཞི་ཧྲན་ཆུས་ནི་ཏེན་ཁྲི་གཞོང་སའི་ནུབ་བྱང་མཐའ་མཚམས་སུ་གནས་པ་དང་། ས་བབ་ནུབ་བྱང་མཐོ་ཞིང་། ཤར་ལྷོ་དམའ། ནུབ་བྱང་དང་བྱང་ཕྱོགས་ཀྱི་ས་དབྱིབས་ཅུང་ཆེ། ཁུན་མིང་ལ་བརྟེན་པའི་གྲོང་ཁུལ་གཙོ་བོའི་ཆ་ཤས་ནི་ཆུ་རགས་ས་ཁུལ་ཡིན་པ་དང་། དེ་བྱིངས་རི་ཁུལ་དང་རི་ཁུལ་ཕྱེད་ཙམ་ཡིན། ས་བབ་མཐོ་ཤོས་སྨི2622དང་ས་བབ་དམའ་ཤོས་སྨི1731ཟིན།     

3_3 ནམ་ཟླ།   

ཞི་ཧྲན་ཆུས་ནི་ཚ་ཁུལ་ཕལ་བའི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་གི་ནམ་ཟླ་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད14.9℃ཡིན་པ་དང་། ཆེས་ཐལ་དྲགས་པའི་དྲོད་ཚད31.5℃ཡིན། ཆེས་འཁྱགས་དྲགས་པའི་དྲོད་ཚད-7.8℃ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧ་ལམ་ཧའོ་སྨི1000.5ཡིན། ཟླ་རེར་ཆེས་ཆེ་བའི་ཆར་འབབ་ཚད་ཧའོ་སྨི208.3དང་། ཉིན་རེར་ཆེས་ཆེ་བའི་ཆར་འབབ་ཚད་ཧའོ་སྨི153.3ཡིན། ཆར་པ་འབབ་དུས་གཙོ་བོ་ཟླ5~9བར་གཅིག་སྡུད་བྱས་ཡོད། ལོ་རེར་ཉི་འོད་ཕོག་ཚད་ཆུ་ཚོད་ཉིན2327.5ཟིན་པ་དང་ལོར་རླངས་པར་འགྱུར་ཚད་ཧའོ་སྨི1856.4ཡིན།

4 མི་གྲངས་དང་མི་རིགས།

སྤྱི་ལོ2017ལོ་བར་ཞི་ཧྲན་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི78.4ཙམ་ཟིན་ཡོད། དེའི་ནང་ཐེམ་ཐོའི་མི་འབོར་ཁྲི54.05ཟིན་ཡོད། ཐེམ་ཐོའི་མི་འབོར་ཁྲོད་སྐྱེས་པ་ཁྲི26.86དང་། བུད་མེད་ཁྲི27.19ཕོ་མོའི་ཕོ་མོའི་བསྡུར་ཚད་ནི100:101(སྐྱེས་པ་དང་བུད་མེད)ཡིན། ཞི་ཧྲན་ཆུས་སུ་དབྱིས་རིགས། པའེ་རིགས། ཏའེ་རིགས། ཀྲོང་རིགས། མིའོ་རིགས། ཧུའེ་རིགས། ལི་སུའུ་རིགས། ལ་ཧུའུ་རིགས། དབའ་རིགས། འཇང་རིགས། ཡའོ་རིགས། བོད་རིགས། ཅིང་ཕོ་རིགས། པུའུ་ལང་རིགས། པུའུ་དབྱི་རིགས། ཨ་ཁྲང་རིགས། ཧ་ཉི་རིགས། ཞི་པོ་རིགས། སོག་རིགས། ནུའུ་རིགས། ཅི་ནུའོ་རིགས། ཏེ་ཨང་རིགས། ཧྲུའེ་རིགས། མན་ཇུ་རིགས། ཏུའུ་ལུང་རིགས་སོགས་མི་རིགས་མང་པོ་ཁྱབ་ཡོད།

5 དཔལ་འབྱོར།  
5_1 ཐོན་ལས་དང་པོ།

ཐོན་ལས་དང་པོར་འཕར་ཐང་སྒོར་དུང་ཕྱུར3.66ཟིན་ནས2.4%འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར142.46ཟིན་ནས7%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར420.98ཟིན་ནས11.9%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི་ལོ་མཇུག་གི0.7:25.9:73.4ནས0.6:25.1:74.3བར་ལེགས་སྒྲིག་བྱས་ཡོད། དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར280.617ཟིན་ནས10.9%འཕར། དམངས་གཉེར་དཔལ་འབྱོར་གྱི་ལས་ཞུགས་མི་སྣ་ཁྲི30.26ཟིན་ནས6.13%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི4.06ཟིན་ནས8.3%འཕར། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི1.83ཟིན་ནས9.1%འཕར།

5_2 ཐོན་ལས་གཉིས་པ།  

སྤྱི་ལོ2017ལོར་ཧའེ་ཁའུ་བཟོ་ལས་གླིང་ཁུལ་གྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར200ཟིན་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར21.6ལེགས་གྲུབ་བྱུང་བ་དེ4.25%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར97.55ཟིན་པ་དང་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་དུང་ཕྱུར6.01བཏང་ཡོད་པ་རེད། རྒྱལ་ནང་གི་མ་དངུལ་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར10.66དང་། ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་ཁྲི800ཟིན་ཡོད། བུ་བཅོལ་ཁང་གི་རྣམ་གྲངས2དང་བུ་བཅོལ་ཁང་གི་གཞི་ཁྱོན་ཡན་གྱི་ཁེ་ལས2བཅས་ཡོད་པ་རེད།     ཆུས་ཡོངས་སུ་རིམ་རྩིས་བྱས་ན་དམངས་གཉེར་ཁེ་ལས11ལ་ཞིང་ཆེན་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས་ཀྱི་ཁས་ལེན་ཐོབ་པ་དང་ཁེ་ལས21ལ་གྲོང་ཁྱེར་རིམ་པའི་ལག་རྩལ་ལྟེ་གནས་ཀྱི་ཁས་ལེན་ཐོབ་ཡོད། ཁེ་ལས23གྱིས་ཞིབ་དཔྱད་བྱས་པ་བརྒྱུད་ཞིང་ཆེན་རིམ་པའི་འཚར་ལོངས་རྣམ་པའི་ཁེ་ལས་འབྲིང་ཆུང་གི་མིང་ཐོར་ཚུད་ཡོད། སྤྱི་ལོ2017ལོར་ནུབ་རི་ཁུལ་གྱི་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར280.617ཟིན་ནས10.9%འཕར། དམངས་གཉེར་དཔལ་འབྱོར་གྱི་ལས་ཞུགས་མི་སྣ་ཁྲི30.26ཟིན་ནས6.13%འཕར་ཡོད།  

5_3 ཐོན་ལས་གསུམ་པ།    

ལོ་ཧྲིལ་པོར་རིམ་རྩིས་བྱས་ན་རྒྱལ་ཁྲལ་ཡོང་སྒོ་སྒོར་དུང་ཕྱུར41.026སྒྲིག་འཛུགས་བྱས། 35.97%འཕར་ནས་འབབ་འཕར་སྒོར་དུང་ཕྱུར10.854ཟིན། རིམ་བསགས་ཀྱིས་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ(རྫོང་ཁུལ་རིམ་པ)སྒོར་དུང་ཕྱུར6.836སྒྲིག་འཛུགས་བྱས་ནས43.58%འཕར་བ་དང་། ཡོང་འབབ་སྒོར་དུང་ཕྱུར2.075འཕར་ཡོད། ལོ་ཧྲིལ་པོར་རྒྱལ་ཁབ་ཀྱི་དཔྱ་ཁྲལ་བསྡུ་ལེན་བྱས་པའི་གནས་ཐང་འཕར་ཁྲལ་དང་། འཛད་སྤྱོད་དཔྱ་ཁྲལ། ཁེ་ལས་ཀྱི་ཐོབ་ཁྲལ། རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་བཅས་ཁྲལ་རིགས་གཙོ་བོ4ལོ་གོང་མ་དང་བསྡུར་ན་ཕྱོགས་ཡོངས་ནས་འཕར་ཡོད། ནུབ་རིའི་ས་ཁྲལ་ཐད་རིམ་རྩིས་བྱས་ན་ཁྲལ་གྲོན་ཁག་གི་ཡོང་འབབ་སྒོར་དུང་ཕྱུར53.126སྒྲིག་འཛུགས་བྱས་ཤིང10.98%འཕར་བ་དང་། ཡོང་འབབ་སྒོར་དུང་ཕྱུར5.255འཕར་ཡོད།

དཔྱད་གཞིའི་ཡིག་ཆ།