ཁྲེང་ཀུང་ཆུས།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-06-02 16:42ལ་འགྲུབ།

ཁྲེང་ཀུང་ཆུས།

ཁྲེང་ཀུང་ཆུས།
ཁྲེང་ཀུང་ཆུས་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཀྲུང་གུང་ཁུན་མིང་གྲོང་ཨུ་དང་ཁུན་མིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གནས་ཡུལ་ཡིན། ཁྲེང་ཀུང་ཆུས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ461ཟིན་པ་དང་། ཁོངས་གཏོགས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ10དང་སྡེ་ཁུལ་གྲོང་ལྷན81ཡོད་པ་རེད། “ཁྲེང་ཀུང”ཞེས་པ་ནི་དབྱིས་རིགས་ཀྱི་སྐད་ཡིན་པ་དང་། དེ་ནི་འབྲས་འབེལ་པོ་ཐོན་པའི་མཚོ་ཁུག་ཆུ་རགས”ཞེས་པའི་དོན་ཡིན། སྤྱི་ལོ2012ལོར་ཁྲེང་ཀུང་ཆུས་ཀྱི་མི་གྲངས་བསྡོམས་འབོར་ཁྲི35ཟིན་པ་དང་གྲངས་ཉུང་མི་རིགས་ཀྱིས་མི་གྲངས་བསྡོམས་འབོར་གྱི7.35%བཟུང་ཡོད། སྤྱི་ལོ2012ལོར་ཁྲེང་ཀུང་ཆུས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར107.2ཟིན་པ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཐེངས་གསུམ་བྱས་པ་དེ5.4:46.1:48.5ཡིན་པ་རེད། ཁྲེང་ཀུང་ཆུས་ནི་ཀྲུང་གོའི་སྐད་གྲགས་ཆེ་བའི་མེ་ཏོག་དང་སྔོ་ཚལ་ཐོན་སྐྱེད་ཀྱི་རྟེན་གཞི་ཡིན་ལ། ཁྲེང་ཀུང་ལ“ཀྲུང་གོའི་མེ་ཏོག་རྫོང་དང་པོ”ཞེས་བརྗོད་ཀྱི་ཡོད། སྤྱི་ལོ2019ལོའི་ཟླ7པར་ཁྲེང་ཀུང་ཆུས་ནི་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྟོབས་ཆེའི་རྫོང་གི་ལས་གྲྭའི་ཚོད་ལྟའི་རྫོང(ཆུས)དུ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
呈贡区
ཕྱི་ཡིག་གི་མིང་།
Chenggong Area
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ལྷོ་ནུབ་ས་ཁུལ།
མངའ་ཁོངས། 
ཁྲོམ་གཞུང10ཡོད།
སྦྲག་སྲིད་ཨང་རྟགས།
650500
སྲིད་འཛིན་ཚབ་ཨང་།
530114
རླངས་འཁོར་ཚབ་ཨང་།
云A
མི་གྲངས།
ཁྲི35ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ461ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0871
ཡུལ་སྐད།
ལྷོ་ནུབ་སྐད།
མེ་འཁོར་འབབ་ཚུགས།
ཁུན་མིང་འབབ་ཚུགས་ལྷོ་མ། ཁུན་མིང་འབབ་ཚུགས།
1 ​ལོ་རྒྱུས་འཕེལ་རིམ།   

སྤྱི་ལོ1927ལོར། ཁྲེང་ཀུང་རྫོང་གི་ཁོངས་གཏོགས་ཡུལ་ཚོ6དང་ཆུས4ལ་བསྒྱུར་བ་དང་ཆུས་ཀྱི་ཁོངས་གཏོགས་སུ་ཡུལ་ཚོ(གྲོང་རྡལ)69ཡོད་པ་རེད།    

སྤྱི་ལོ1950ལོའི་ཟླ1པོའི་ཚེས12ཉིན། ཞུས་ཀུང་རྫོང་མི་དམངས་སྲིད་གཞུང་དངོས་སུ་བཙུགས། ཡུན་ནན་ཞིང་ཆེན་ཡུས་ཞི་ཆེད་ཁུལ་དུ་གཏོགས་ཤིང་མངའ་ཁོངས་སུ་ཕིན་ཡོན་དང་། སན་ཐའེ། ཀའོ་ཡོན། ཆི་ཞིན། ལེང་ཝང་། ཧའེ་པའོ་བཅས་ཆུས6ཡོད། ལོ་དེའི་ཟླ8པར་ཕིན་ཡོན་དང་སན་ཐའེ་ནི་ཕིན་ཡོན་ཁུལ་དུ་བགོས་ཤིང་ཀའོ་ཡོན་དང་ཆི་ཞིན་ནི་ཀའོ་ཡོན་ཁུལ་དུ་བགོས། ཆུས3གྱི་ཁོངས་གཏོགས་སུ་ཡུལ་ཚོ27ཡོད།  

སྤྱི་ལོ1958ལོར་རྫོང་ཡོངས་སུ་ལི་ཡོན་དང་ཞིན་ཧྥུའུ་བཅས་མི་དམངས་ཀུང་ཧྲེ2བཙུགས་པ་དང་དེའི་མངའ་འོག་ཏུ་དོ་དམ་ཁུལ19ཡོད་པ་རེད།   

སྤྱི་ལོ1961ལོའི་ཟླ4པར་ཅིན་ཉིང་རྫོང་ནས་ལུང་ཅེ་དང་ཝུའུ་ཅ་ཡིང་། ཏ་ཡུས། ལུའོ་དབྱང་། མ་ཅིན་ཕུའུ་བཅས་མི་དམངས་ཀུང་ཧྲེ5བཙུགས་ཤིང་མངའ་ཁོངས་ཁུན་མིན་གྲོང་ཁྱེར་དུ་གཏོགས།

སྤྱི་ལོ1963ལོར་ཁྲེང་ཀུང་ཆུས་སུ་ཆི་ཏེན་མི་དམངས་ཀུང་ཧྲེ་གསར་དུ་བཙུགས་པ་དང་། ལྗོངས་ཡོངས་སུ་མི་དམངས་ཀུང་ཧྲེ6བཙུགས་ཡོད།  

སྤྱི་ལོ1984ལོར་རྫོང་ཡོངས་ཀྱི་ཀུང་ཧྲེ་མེད་པར་བྱས་ཏེ་གྲོང་རྡལ1དང་ཁུལ6བཙུགས་པ་དང་། དེའི་མངའ་འོག་ཏུ་ཡུལ་ཚོ59དང་། ཡུལ་ཚོ་རིམ་པའི་གྲོང་རྡལ3 ཡུལ་ཚོ་རིམ་པའི་དོན་གཅོད་ཁང3བཅས་ཡོད།    

སྤྱི་ལོ1988ལོར་ཆུས(གྲོང་རྡལ)ནས་ཡུལ་ཚོ(གྲོང་རྡལ)ལ་བསྒྱུར། རྫོང་ཡོངས་སུ་ལུང་ཁྲེང་དང་ལུའོ་ཡང་ཏེ་གྲོང་རྡལ2དང་། ལུང་ཅེ་དང་། ཆི་ཏན། ཝུའུ་ཅ་ཡིང་། ཏ་ཡུས། མ་ཅིན་ཕུའུ་བཅས་ཡུལ་ཚོ5ཡོད་པ་དེའི་ཁོངས་གཏོགས་སུ་དོན་གཅོད་ཁང65ཡོད།   

སྤྱི་ལོ1999ལོར་ལུང་ཅེ་ཡུལ་ཚོ་དེ་ཏོའུ་ནན་གྲོང་རྡལ་ལ་མིང་བསྒྱུར། རྫོང་ཡོངས་སུ་ཡུལ་ཚོ4དང་གྲོང་རྡལ3ཡོད།   

སྤྱི་ལོ2003ལོའི་ཟླ5པར། ཡུན་ནན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དེང་རབས་ཀྱི་ཁུན་མིང་གསར་པའི་འཐབ་ཇུས་བསམ་བཀོད་ལ་གཞིགས་ནས། ཀོང་རྫོང་གི་ལུང་གྲོང་རྡལ་དང་། ལྷོ་ཡངས་གྲོང་རྡལ། ཏོའུ་ནན་གྲོང་རྡལ། ཝུའུ་ཅ་ཡིང་ཡུལ་ཚོ། ཏ་ཡུས་ཡུལ་ཚོ་བཅས་ཀྱི་སྤྱི་ལེ་གྲུ་བཞི་མ160ཡོད་པའི་ས་ཁོངས་དེ་དེང་རབས་ཁུན་མིང་གསར་པའི་ཏུང་ཁྲེང་ཆུས་སུ་གཏན་འཁེལ་བྱས་པ་རེད། ཕྱིས་སུ་ཞུས་ཀུང་གྲོང་གསར་ཞེས་ཀྱང་འབོད།

སྤྱི་ལོ2006ལོའི་ཟླ9པའི་རྗེས་སུ་ཞུས་ཀུང་ཁུལ་གསར་ཞེས་པར་བསྒྱུར།   

སྤྱི་ལོ2007ལོའི་ཟླ12པར། ཁྲེང་ཀུང་རྫོང་ཁོངས་གཏོགས་ཀྱི་ལུང་གྲོང་རྡལ་དང་། ལྷོ་ཡངས་གྲོང་རྡལ། ཏོའུ་ནན་གྲོང་རྡལ། ཝུའུ་ཅ་ཡིང་ཡུལ་ཚོ་བཅས་ཀྱི་སྒྲིག་གཞི་མེད་པར་བཟོས་ནས་ལུང་ཁྲེང་དང་། ལུའོ་ཡང་། ཏོའུ་ནན། ཝུའུ་ཅ་ཡིང་བཅས་སོ་སོར་ཁྲོམ་གཞུང4བཙུགས་ཡོད།

སྤྱི་ལོ2011ལོའི་ཟླ5པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཡུན་ནན་ཞིང་ཆེན་གྱིས་ཁུན་མིང་གྲོང་ཁྱེར་སྡེ་ཚན་གྱི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱ་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་མཆན་འགོད་བཀའ་ལན》སྤེལ་ནས་ཞུས་ཀུང་རྫོང་མེད་པར་བྱ་རྒྱུར་མོས་མཐུན་བྱུང་ནས་ཁུན་མིན་གྲོང་ཁྱེར་གྱི་ཁྲེང་ཀུང་ཆུས་བཙུགས། དེའི་རྗེས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བཀའ་ལན་གནང་བ་ལྟར་ན། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཏང་ཨུ་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱིས་གུང་རྫོང་ནས་རྫོང་ཁུལ་དུ་མེད་པར་བྱས་པའི་འབྲེལ་ཡོད་གནད་དོན་ལ་སྔ་གཞུག་ཏུ་ཆོད་དོན་དང་གྲོས་ཆོད་བཞག   

སྤྱི་ལོ2011ལོའི་ཟླ11པའི་ཚེས1ཉིན། ཁུན་མིང་གྲོང་ཁྱེར་གྱིས་ཁྲེང་ཀུང་རྫོང་གི་ཆུས་བཙུགས་མེད་ཅིང་མགྱོགས་མྱུར་སྒོས་ཁྲེང་ཀུང་ཆུས་འཕེལ་རྒྱས་སྐོར་གྱི་ཚོགས་ཆེན་འཚོགས་ཤིང་། གྲོང་ཨུ་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་གཙོ་བོ་ཁག་སོ་སོར་ཁུན་མིང་གྲོང་ཁྱེར་ཁྲེང་ཀུང་ཆུས་ཨུ་དང་། ཆུས་མི་དམངས་འཐུས་ཚོགས། ཆུས་སྲིད་གཞུང་། ཆུས་སྲིད་གྲོས་བཅས་ལ་སྒོ་བྱང་སྤྲད་ནས་པར་བརྒྱབ་པ་དང་འབྲེལ་ཉིན་དེ་ནས་བཟུང་དངོས་སུ་སྤྱོད་འགོ་ཚུགས་པ་རེད།  

སྤྱི་ལོ2011ལོའི་ལོ་མཇུག ཁྲེང་ཀུང་ཆུས་ཀྱི་ཁོངས་གཏོགས་སུ་ལུང་ཁྲེང་དང་། ཏོའུ་ནན། ཝུའུ་ཅ་ཡིང་། ལུའོ་ལུང་། ཝུའུ་ལུང་། ཡུས་ཧྭ་བཅས་ཁྲོམ་གཞུང6དང་སྡེ་ཁུལ29བགོས་ཡོད་ཅིང་། དེ་བཞིན་ཚབ་གཉེར་བྱས་པའི་ལུའོ་དབྱང་དང་། ཏ་ཡུས། མཱ་ཅིན་ཕུའུ། ཆི་ཏན་བཅས་ཁྲོམ་གཞུང4དང་སྡེ་ཁུལ36ཡོད་པ་དང་ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ461ཡོད་པ་རེད། ཁྲེང་ཀུང་ཆུས་ཨུ་དང་ཆུས་སྲིད་གཞུང་གིས་ལུང་ཁྲེང་དང་། ཏོའུ་ནན། ཝུའུ་ཅ་ཡིང་། ལུའོ་ལུང་། ཝུའུ་ལུང་། ཡུས་ཧྭ་བཅས་ཁྲོམ་གཞུང6དང་སྡེ་ཁུལ་29རུ་བགོས་ཤིང་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ151.69ཟིན་ཡོད།  

2    སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།  

སྤྱི་ལོ2019ལོ་བར་ཁྲེང་ཀུང་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང10ཡོད་པ་རེད། སྡེ་ཁུལ་གྱི་གྲོང་ལྷན81དང་རང་བྱུང་གྲོང་ཚོ155བཅས་ཡོད་པ་རེད། ཁྲེང་ཀུང་ཆུས་ཀྱི་འཆར་འགོད་ཚོད་འཛིན་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ160དང་། མི་གྲངས་ཁྲི40ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཁྲེང་ཀུང་ཆུས་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཀྲུང་གུང་ཁུན་མིང་གྲོང་ཨུ་དང་ཁུན་མིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གནས་ཡུལ་ཡིན། ཁྲེང་ཀུང་ཆུས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ461ཡོད།

3_2 ས་དབྱིབས།    

ཁྲེང་ཀུང་ཆུས་ཀྱི་ཤར་ལྷོའི་ཕྱོགས་དང་་བྱང་ཤར་ཕྱོགས་ཚང་མ་མཐོན་པོའི་རི་བོ་ཡིན་ཞིང་། ཤར་རྒྱུད་དང་ནུབ་རྒྱུད་ནི་དབྱང་ཙུང་ཧའེ་དང་ཏེན་ཁྲི་མཚེའུ་ཡིན་ལ། ས་བབ་ཤར་ཕྱོགས་མཐོ་ཞིང་། ནུབ་ཕྱོགས་དམའ། ཁྲེང་ཀུང་ཆུས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1775ནས820བར་ཡོད། མངའ་ཁོངས་ཁྲོད་ཆེས་མཐོ་ཤོས་ནི་ལིའང་ཝང་རི་བོ་གཙོ་བོ་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2820ཡོད།      

3_3 ནམ་ཟླ།     

ཁྲེང་ཀུང་ཆུས་ནི་འཕྲེད་ཚད་དམའ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླའི་རིགས་སུ་གཏོགས། འོད་ཕོག་ཚད་འདང་ངེས་ཡོད་པ་དང་། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2200ཡིན། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད14.7℃དང་ཆེས་གྲང་བའི་ཟླ་རེར་ཆ་སྙོམས་ཀྱི་དྲོད་ཚད7.7℃ཡིན། དྲོད་ཚད་མཐོ་ཤོས་ནི་ཟླ་རེར་ཆ་སྙོམས་དྲོད་ཚད20.6℃ཡིན། ལོ་ཧྲིལ་པོར་སད་མེད་དུས་ཀྱི་ཉིན285དང་། ལོ་ཧྲིལ་པོར་ཆ་སྙོམས་ཆར་པ་འབབ་ཅིང་དགུན་ཁར་གྲང་ངར་མེད་ལ། དབྱར་ཁར་ཚ་གདུག་མེད་པའི་གནམ་གཤིས་ལྡན།

4 མི་གྲངས་དང་མི་རིགས།     

སྤྱི་ལོ2012ལོར་ཁྲེང་ཀུང་ཆུས་ཀྱི་མི་གྲངས་ཁྲི35ཟིན་པའི་ནང་ཐེམ་ཐོའི་མི་གྲངས194419ཡོད་པ་རེད། ཐེམ་ཐོའི་མི་གྲངས་ཁྲོད་དུད་ཚང64789ཡོད་པ་དང་མི་གྲངས་བསྡོམས་འབོར194419ཡོད་པ་རེད། དེའི་ནང་སྐྱེས་པ96341ཡོད་པ་དེས་ཐེམ་ཐོའི་མི་གྲངས་བསྡོམས་འབོར་གྱི49.55%བཟུང་བ་དང་། གྲངས་ཉུང་མི་རིགས་ཀྱི་མི་གྲངས14293ཡོད་པ་དེས་ཐེམ་ཐོའི་མི་གྲངས་བསྡོམས་འབོར་གྱི7.35%བཟུང་ཡོད། ལོ་འདིའི་ནང་ཁྱོན་གསར་སྐྱེས་མི་གྲངས1965ཡོད་པ་དང་སྐྱེས་ཚད10.1‰ཡིན། ཤི་བའི་མི་གྲངས849དང་ཤི་ཚད4.37‰ཟིན། མི་གྲངས་རང་ཤུགས་སུ་འཕར་ཚད4.3%ཡིན། ཆུས་ཡོངས་ཀྱི་ཐེམ་ཐོའི་མི་གྲངས་འདུས་ཚད་སྨི་གྲུ་བཞི་མ་རེར་མི422ཡོད་པ་རེད།     ཁྲེང་ཀུང་ཆུས་ནི་རྒྱ་རིགས་ཀྱི་མི་གྲངས་མང་བའི་འདུས་སྡོད་ཁུལ་ཞིག་རེད། སྤྱི་ལོ2011ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་གྲོང་མི་གཙོ་བོར་རྒྱ་རིགས་དང་། དབྱིས་རིགས། ཧུའེ་རིགས། པའེ་རིགས། ཧ་ཉི། ཀྲོང་རིགས། ཏའེ་རིགས། མིའོ་རིགས། ལི་སུའུ་རིགས། ལ་ཧུའུ་རིགས། དབའ་རིགས། འཇང་རིགས། ཅིང་ཕོ་རིགས། ཡའོ་རིགས། བོད་རིགས། པུའུ་ལང་། ཨ་ཁྲང་། ནུའུ་རིགས། ཕུའུ་སྨི་རིགས། ཏེ་ཨང་། ཏུའུ་ལུང་། སོག་རིགས། ཅི་ནུའོ་རིགས། ཧྲུའེ་རིགས། མན་ཇུ་རིགས། པུའུ་དབྱི་སོགས་མི་རིགས44ཡན་ཡོད།

5 དཔལ་འབྱོར།      

སྤྱི་ལོ2012ལོར་ཁྲེང་ཀུང་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར107.2ཟིན་པ་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར9.07ཟིན། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར206.2བཏང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར25.3མངོན་འགྱུར་བྱུང་། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར36.4ཟིན། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར49.8ཟིན། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར52.4ཟིན་ཡོད། སྤྱི་དབང་མིན་པའི་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར42ལེགས་གྲུབ་བྱུང་བ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཐེངས་གསུམ་ནི5.4:46.1:48.5ཡིན། ཆུས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26352ཟིན་པ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར10991ཟིན་ཡོད། 

5_1 ཐོན་ལས་དང་པོ།    

སྤྱི་ལོ2012ལོར་ཁྲེང་ཀུང་ཆུས་ཀྱིས་ཡུན་ནན་ཞིང་ཆེན་གྲོང་ཁྱེར་གྱི་མ་དངུལ་སྒོར་ཁྲི670ལྷག་ཙམ་བརྩོན་ལེན་བྱས་ནས་ཞིང་ལས་སྣེ་འདྲེན་ཁེ་ལས11ལ་རོགས་སྐྱོར་དང་སྐྱེད་སྲིང་བྱས་པ་རེད། ཞིང་ལས་སྣེ་འདྲེན་ཁེ་ལས་ཀྱིས་སྔོ་ཚལ་ཏུན་ཁྲི5ཕྱིར་འཚོང་བྱས་པ་དང་མེ་ཏོག་སོས་པ་དུང་ཕྱུར4ཡོད། ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར7བྱུང་ནས་ཁེ་སྤོགས་སྒོར་ཁྲི2700བྱུང་ཡོད། གོང་འཇལ་ཁྲལ་དངུལ་སྒོར་ཁྲི1400བཏང་ནས་ཨ་སྒོར་ཁྲི2500བཏང་ཡོད། ཞིང་དུད་དུད་ཚང་ཁྲི3ལ་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར1300བྱུང་ཡོད། སྤྱི་ལོ2013ལོའི་ལོ་སྟོད་དུ་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་རྣམ་གྲངས4དང་གྲོང་ཁྱེར་རིམ་པའི་གཙོ་གནད་ཞིང་ལས་ཐོན་ལས་ཅན་གྱི་རྣམ་གྲངས1འདུན་ཞུ་བྱས་པ་རེད།     

5_2 ཐོན་ལས་གཉིས་པ།   

སྤྱི་ལོ2011ལོར་ཁྲེང་ཀུང་ཁུལ་གསར་གྱིས་ཁྱོན་རྣམ་གྲངས69ནང་འདྲེན་བྱས་པ་རེད། དེའི་ནང་རྒྱལ་ནང་གི་མ་འཇོག64དང་ཕྱི་དངུལ5ཡོད་པ་དང་། ནང་འདྲེན་བེད་སྤྱོད་བྱས་པའི་རྒྱལ་ནང་གི་མ་འཇོག་དང་ཕྱི་དངུལ་སྒོར་དུང་ཕྱུར42.51དང་ཨ་སྒོར་ཁྲི6661.38སོ་སོར་ཟིན་ཡོད།     སྤྱི་ལོ2013ལོར་ཁྲེང་ཀུང་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས30ཟིན་པ་དང་། གླིང་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར138ཟིན་པ་དང་། ཀྲུང་དབྱང་ཧ་ཡང་ཁུན་མིང་ཟངས་ལས་དང་། ཡུན་ཧ་ཡང་། ཡུན་པེ་སྨན་རྫས་བཅས་ཁྲེང་ཀུང་བཟོ་ལས་གླིང་ཁུལ་དུ་བཅའ་སྡོད་བྱས་ཡོད།  

5_3 ཐོན་ལས་གསུམ་པ།  

ཁྲེང་ཀུང་ཆུས་ལ“ཀྲུང་གོའི་མེ་ཏོག་རྫོང་དང་པོ”ཞེས་བརྗོད་པ་དང“ཏོའུ་ནན་མེ་ཏོག”ལ་ཀྲུང་གོའི་ཚོང་རྟགས་གྲགས་ཅན་གྱི་མཚན་སྙན་ཐོབ། ཏོའུ་ནན་མེ་ཏོག་ཁྲོམ་ར་དང་ཁུན་མིང་རྒྱལ་སྤྱིའི་མེ་ཏོག་ཧབ་འཚོང་ལྟེ་གནས་ནི་ཨེ་ཤེ་ཡའི་མེ་ཏོག་གསོ་བའི་ཉོ་ཚོང་ཁུལ་ཆེ་ཤོས་ཡིན་ཞིང་ཡུན་ནན་ཡུལ་སྐོར་གྱི“མིང་བྱང”དུའང་གྱུར་ཡོད།  ཐོན་རྫས་ཨེ་ཤེ་ཡ་ཤར་ལྷོ་དང་། ཨེ་ཤེ་ཡ་ལྷོ་མ། ཡོ་རོབ་ནུབ་མ་སོགས་རྒྱལ་ཁབ་དང་ས་ཁུལ་དུ་བཙོང་བཞིན་ཡོད། སྤྱི་ལོ2011ལོར་ཏའོ་ནན་མེ་ཏོག་ཁྲོམ་རའི་ཉོ་ཚོང་བྱེད་ཚད་དུང་ཕྱུར50བར་མང་དུ་ཕྱིན་ཡོད། ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར37ཟིན་པ་དེས་རྒྱལ་ཡོངས་ཀྱི་མེ་ཏོག་ཉོ་ཚོང་གི50%ཡན་ཟིན་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་ཉོ་ཚོང་བྱེད་ཚད་ཀྱི་ཨང་དང་པོར་སླེབས་ཡོད།

དཔྱད་གཞིའི་ཡིག་ཆ།