ཕན་ལུང་ཆུས།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-06-02 16:38ལ་འགྲུབ།

ཕན་ལུང་ཆུས།

ཕན་ལུང་ཆུས།
ཕན་ལུང་ཆུས་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་ཤིང་། ཁུན་མིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་བཞིའི་ཁྲོད་ཀྱི་གཅིག་ནི་ཁུན་མིང་གྲོང་ཁུལ་གཙོ་བོའི་བྱང་ཤར་རྒྱུད་དུ་ཡོད། ཤར་དང་ལྷོ་ནི་ཀོན་ཏུའུ་ཆུས་དང་འབྲེལ་ཞིང་། བྱང་དུ་ཡན་མིང་རྫོང་དང་ཧྥུ་རྨིན་རྫོང་དང་འབྲེལ་ཡོད། ཕན་ལུང་ཆུས་ཀྱིས་ལོ་ཁྲི3གྱི་གོང་ཕན་ལུང་ས་གཞི་ཆེན་མོར་གནའ་བོའི་མིའི་རིགས་ཀྱི་བྱེད་སྒོ་སྤེལ་གྱིན་ཡོད་ལ། རྡོ་ཆས་གསར་པའི་དུས་རབས་སུ་མིའི་རིགས་ཀྱི་རྒྱུད་སྤེལ་འཚོ་གནས་བྱ་ཡུལ་དུ་གྱུར་བ་རེད། སྤྱི་ལོ1928ལོར་ཁུན་མིང་གྲོང་ཁྱེར་སྲིད་དོན་སྤྱི་ཁྱབ་ཁང་ནི་ཁུན་མིང་གྲོང་ཁྱེར་སྲིད་གཞུང་དུ་བསྒྱུར་ཞིང་། ཁུན་མིང་གྲོང་ཁྱེར་དུ་ལམ་ལུགས་དངོས་སུ་བཙུགས་པ་དང་སྤྱི་ལོ2012ལོའི་སྔོན་དུ་ཁུན་མིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གནས་ཡུལ་དུ་གཏན་འཁེལ་བྱས་པ་རེད། ཕན་ལུང་ཆུས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས809881(རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་གྲངས་གཞི)ཟིན་ཞིང་ལོ་རེའི་ཆ་སྙོམས་དྲོད་ཚད14.9℃ཡིན་པ་དང་། ཆེས་ཐལ་དྲགས་པའི་དྲོད་ཚད31.5℃ཡིན། ཆེས་དམའ་དྲགས་པའི་དྲོད་ཚད-7.8℃ཡིན། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1000.5ཟིན་པ་དང་། ཟླ་རེར་ཆར་པ་འབབ་ཚད་ཧའོ་སྨི208.3ཟིན་གྱི་ཡོད། སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)ཁག་གཉིས་པར་བདམས་པ་རེད། སྤྱི་ལོ2020ལོའི་ཀྲུང་གོའི་ཆུ་གཙང་མ་བརྒྱའི་རྫོང་དང་གྲོང་ཁྱེར་དུ་བདམས། སྤྱི་ལོ2018ལོར་ཕན་ལུང་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར705.66ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
盘龙区
ཕྱི་ཡིག་གི་མིང་།
Panlong Qu
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ལྷོ་ནུབ་ས་ཁུལ།
མངའ་ཁོངས། 
ཁྲོམ་གཞུང12ཡོད།
སྦྲག་སྲིད་ཨང་རྟགས།
650051
སྲིད་འཛིན་ཚབ་ཨང་།
530103
རླངས་འཁོར་ཚབ་ཨང་།
云A
མི་གྲངས།
མི་གྲངས809881(སྤྱི་ལོ2010ལོ)ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ340ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0871
ཡུལ་སྐད།
ལྷོ་ནུབ་སྐད།
མེ་འཁོར་འབབ་ཚུགས།
ཁུན་མིང་འབབ་ཚུགས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར705.66 (སྤྱི་ལོ2018ལོ)ཡོད།
1 ལོ་རྒྱུས་འཕེལ་རིམ།  

སྤྱི་ལོ1911ལོའི་ཟླ་10ཚེས་30ཉིན། ཁུན་མིན་མི་དམངས་ཀྱིས་“བསྐྱར་དགུ་འོས་ལངས་”བྱེད་པ་དང་། ལྕགས་ཕག་ལོའི་གསར་བརྗེ་དང་ལེན་བྱས་ཏེ། ཆིང་རྒྱལ་རབས་ཀྱི་ཡུན་ནན་གྱི་དབང་སྒྱུར་མགོ་རྟིང་བསློགས།  

སྤྱི་ལོ1913ལོར་ཡུན་ནན་ཧྥུ་དོར་བ་དང་མིང་ཁུན་མིང་རྫོང་ཞེས་པར་བསྒྱུར།    

སྤྱི་ལོ1922ལོར་ཁུན་མིང་གྲོང་ཁྱེར་སྲིད་གཞུང་བཙུགས།     

སྤྱི་ལོ1928ལོར་གྲོང་ཁྱེར་སྲིད་དོན་སྤྱི་ཁྱབ་ཁང་དེ་གྲོང་ཁྱེར་སྲིད་གཞུང་དུ་བསྒྱུར། ཁུན་མིང་གྲོང་ཁྱེར་གྱི་སྒྲིག་གཞི་དངོས་སུ་བཙུགས་ཡོད།    

ཡུན་ནན་ཞི་བས་བཅིངས་འགྲོལ་བཏང་རྗེས། ཁུན་མིང་གིས་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ལེགས་སྒྲིག་བྱས་ཏེ། མིན་གོའི་དུས་སྐབས་ཀྱི་ཆུས8ནི་ཆུས6ལ་ལེགས་སྒྲིག་བྱས།  

སྤྱི་ལོ1953ལོར་ཡང་བསྐྱར་ལེགས་སྒྲིག་བྱས་ཏེ་གྲོང་ཁུལ་དུ་ཆུས་དང་པོ་དང་། གཉིས་པ། གསུམ་པ། བཞི་པ་བཅས་བཙུགས།     

སྤྱི་ལོ1956ལོར་ཆུས་དང་པོ་དང་གསུམ་པ་གཉིས་ཟླ་སྒྲིལ་བྱས། ཟླ10པའི་ཚེས19ཉིན་ཡུན་ནན་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཕན་ལུང་ཆུས་དངོས་སུ་བཙུགས་པ་རེད།     སྤྱི་ལོ1966ལོའི“རིག་གནས་གསར་བརྗེ་ཆེན་པོའི”དུས་འགོར། སྐབས་ཤིག་གི་རིང་ལ“ཏུང་ཧྥུན་ཆུས”ཞེས་མིང་བསྒྱུར། 

སྤྱི་ལོ1968ལོར་ཕན་ལུང་ཆུས་ཀྱི་མིང་སླར་གསོ་བྱས།     

སྤྱི་ལོ2017ལོའི་ཟླ11པའི་ཚེས16ཉིན། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《ཧའོ་མིང་རྫོང་ཨ་ཙི་ཡིང་ཁྲོམ་གཞུང་ནས་ཕན་ལུང་ཆུས་བར་ལེགས་སྒྲིག་བྱ་རྒྱུའི་མོས་མཐུན་བྱ་རྒྱུའི་སྐོར་གྱི་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་མཆན་བཀོད་བཀའ་ལན》དངོས་སུ་སྤྲད་ནས་ཧའོ་མིང་རྫོང་ཨ་ཙི་ཡིང་ཁྲོམ་གཞུང་ནི་ཕན་ལུང་ཆུས་ཀྱི་ཁོངས་གཏོགས་སུ་ལེགས་སྒྲིག་བྱ་རྒྱུའི་མོས་མཐུན་བྱས་པ་རེད། ལེགས་སྒྲིག་བྱས་རྗེས་ཨ་ཙི་ཡིང་གི་ཁྲོམ་གཞུང་སྲིད་འཛིན་ས་ཁོངས་མི་འགྱུར་བ་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་སྔར་བཞིན་ཨ་ཙི་ཡིང་གྲོང་ཚོའི་ཚེ་ཡུན་ལམ་ཨང72པར་ཡོད།

2 ས་ཁམས་ཁོར་ཡུག
2_1 གནས་ཡུལ།

ཕན་ལུང་ཆུས་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་ཤིང་། ཁུན་མིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་བཞིའི་ཁྲོད་ཀྱི་གཅིག་ནི་ཁུན་མིང་གྲོང་ཁུལ་གཙོ་བོའི་བྱང་ཤར་རྒྱུད་དུ་ཡོད། ཤར་དང་ལྷོ་ནི་ཀོན་ཏུའུ་ཆུས་དང་འབྲེལ་ཞིང་། བྱང་དུ་ཡན་མིང་རྫོང་དང་ཧྥུ་རྨིན་རྫོང་དང་འབྲེལ་ཡོད། ཕན་ལུང་ཆུས་ཀྱིས་ལོ་ཁྲི3གྱི་གོང་ཕན་ལུང་ས་གཞི་ཆེན་མོར་གནའ་བོའི་མིའི་རིགས་ཀྱི་བྱེད་སྒོ་སྤེལ་གྱིན་ཡོད་ལ། རྡོ་ཆས་གསར་པའི་དུས་རབས་སུ་མིའི་རིགས་ཀྱི་རྒྱུད་སྤེལ་འཚོ་གནས་བྱ་ཡུལ་དུ་གྱུར་བ་རེད། སྤྱི་ལོ1928ལོར་ཁུན་མིང་གྲོང་ཁྱེར་སྲིད་དོན་སྤྱི་ཁྱབ་ཁང་ནི་ཁུན་མིང་གྲོང་ཁྱེར་སྲིད་གཞུང་དུ་བསྒྱུར་ཞིང་། ཁུན་མིང་གྲོང་ཁྱེར་དུ་ལམ་ལུགས་དངོས་སུ་བཙུགས་པ་དང་སྤྱི་ལོ2012ལོའི་སྔོན་དུ་ཁུན་མིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གནས་ཡུལ་དུ་གཏན་འཁེལ་བྱས་པ་རེད།

2_2 ནམ་ཟླ།  

ཕན་ལུང་ཆུས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད14.9℃ཡིན་ལ། དྲོད་ཚད་མཐོ་ཤོས31.5℃དང་དྲོད་ཚད་དམའ་ཤོས-7.8℃ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧ་ལམ་ཧའོ་སྨི1000.5ཡིན། ཟླ་རེར་ཆེས་ཆེ་བའི་ཆར་འབབ་ཚད་ཧའོ་སྨི208.3དང་། ཉིན་རེར་ཆེས་ཆེ་བའི་ཆར་འབབ་ཚད་ཧའོ་སྨི153.3ཡིན། ཆར་པ་འབབ་སྐབས་གཙོ་བོ་ཟླ5~9བར་གཅིག་སྡུད་བྱས་ཡོད། ལོ་རེར་ཉི་འོད་ཕོག་ཚད་ཆུ་ཚོད2327.5ཟིན་པ་དང་ལོར་རླངས་པར་འགྱུར་ཚད་ཧའོ་སྨི1856.4ཡིན། རླུང་འགྲོས་ཆེས་ཆེ་བ40m/sནི་ལྷོ་ནུབ་རླུང་མང་། ལྟོས་བཅས་ཀྱི་རླན་ཚད76%ཡིན།  

2_3 ས་དབྱིབས།    

ཕན་ལུང་ཆུས་ཀྱི་ལྟེ་གནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1891ཙམ་ཡོད། གོང་ཝང་རི་བོ་ནི་ཁུན་མིང་གི་མངའ་ཁོངས་སུ་ཆེས་མཐོ་བའི་ས་གནས་ཡིན་ཞིང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4247.7ཡོད་པ་དང་འབྲི་ཆུ་དང་ཕུའུ་ཏུའུ་གཙང་པོའི་འདྲེས་མཚམས་ནི་ཁུན་མིང་ས་ཁོངས་ཁྲོད་ཀྱི་དམའ་ཤོས་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི746ཟིན་ལ། སྤྱིའི་ཆ་ནས་ས་བབ་བྱང་རྒྱུད་མཐོ་ལ། ལྷོ་རྒྱུད་དམའ། བྱང་ནས་ལྷོ་ཕྱོགས་སུ་སྐས་རིམ་ལྟ་བུའི་རྣམ་པ་རིམ་བཞིན་ཆགས་ཡོད། དབུས་རྒྱུད་འབུར་ནས་ཤར་གྱི་ལོགས་གཉིས་ཅུང་དམའ། མཚོ་གཞོང་བྲག་ཞུན་མཐོ་སྒང་གི་ས་དབྱིབས་གཙོ་བོ་ཡིན་པ་དང་། དམར་པོའི་རི་ཐང་གི་ས་དབྱིབས་ཅུང་ཉུང་། ས་ཁུལ་མང་ཆེ་བ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1500~2800བར་ཡིན།

3 མི་གྲངས།    

རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་གྲངས་གཞིའི་མཇུག་འབྲས་ལ་གཞིགས་ན། ཆུས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས809881ཡོད་པ་དང་ཆུས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་ཐེངས་ལྔ་པ་དང་བསྡུར་ན། ལོ་བཅུའི་ནང་མི162777མང་དུ་སོང་ནས25.15%འཕར་ཡོད། ལོ་རེར་ཆ་སྙོམས་སུ་མི16277འཕར་བ་དང་། ལོ་རེའི་ཆ་སྙོམས་འཕར་ཚད2.27%ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་དུ་སྡོད་པའི་མི་གྲངས721604ཟིན་ཡོད། ཆུས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་གྱི89.1%བཟུང་བ་དང་གྲོང་གསེབ་ཏུ་སྡོད་མཁན་མི་གྲངས88277ཡོད། ཆུས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་གྱི10.9%བཟུང་ཡོད། ཆུས་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ནང་སྐྱེས་པ418353ཡོད་པ་དེས51.66%བཟུང་བ་དང་། བུད་མེད391528ཡོད་པ་དེས48.34%བཟུང་ཡོད། རྒྱུན་སྡོད་མི་གྲངས་གྱི་ཕོ་མོའི་བསྡུར་ཚད106.85ཡིན་ལ། རྒྱ་རིགས་མི་གྲངས726205ཟིན་པ་དེས89.67%བཟུང་བ་དང་། གྲངས་ཉུང་མི་རིགས་ཁག་གི་མི་གྲངས83676ཡོད་པ་དེས10.33%བཟུང་ཡོད།     སྤྱི་ལོ2011ལོར་ཆུས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད90%ཟིན་ཡོད། ཨ་ཙི་གྲོང་རྡལ་དང་ཡུན་ནན་གྱི་འབྱུང་ཁུངས་གྲོང་རྡལ་ནི་ཕན་ལུང་ཁུལ་གྱིས་དོ་དམ་བྱས་རྗེས། ལྗོངས་ཡོངས་ཀྱི་མི་གྲངས་འདུས་ཚད་ཅུང་ཆག་ནས་སྨི་ངོས་གྲུ་རེར་མི920ཡོད། སྤྱི་ལོ2011ལོར་ཕན་ལུང་ཆུས་ཀྱི་མི་གྲངས་སྐྱེ་ཚད5.29‰ཟིན་པ་དང་། ཤི་ཚད2.61‰ཟིན་པ་དང་། རང་བྱུང་འཕར་ཚད2.67‰ཡིན།

4 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།  

ཕན་ལུང་ཆུས་འཛུགས་སྐྲུན་བྱེད་སྐབས་ཐུན་མོང་ཐོག་ཧྥུའུ་ཙེ་དང་། ཝུའུ་ཅིན། ཝུའུ་ལི། ཏུང་ཧྭ་བཅས་ཡུལ་ཚོ4དང་། ཅིན་རི་དང་། ཞའོ་ནན། ཁྲང་ཁྲུན། སན་དབྱི་ཕུའུ་དང་། ཐའེ་ཧོ། ཕན་ལུང་ལམ། ཐུའོ་ཏུང་། ནན་ཆང་། ཀྲུའུ་ཡུས། ཧོན་ཁྲེང་བཅས་ཁྲོམ་གཞུང་དོན་གཅོད་ཁྲུའུ10བཅས་བགོས་ཡོད་པ་རེད། ཕན་ལུང་ཆུས་ཀྱི་སྲང་ལམ་དོན་གཅོད་ཁང་དང་ཡུལ་ཚོ་རྣམས་དབྱེ་བ་དང་ཟླ་སྒྲིལ། མེད་པར་བྱེད་པ། གསར་སྐྲུན་བཅས་བྱས་པ་བརྒྱུད་སྤྱི་ལོ2004ལོའི་ཟླ8པར་སླེབས་སྐབས་ཁྲང་ཁྲུན་དང་། ཏུང་ཀྲན། ཏུང་ཧྭ། ཏུང་ཅ་ཝན། ཧོན་ཁྲེང་། ཅིན་པི། ནན་ཆང་། ཐའེ་ཧོ། ཐའོ་ཏུང་། ཞའོ་ནན། ཀྲུའུ་ཧུང་བཅས་སྲང་ལམ་དོན་གཅོད་ཁང11དང་སྡེ་ཁུལ58དུ་བགོས་ཡོད་པ་རེད། ཆུས་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ15.1ཟིན་ཡོད།   

སྤྱི་ལོ2004ལོའི་ཟླ7པར། གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཝུའུ་ཧྭ་དང་ཕན་ལུང་། ཀོན་ཏུའུ། ཞི་ཧྲན་བཅས་ཆུས་བཞི་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ལེགས་སྒྲིག་བྱེད་པའི་ཆོད་དོན་བཞག ཟླ9བའི་ཚེས1ཉིན་ནས་བཟུང་ཆུས་བཞི་རུ་ལེགས་སྒྲིག་བྱས་རྗེས་ཁོངས་གཏོགས་འབྲེལ་བ་གཞིར་བཟུང་དཔལ་འབྱོར་དང་། སྲིད་འཛིན། དེ་བཞིན་སྤྱི་ཚོགས་ལས་དོན་བཅས་ཀྱི་དོ་དམ་འགན་ནུས་བསྒྲུབས་ཡོད། དེའི་ཁོངས་སུ་ཐོ་ཏུང་དང་། ཀུའུ་ལོའུ། ཏུང་ཧྭ།  ཅིན་ཁྲེན། ཆིན་ཡུན། ལུང་ཆོན། ཚི་པ་བཅས་ཁྲོམ་ལམ་དོན་གཅོད་ཁང8དང་། སུང་ཧྭ། ཧྲོང་ལུང་བཅས་ཡུལ་ཚོ2སུ་བགོས་ཡོད།     སྤྱི་ལོ2009ལོའི་ཟླ7པའི་སྔོན་དུ་ཆུས་ཀྱི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ345.83ཟིན་པ་དང་། ཅན་ཁྲུན་ཆུས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ45.79ཡོད་པ་དང་། ཧྲན་ཆུས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ292ཡོད།     སྤྱི་ལོ2009ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ཕན་ལུང་ཆུས་ཀྱིས་ཡན་མིང་རྫོང་ཨ་ཙི་ཡིང་གྲོང་རྡལ་དང་ཏེན་ཡོན་གྲོང་རྡལ་ལ་དོ་དམ་དབང་ཆ་སྤྱད། སྤྱི་ལོ2009ལོའི་ཟླ8པར། ཕན་ལུང་ཆུས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་ཧྲོང་ལུང་ཡུལ་ཚོ་དང་སུང་ཧྭ་ཡུལ་ཚོ་མེད་པར་བཟོ་རྒྱུའི་ཆོག་མཆན་སྤྲད་དེ་ཧྲོང་ལུང་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་སུང་ཧྭ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་ཡོད། ཕན་ལུང་ཆུས་ཀྱི་སྲིད་འཛིན་ས་ཁོངས་སྤྱི་ལེ་གྲུ་བཞི་མ886.9བར་རྒྱ་བསྐྱེད་ཡོད།     སྤྱི་ལོ2011ལོའི་ཟླ3པར་ཞིང་ཆེན་དང་གྲོང་ཁྱེར་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་ཕན་ལུང་ཆུས་ཀྱིས་ཚབ་གཉེར་བྱས་པའི་ཏེན་ཡོན་གྲོང་རྡལ་དང་ཨ་ཙི་ཡིང་གྲོང་རྡལ་ནི་ཁྲོམ་གཞུང་དོན་གཅོད་ཁྲུའུ་རུ་བསྒྱུར།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ། 

ཕན་ལུང་ཆུས་ནི་ཁུན་མིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་ཡིན་པས་ཐོན་ལས་དང་པོ་མེད།    

5_2 ཐོན་ལས་གཉིས་པ།

སྤྱི་ལོ2014ལོ་ནས་བཟུང་བཟོ་ལས་ཐོན་རྫས་ཀྱི་ཁྲོམ་རའི་རིན་གོང་ཆག་པ་དང་། མ་བཅོས་རྒྱུ་ཆ་དང་ལས་བཟོ་པ་བཀོལ་སྤྱོད་ཀྱི་མ་གནས་མཐོ་རུ་ཕྱིན་པ་དང་། ཚོང་རའི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་མངོན་གསལ་དོད། ལྕགས་རིགས་མིན་པའི་བཟོས་རྫས་བཟོ་སྐྲུན་ལས་རིགས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་སོགས་ལས་རིགས་ལ་རྡབ་རྡེག་ཚབས་ཆེན་ཕོག་ནས་ལྗོངས་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་ཆག་པའི་གནོན་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཆུས་ཡོངས་ཀྱི་འདེགས་སྐྱོར་ལས་རིགས་གཙོ་བོའི“ལྕགས་རིགས་རྩ་ཆེན་བཙོ་སྦྱང་ལས་རིགས”ཀྱི་ལོ་མཇུག་ཏུ་ནུས་ཤུགས་ཡོད་རྒུས་ཉམས་རྒུད་དུ་འགྲོ་བ་དང་། འཕར་ཐང་སྒོར་དུང་ཕྱུར46.8མངོན་འགྱུར་བྱུང་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང64.5%བཟུང་བ་དེ་དུས་མཚུངས་ལས24.1%འཕར། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་ལ་ལེགས་སྐྱེས་འབུལ་ཚད129.7%ཟིན་ནས་བརྒྱ་ཆའི་གྲངས14.4འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།

ཆུས་ཡོངས་ཀྱི་ལས་རིགས19ཡི་ནང་རིན་ཐང་འཕར་མ8འཕར་བ་དང11ཆག་པའི་རྣམ་པ་མངོན་ཡོད། དེའི་ནང་ལས་རིགས3འཕར་ཚད20%ལས་བརྒལ་ཡོད། སོ་སོར་སོལ་རླངས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས36.4%འཕར་ཡོད། མདོག་ལྡན་ལྕགས་རིགས་བཙོ་སྦྱང་དང་གནོན་བཙིར་ལས་སྣོན་ལས་རིགས23.8%འཕར་བ་དང་། ཆང་བཏུང་བ་དང་ཇ་སྤུས་དག་བཟོ་བའི་བཟོ་སྐྲུན་ལས་རིགས23.6%འཕར་ཡོད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར། ཕན་ལུང་ཆུས་ཀྱིས་ལིའུ་ཡུས(སྤྱི་ཁྱབ་པུའུ)དཔལ་འབྱོར་དང་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་བྱ་དགའི་རོགས་སྐྱོར་མ་དངུལ་སྒོར་ཁྲི4572དོན་འཁྱོལ་བྱས་ནས་ཐོག་ཁང་གི་དཔལ་འབྱོར་ཡར་སྐུལ་ཚོགས་པ་བཙུགས་པ་རེད། སྐར་མ་རིམ་པའི་ཐོག་ཁང26ལ་དཔྱད་བསྡུར་གཏན་འབེབས་བྱས་ཡོད། ས་ཁོངས་རྣམ་པའི་སྤྱི་ཁྱབ་པུའུ་ཁེ་ལས3ནང་འདྲེན་བྱས་པ་དང་ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར487.86ཟིན་ཡོད། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར554.52ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས11.1%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།