ཨན་ཅུས་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-02 17:13ལ་འགྲུབ།

ཨན་ཅུས་ཆུས།

ཨན་ཅུས་ཆུས།
ཨན་ཅུས་ཆུས་ནི་སི་ཁྲོན་ཞིང་ཆེན་སུའེ་ཉིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་ཆུས་ཤིག་ཡིན་པ་དང་། སི་ཁྲོན་གཤོངས་ས་དང་ཕེ་ཅང་གཙང་པོའི་དབུས་རྒྱུད། སུའེ་ཉིང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས། ཤར་ངོས་ཕྱོགས་སུ་སུའེ་ཉིང་གྲོང་ཁྱེར་གྱི་ཁྲོན་ཧྲན་ཆུས་དང་། བྱང་ངོས་ཕྱོགས་སུ་སུའེ་ཉིང་གྲོང་ཁྱེར་གྱི་ཏ་དབྱིན་རྫོང་ལ་འབྲེལ། ནུབ་ངོས་ཕྱོགས་སུ་ཙི་དབྱང་གྲོང་ཁྱེར་ལེ་ཀྲི་རྫོང་ལ་ཁྱིམ་མཚེས་ཡིན། ལྷོ་ངོས་ཕྱོགས་སུ་ཙི་དབྱང་གྲོང་ཁྱེར་ཨན་ཡུའེ་རྫོང་དང་ཁྲུང་ཆིང་གྲོང་ཁྱེར་ཐུང་ནན་རྫོང་བཅས་ལ་འབྲེལ་ཞིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1258.2ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ཨན་ཅུས་ཆུས་གྱི་མི་གྲངས་ཁྲི77.45ལ་སླེབས་ཡོད། ཆུས་ནང་ཁུལ་དུ་རྒྱ་རིགས་གཙོ་བོ་ཡིན་པ་དང་། གྲངས་ཉུང་མི་རིགས་ལ་གཙོ་བོ་བོད་རིགས་དང་། དབྱིས་རིགས། མིའོ་རིགས། ཧུའེ་རིགས། ཡུ་གུར་རིགས། ཀྲོང་རིགས་སོགས་ཁག39ཡོད། སྤྱི་ལོ2018ལོ་བར་དུ། ཨན་ཅུས་ཆུས་དུ་ཁྲོམ་ལམ2དང་ཤང4 གྲོང་རྡལ17ཡོད་པ་དང་། སྲིད་གཞུང་ནི་ཧྥེང་ཧོང་ཁྲོམ་གཞུང་ཨན་ཅུས་ལམ་དུ་བཅའ་སྡོད་བྱས་ཡོད། སྤྱི་ལོ2018ལོར་ཨན་ཅུས་ཆུས་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར167.45ལ་སླེབས་པ་དང་། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར7.1ལ་སླེབས་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར129.7བཏང་ནས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར69.94བཏང་ཡོད། ཨན་ཅུས་ཆུསནི་སི་ཁྲོན་ཞིང་ཆེན་གྱི་སྐོར་དང་པོའི“གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞིའི”ཞིང་ཆེན་རིམ་པའི་དཔེ་སྟོན་རྫོང(ཁུལ)དང་། རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་སྟོབས་ལྡན་རྫོང་གི་ལས་གྲྭའི་ཚོད་ལྟའི་རྫོང(ཁུལ)ཡིན། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱེད་པའི་དཔེ་སྟོན་རྫོང་གི་གྲས། སྤྱི་ལོ2018ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྐྱེ་ལྡན་ཐོན་རྫས་ཁས་ལེན་དཔེ་སྟོན་ཆུས་སུ་བདམས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཨན་ཅུས་ཆུས།
རྒྱ་ཡིག་གི་མིང་།
安居区
ཕྱི་ཡིག་གི་མིང་།
Anju District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་སུའེ་ཉིང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ17 ཤང4
སྲིད་གཞུང་སྡོད་གནས།
ཧྥེང་ཧོང་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0825
སྦྲག་སྲིད་ཚབ་ཨང་།
629000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1258.2
མི་གྲངས།
ཁྲི77.45(སྤྱི་ལོ2018ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་བརླན་བཤེར་ཅན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川J
སྲིད་འཛིན་ཚབ་ཨང་།
510904
GDP
དམངས་སྒོར་དུང་ཕྱུར167.45(སྤྱི་ལོ2018ལོ)
མེ་འཁོར་འབབ་ཚིགས།
སུའེ་ཉིང་མེ་འཁོར་འབབ་ཚིགས།
གནམ་གྲུའི་ཐང་།
ཧུའེ་ཨན་གནམ་གྲུའི་ཐང་།
1 ​ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)སྒྲིག་སྲོལ་དག་ཐེར་བྱས་ཤིང་། སུའེ་ཉིང་རྫོང་གི་ཁོངས་སུ་ཆུས7 ཤང་དང་གྲོང་རྡལ26རུ་བགོས། ཨན་ཅུས་ཆུས་དེ་ཆུས་ལྔ་བའི་ཁོངས་སུ་གཏོགས།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། སུའེ་ཉིང་རྫོང་སྲིད་ཁོངས་སུ་ཆུས་བཅུ་བཙུགས་པ་དང་། ཨན་ཅུས་ཆུས་ཀྱི་ཁོངས་སུ་སྔར་བཞིན་ཆུས་བཙུགས་ནས་ཨན་ཅུས་ཆུས་སུ་བསྒྱུར།

སྤྱི་ལོ1994ལོར་རྫོང་སྲིད་ཆུས་གཤམ་དུ་ཤང(གྲོང་རྡལ)བཙུགས་པ་དང་། ཨན་ཅུས་པ་ཆུས་དེ་ཨན་ཅུས་གྲོང་རྡལ་དུ་བསྒྱུར།

སྤྱི་ལོ2003ལོའི་ཟླ12པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སུའེ་ཉིང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་ཅིག་ལེགས་སྒྲིག་བྱས་ཏེ། སུའེ་ཉིང་གྲོང་ཁྱེར་གྱི་གྲོང་དབུས་ཆུས་མེད་པར་བཟོས་ཏེ། དེ་སྔའི་གྲོང་ཁྱེར་གྲོང་དབུས་ཆུས་ཀྱི་སྲིད་འཛིན་ས་ཁོངས་སུ་སུའེ་ཉིང་གྲོང་ཁྱེར་གྱི་ཁྲོན་ཧྲན་ཆུས་དང་ཨན་ཅུས་ཆུས་བཙུགས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ 2018ལོ་བར་ཨན་ཅུས་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང2(རུའུ་ཀང་ཁྲོམ་གཞུང་དང་། ཧྥེང་ཧོང་ཁྲོམ་གཞུང་།)དང་ཤང4(པད་མ་ཤང་། པུའུ་ཡུན་ཤང་། ཏ་ཨན་ཤང་། མ་ཅ་ཤང) གྲོང17(ཏུང་ཅན་གྲོང་རྡལ། ཡན་ཧྲུའེ་གྲོང་རྡལ། ཧྲི་ཏུང་གྲོང་རྡལ། ལན་ཅང་གྲོང་རྡལ། པའོ་ཧྲི་གྲོང་རྡལ། པད་མ་གྲོང་རྡལ། ཀྲུང་ཤིན་གྲོང་རྡལ། ཧུའེ་ལུང་གྲོང་རྡལ། སན་ཅ་གྲོང་རྡལ། ཡུས་ཧྥེང་གྲོང་རྡལ། ཤིས་མེ་གྲོང་རྡལ། ཅུས་ཞན་གྲོང་རྡལ། ཀོན་དབྱིང་གྲོང་རྡལ། ཁྲང་ལི་གྲོང་རྡལ)ཡོད་པ་སྟེ། ཆུས་མི་དམངས་སྲིད་གཞུང་དེ་ཧྥེང་ཧོང་ཁྲོམ་གཞུང་གི་ཨན་ཅུས་ལམ་ཆེན་དུ་བཅའ་སྡོད་བྱས་ཡོད།

3 མི་གྲངས་གནས་ཚུལ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཨན་ཅུས་ཆུས་གྱི་མི་གྲངས་ཁྲི77.45(སྐྱེས་པ་ཁྲི40.71དང་བུད་མེད་ཁྲི36.74)དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི7.75 གྲོང་གསེབ་ཀྱི་མི་གྲངས་ཁྲི69.7 དུད་ཚང་བསྡོམས་འབོར269754བཅས་ཡོད་པ་རེད། ཨན་ཅུས་ཆུས་སུ་རྒྱ་རིགས་གཙོ་བོ་ཡིན་པ་དང་། གྲངས་ཉུང་མི་རིགས་ལ་གཙོ་བོ་བོད་རིགས་དང་། དབྱིས་རིགས། མིའོ་རིགས། ཧུའེ་རིགས། ཡུ་གུར་རིགས། ཀྲོང་རིགས་སོགས39ཡོད།

4 ཆབ་སྲིད་འགོ་ཁྲིད།

ཆུས་ཏང་ཨུའི་ཧྲུའུ་ཅི། ཀོན་ཀྲའོ།

ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་། ཝུའུ་ཅུན།

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2017ལོར་ཨན་ཅུས་ཆུས་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར148.25ལ་སླེབས་ནས9.1%འཕར་བ་དང་། གཞི་ཁྱོན་ཐོག་བཟོ་ལས་ཀྱི་འཕར་ཐང་འཕར་ཚད14%ལ་སླེབས། ནོར་སྲིད་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར6.17ལ་སླེབས་ནས་རྩིས་བྱ་གཅིག་མཚུངས15.2%འཕར། ཁྲལ་འབབ་ཀྱིས73.94%བཟུང་། ཁྲལ་འབབ་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར14.11ལ་སླེབས་ནས38.82%འཕར། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར146.1བཏང་ནས12.7%འཕར། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར63.34ལ་སླེབས་ནས13.3%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར25800དང་། སྒོར13228ལ་སླེབས་ཤིང་། སོ་སོར8.8%དང9.3%འཕར་ཡོད།

སྤྱི་ལོ2018ལོར་ཨན་ཅུས་ཆུས་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར167.45ལ་སླེབས་ནས9%འཕར་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་འཕར་ཚད13.5%ལ་སླེབས་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར7.1ཡིན་པས་རྩིས་བྱ་གཅིག་མཚུངས་ལས10.1%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར129.7བཏང་ནས12%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར69.94ཡིན་པས12.3%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར28039དང་སྒོར14467ལ་སླེབས་ཏེ། སོ་སོར8.7%དང9.4%འཕར་ཡོད།

5_1 ཐོན་ལས་དང་པོ།

སྤྱི་ལོ2019ལོའི་ཟླ་2པ་བར་ཨན་ཅུས་ཆུས་དུ་ལོ་འཁོར་མོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི124དང་། ཐོན་ཚད་ཏུན་ཁྲི43སྣུམ་རྒྱུ་འདེབས་ཁྱོན་མུའུ་ཁྲི17.8ཐོན་ཚད་ཏུན་ཁྲི་3ལ་སླེབས་པའི་ནང་པད་ཁ་འདེབས་ཁྱོན་མུའུ་ཁྲི་10.83ལ་སླེབས་པ་དང་ཐོན་ཚད་ཏུན་ཁྲི1.9ལ་སླེབས་ཡོད། ཆུས་ཡོངས་ཀྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་ཚད100ལ་སླེབས་པ་དང་ཞིང་ཆེན་ཕྱི་ནང་གི་གྲགས་ཅན་ཞིང་ལས་ཐོན་རྫས་སྤུས་རྟགས་8ཡོད་པ་རེད། ཞིང་པའི་ཆེད་ལས་མཉམ་ལས་ཁང714ཡོད། དེའི་ནང་རྒྱལ་ཁབ་རིམ་པ་5དང་ཞིང་ཆེན་རིམ་པའི་མཉམ་ལས་ཁང21ཡོད།

སྤྱི་ལོ2017ལོར་ཨན་ཅུས་ཆུས་གྱི་འབྲུ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི43.5དང་ཤ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི8.34ལ་སླེབས་ཡོད། ཧུང་པེན་དང་། སུར་པན་དང་། ཤང་ཀུའེ། ཉིང་མེང་། སན་ཅ་འབྲས་སོགས་ཞིང་ལས་ཀྱི་གཙོ་ཁྲིད་ཐོན་ལས་མུའུ་ཁྲི20འཛུགས་སྐྲུན་བྱས་ཡོད། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱས་པ་བརྒྱུད་རིམ་རྩིས་བྱས་ན100ལ་སླེབས་པ་དང་། ཁྱིམ་ཚང་ཞིང་ར་86དང་ཆེད་ལས་མཉམ་ལས་ཁང55མང་དུ་ཕྱིན་ཡོད་པ་རེད།

སྤྱི་ལོ2018ལོར་ཨན་ཅུས་ཆུས་གྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི39.34ལ་སླེབས་པ་དང་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར36.08ལ་སླེབས་ཡོད། དེང་རབས་ཞིང་ལས་དཔེ་སྟོན་རྟེན་གཞི་མུའུ་ཁྲི75བསྐྲུན་ཡོད། ཁྱིམ་ཚང་གི་ཞིང་ར43དང་ཆེད་ལས་མཉམ་ལས་ཁང45གསར་སྣོན་བྱས་ཡོད། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་”གི་བསྡོམས་འབོར102ལ་སླེབས་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2017ལོར་ཨན་ཅུས་ཆུས་དུ་ལོ་ཧྲིལ་པོར་རླངས་འཁོར་ཁྲི2.5བཏང་བ་དང་རླངས་འཁོར་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར17.8ལ་སླེབས། རང་བྱུང་སོལ་རླངས་གཙང་བཟོའི་བཟོ་གྲྭས་ཐག་གཅོད་བྱེད་ཚད་སྒོར་དུང་ཕྱུར89.5ལ་སླེབས་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར19.3ལ་སླེབས་ཡོད། བཟོ་ལས་མ་འཇོག་སྒོར་དུང་ཕྱུར62.4ལ་སླེབས་པ་དང་། རྣམ་གྲངས10བསྐྲུན་ལ་སླེབས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ། རྣམ་གྲངས5སྐྲུན་འགོ་ཚུགས་པ། རྣམ་གྲངས9ལག་བསྟར་བྱས་ནས་ལག་རྩལ་སྒྱུར་བཀོད་དང་ནུས་པ་རྒྱ་སྐྱེད་བཏང་ཡོད། གཞི་ཁྱོན་ལྡན་པའི་ཁེ་ལས6གསར་དུ་འཕར་བ་དང་། གཞི་ཁྱོན་ཐོག་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར68.9ལ་སླེབས་ནས31.2%འཕར། གཞི་ཁྱོན་ཐོག་བཟོ་ལས་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར3.5ལ་སླེབས་པ་དེ་དུས་མཚུངས་ལས165.2%འཕར་ཡོད།

སྤྱི་ལོ2018ལོར་ཨན་ཅུས་ཆུས་དུ་ལོ་ཧྲིལ་པོར་རླངས་འཁོར་ཁྲི2.6བཏང་བ་དང་རླངས་འཁོར་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར39.7ལ་སླེབས་པ་དེ་དུས་མཚུངས་ལས19.58%འཕར་ཡོད། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར23.1ལ་སླེབས་པ་དེ་དུས་མཚུངས་ལས9.62%འཕར་ཡོད། བཟོ་ལས་ཐད་མ་དངུལ་སྒོར་དུང་ཕྱུར63.3བཏང་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས་8གསར་དུ་སྐྱེད་སྲིང་བྱས་པ་དང་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར85.4ལ་སླེབས་ནས24.6%འཕར་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཁྲལ་འབབ་སྒོར་དུང་ཕྱུར5.5ལ་སླེབས་པ་དེ་དུས་མཚུངས་ལས55.75%འཕར།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར་ཨན་ཅུས་ཆུས་གྱི་ཁྱད་ལྡན་ཚོང་ལས་ཁྲོམ་གཞུང་ཁུལ་དུ་ཚོང་ལས་གཉེར་སྐྱོང་ཚན་པ62མང་དུ་བཏང་བ་དང་བཅད་གྲངས་ཡན་གྱི་ཚོང་དོན་འཁོར་རྒྱུག་ཁེ་ལས་5མང་དུ་བཏང་ཡོད། དྲ་ཐོག་ཚོང་དོན་ཁེ་ལས8དང་ཁེ་ལས་གཞན་དག4ཡོད་པ་དང་དྲ་ཐོག་ཚོང་དོན་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར2ལས་བརྒལ་ཡོད་པ་རེད། ཡུལ་སྐོར་བ་མི་ཐེངས་ཁྲི242ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར20.1ལ་སླེབས་ཡོད།

སྤྱི་ལོ2018ལོར་ཨན་ཅུས་ཆུས་གྱི་ཁྱད་ལྡན་ཚོང་ལས་ཁྲོམ་གཞུང་ཁུལ་དུ་ཚོང་ལས་གཉེར་སྐྱོང་ཚན་པ62མང་དུ་བཏང་བ་དང་། གྲངས་འབོར་ཡན་གྱི་ཚོང་དོན་འཁོར་རྒྱུག་ཁེ་ལས13དང་། རང་གཉེར་ཕྱིར་གཏོང་ཁེ་ལས1གསར་དུ་བསྣན། ཁེ་ལས23ལ་བཅའ་སྡོད་བྱས། གློག་རྡུལ་ཚོང་དོན་ཕྱིར་ཚོང་དངུལ་གྲངས་སྒོར་དུང་ཕྱུར3ལས་བརྒལ་ཡོད་པ་རེད། ཡུལ་སྐོར་བ་མི་ཐེངས་ཁྲི274ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར24.13ལ་སླེབས་ཡོད་པ་རེད།

མཚན་སྙན་རྟགས་མ།

སྤྱི་ལོ2017ལོའི་ཟླ10པའི་ཚེས17ཉིན་ཨན་ཅུས་ཆུས་སི་ཁྲོན་ཞིང་ཆེན་གྱི་སྐོར་དང་པོའི“གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞིའི”ཞིང་ཆེན་རིམ་པའི་དཔེ་སྟོན་རྫོང(ཆུས)དུ་བདམས།

སྤྱི་ལོ2017ལོའི་ཟླ12པའི་ཚེས28ཉིན་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ཨན་ཅུས་ཆུས་རྒྱལ་ཁབ་ཤེས་བྱའི་བདག་དབང་སྟོབས་ཆེའི་རྫོང་དུ་བདམས།

སྤྱི་ལོ2018ལོའི་ཟླ2པའི་ཚེས14ཉིན་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་སྐོར་ལྔ་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་དཔེ་སྟོན་རྫོང་དུ་གཏན་འཁེལ་བྱས།

སྤྱི་ལོ2018ལོའི་ཟླ12པའི་ཚེས24ཉིན་སི་ཁྲོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཨན་ཅུས་ཆུས་དེ་སྤྱི་ལོ2018ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྐྱེ་ལྡན་ཐོན་རྫས་ཁས་ལེན་དཔེ་སྟོན་ཁུལ་དུ་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།