ཁྲོན་ཧྲན་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-02 17:22ལ་འགྲུབ།

ཁྲོན་ཧྲན་ཆུས།

ཁྲོན་ཧྲན་ཆུས།
ཁྲོན་ཧྲན་ཆུས་ནི་སི་ཁྲོན་ཞིང་ཆེན་སུའེ་ཉིང་གྲོང་ཁྱེར་གྱི་ཁོངས་སུ་ཡོད་པའི་ཆུས་ཤིག་ཡིན་པ་དང་། སྤྱི་ལོ2003ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དེ་སྔའི་གྲོང་ཁྱེར་དབུས་ཆུས་རྫོང་རིམ་པའི་སྲིད་འཛིན་ཆུས་ཤིག་ཏུ་བསྒྱུར། སུའེ་ཉིང་གྲོང་ཁྱེར་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཤིག་ཀྱང་ཡིན། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ618ཡོད་པ་དེའི་ཁོངས་སུ་ཤང5དང་གྲོང་རྡལ7 ཁྲོམ་གཞུང་དོན་གཅོད་ཁྲུའུ14ཡོད་པ་དང་སྤྱིའི་མི་གྲངས་ཁྲི72ཡོད་པ་རེད། ཁྲིན་ཏུའུ་དང་ཁྲུང་ཆིང་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་། དེ་ནི་ཁྲིན་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་གལ་ཆེན་ཞིག་ཡིན་ཞིང་། ལོ་ལྟར་ཀོང་ཁྲེང་དང་ཁྲུང་ཆིང་གི་དཔལ་འབྱོར་ཁུལ་ཚོང་ཚོགས་ཀྱི་མཉམ་ལས་དབུ་ཚོགས་འཚོག་བཞིན་ཡོད། དེ་ནི་ཀྲུང་གོའི་ཤར་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་གཞན་སྒྱུར་གྱི་འབྲེལ་མཐུད་ས་ཁོངས་གལ་ཆེན་ཞིག་རེད། ཁྲོན་ཧྲན་ཆུས་ནི་རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་སྟོབས་ཆེའི་རྫོང་གི་ལས་གྲྭའི་དཔེ་སྟོན་རྫོང(ཆུས)ཡིན། སྤྱི་ལོ2018ལོའི་ཟླ10པའི་ཚེས22ཉིན་སྤྱི་ལོ2018ལོའི་རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཁུལ་གཏོད་པའི་མིང་ཐོར་བདམས། སྔ་རྗེས་སུ“རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར”དང་། “ཀྲུང་གོའི་ཕུལ་བྱུང་གི་ཡུལ་སྐོར་གྲོང་ཁྱེར” “ཀྲུང་གོའི་སྤྱན་རས་གཟིགས་ཀྱི་རིག་གནས་ཕ་ཡུལ”བཅས་ཀྱི་སྙན་གྲགས་ལྡན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཁྲོན་ཧྲན་ཆུས།
རྒྱ་ཡིག་གི་མིང་།
船山区
ཕྱི་ཡིག་གི་མིང་།
Chuanshan District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་སུའེ་ཉིང་གྲོང་ཁྱེར།
མངའ་ཁོངས།
ཤང5 གྲོང་རྡལ7 ཁྲོམ་གཞུང14
སྲིད་གཞུང་སྡོད་གནས།
ཅ་ཧོ་ཤར་ལམ་ཨང་རྟགས55པ།
ས་ཁོངས་ཁ་པར་ཨང་རྟགས།
0825
སྦྲག་སྲིད་ཚབ་ཨང་།
629000
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ618
མི་གྲངས།
ཁྲི68.99(སྤྱི་ལོ2009ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་བརླན་བཤེར་ཅན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川J
སྲིད་འཛིན་ཚབ་ཨང་།
511003
མེ་འཁོར་འབབ་ཚིགས།
སུའེ་ཉིང་མེ་འཁོར་འབབ་ཚིགས།
1 ལོ་རྒྱུས་འཕེལ་རིམ།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། སྤྱི་ལོ1950ལོའི་ཟླ1པོར་སུའེ་ཉིང་རྫོང་བཙུགས་པ་དང་། སི་ཁྲོན་བྱང་ཁུལ་སྲིད་འཛིན་ཀུང་ཧྲུའུ་སུའེ་ཉིང་ཡན་ལག་ཁུལ་གྱི་ཁོངས་སུ་གཏོགས། དེང་སང་ཁྲོན་ཧྲན་ཆུས་གྱི་ས་ཁོངས་དེ་སུའེ་ཉིན་ཡན་ལག་དམག་ཁུལ་ཁང་ཁོངས་སུའེ་ཉིན་རྫོང་ལ་གཏོགས།

སྤྱི་ལོ1952ལོའི་ཟླ9པའི་ཚེས1ཉིན། སི་ཁྲོན་བྱང་ཁུལ་སྲིད་འཛིན་ཀུང་ཧྲུའུ་མེད་པར་བཟོས། སུའེ་ཉིང་རྫོང་སི་ཁྲོན་ཞིང་ཆེན་སུའེ་ཉིང་ཀྲོན་ཆུས་སུ་གཏོགས། དེང་སང་ཁྲོན་ཧྲན་ཆུས་ནི་སི་ཁྲོན་ཞིང་ཆེན་ཁོངས་སུའེ་ཉིན་ཀྲོན་ཆུས་སུའེ་ཉིན་རྫོང་གི་ཁོངས་སུ་གཏོགས།

སྤྱི་ལོ1958ལོའི་ཟླ10པར་སུའེ་ཉིང་ཀྲོན་ཆུས་མེན་དབྱང་ཀྲོན་ཆུས་སུ་བསྒྱུར་པ་དང་། སུའེ་ཉིང་རྫོང་དེ་སི་ཁྲོན་ཞིང་ཆེན་མཆན་དབྱང་ས་ཁུལ་གྱི་ཁོངས་སུ་བསྒྱུར།

སྤྱི་ལོ1968ལོའི་ཟླ9པར་སུའེ་ཉིང་རྫོང་དེ་མེན་དབྱང་ཀྲོན་ཆུས་ཀྱི་ཁོངས་སུ་བཅུག སུའེ་ཉིང་རྫོང་སི་ཁྲོན་ཞིང་ཆེན་མེན་དབྱང་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1985ལོའི་ཟླ2པར། མེན་དབྱང་ས་ཁུལ་དུ་མེན་དབྱང་དང་ཀོང་ཡོན། ཏེ་དབྱང་། སུའེ་ཉིང་བཅས་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་བཞི་བཙུགས། ཟླ5པར། སུའེ་ཉིང་རྫོང་དེ་སུའེ་ཉིང་གྲོང་ཁྱེར་གྱི་གྲོང་དབུས་ཆུས་སུ་བསྒྱུར། ད་ལྟའི་ཁྲོན་ཧྲན་ཆུས་གྱི་མངའ་ཁོངས་དེ་སུའེ་ཉིང་གྲོང་ཁྱེར་གྱི་གྲོང་དབུས་ཆུས་ཀྱི་ཁོངས་སུ་བཅུགཛ

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2016ལོའི་བར། གྲུ་ཁུལ་ཁོངས་གཏོགས་ཀྱི་ཁྲོམ་གཞུང14(ཁའེ་ཞོན་ལམ་ཁྲོམ་གཞུང་། ཀའོ་ཧྲེང་ཁྲོམ་གཞུང་། ཀྲེན་ཅང་དགོན་ཁྲོམ་གཞུང་། ཡུས་ཚའེ་ལམ་ཁྲོམ་གཞུང་། ཅེ་ཕུའུ་ལམ་ཁྲོམ་གཞུང་། ཅ་ཧོ་ཁྲོམ་གཞུང་། ཀོང་ཏེ་དགོན་ཁྲོམ་གཞུང་། ཧྥུའུ་ཡོན་ལམ་ཁྲོམ་གཞུང་། ནན་ཆང་ཁྲོམ་གཞུང་། ལུང་ཕིང་ཁྲོམ་གཞུང་། ལིན་ཆོན་དགོན་ཁྲོམ་གཞུང་། ཚི་དབྱིང་ཁྲོམ་གཞུང་། ཅིའུ་ལེན་ཁྲོམ་གཞུང)དང་། གྲོང་རྡལ7(ལུང་ཧྥུང་གྲོང་རྡལ་དང་། རིན་ལི་གྲོང་རྡལ། ཧྥུའུ་ཆའོ་གྲོང་རྡལ། ཡུང་ཤིན་གྲོང་རྡལ། ཧོ་ཧྲ་གྲོང་རྡལ། ཤིན་ཆའོ་གྲོང་རྡལ། ཀུའེ་ཧྭ་གྲོང་རྡལ) ཤང5 (ཟི་ལིང་ཤང་། ལའོ་ཁྲི་ཤང་། པའོ་ཧྲེང་ཤང་། ཐང་གི་ཕ་ཡུལ། པེ་ཀུའུ་ཤང་)བཅས་ཡོད་པ་རེད།

3 མི་གྲངས་གནས་ཚུལ།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་ཁྲོན་ཧྲན་ཆུས་དུ་སྤྱིའི་མི་གྲངས་ཁྲི72.03ཙམ་ཡོད་པ་དང་རྒྱུན་སྡོད་མི་གྲངས་ཁྲི67.15ཙམ་ཡོད་ཅིང་། ཆུས་ཡོངས་སུ་ཧུའེ་རིགས་དང་། བོད་རིགས། སོག་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས། ཡུ་རིགས། ཡུ་གུར་རིགས། ཀའོ་ཧྲན་རིགས་སོགས་གྲངས་ཉུང་མི་རིགས་མང་པོ་རྒྱ་རིགས་ཀྱི་ཁྲོད་དུ་ཁ་ཐོར་དུ་གནས་པས། གཅིག་འདུས་སྡོད་ཁུལ་མར་ཆགས་མེད།

4 དཔལ་འབྱོར་རགས་བཤད།

ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར། (GDP)སྤྱི་ལོ2016ལོར་ཁྲོན་ཧྲན་ཆུས་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར286.31ལ་སླེབས་པ་དེ་ལོ་གོང་མ་ལས9.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར15.38ལ་སླེབས་ནས1.9%འཕར་བ་དང་། དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད1.2%ལ་སླེབས་ནས་དཔལ་འབྱོར་འཕར་ཚད0.1%ལ་སྐུལ་ཁྲིད་ཐུབ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར161.77ལ་སླེབས་ནས་8.6%འཕར་བ་དང་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་51.4%ལ་སླེབས་ནས་དཔལ་འབྱོར་འཕར་ཚད4.9%ལ་སྐུལ་ཁྲིད་བྱས། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར109.16ལ་སླེབས་ནས12.3%འཕར་ཏེ་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད47.4%ལ་སླེབས་པ་དང་དཔལ་འབྱོར་འཕར་ཚད4.6%འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཆུས་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་ཁྲོད་ཀྱི་ཐོན་ལས་གྲུབ་ཆ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་བསྡུར་ཚད་དེ་ལོ་གོང་མའི6.0:56.9:37.1ནས5.4:56.5:38.1བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར42733ཡིན་པས9.1%འཕར་ཡོད།

སྤྱི་ལོ2016ལོར་ཆུས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར184.4ལ་སླེབས་ནས9.4%འཕར་བ་དང་། དམངས་གཉེར་དཔལ་འབྱོར་འཕར་བས་GDPའཕར་རྒྱུར་སྐྱེས་འབུལ་ཚད62.7%ལ་སླེབས་ནས་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

སྤྱི་ལོ2016ལོར་ཆུས་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད(CPI)ལོ་གོང་མ་ལས1.4%འཕར་བའི་ནང་བཟའ་བཅའི་ཐ་མག་དང་ཨ་རག་རིགས་ཀྱི་རིན་གོང3.9%འཕར་བ་དང་། གྱོན་ཆས་0.4%འཕར། སྡོད་གནས་རིགས་0.1%འཕར། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིགས0.2%མར་ཆག འགྲིམ་འགྲུལ་དང་འཕྲིན་གཏོང་རིགས0.9%མར་ཆག སློབ་གསོ་རིག་གནས་དང་རོལ་རྩེད་རིགས་ཀྱི་རིན་གོང0.2%འཕར། སྨན་བཅོས་འཕྲོད་སྦྱོར་རིགས2.5%འཕར། མཁོ་ཆས་དང་ཞབས་ཞུ་གཞན་དག2.1%འཕར་བ་བཅས་རེད།

སྤྱི་ལོ2016ལོར་ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར15.4བྱུང་ནས24.4%འཕར་ཡོད། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར39.09ཡིན་པས16.3%འཕར་ཡོད།

4_1 ཐོན་ལས་དང་པོ།

སྤྱི་ལོ2016ལོར་ཆུས་ཡོངས་ཀྱི་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་སྤྱི་ཁྱབ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར29.06ལ་སླེབས་ནས་ལོ་གོང་མ་ལས3.18%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར13.2ལ་སླེབས་ནས4.11%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.03ལ་སླེབས་ནས4.25%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར13.16ལ་སླེབས་ནས2.03%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.08ལ་སླེབས་ནས3.97%འཕར། ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.58ལ་སླེབས་ནས3.76%འཕར་ཡོད། སྤྱི་ལོ2016ལོར་ཁྲོན་ཧྲན་ཆུས་གྱི་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར17.2ལ་སླེབས་ནས3.43%འཕར་ཡོད།

ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་ཁྲི2.53ལ་སླེབས་པ་དེ་དུས་མཚུངས་ལས0.1%མར་ཆག ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི13.11ལ་སླེབས་ནས1.0%འཕར་ཡོད། ལོ་ཧྲིལ་པོར་སྣུམ་རྒྱུའི་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་ཁྲི10.15ལ་སླེབས་ནས1.1%འཕར། ཐོན་ཚད་བསྡོམས་འབོར་ཏུན་ཁྲི2.66ལ་སླེབས་ནས2.01%འཕར་ཡོད། པད་ཁའི་འདེབས་ཁྱོན་སྤྱི་ཆིང་ཁྲི0.84ལ་སླེབས་ནས1.32%འཕར། ཐོན་ཚད་བསྡོམས་འབོར་ཏུན་ཁྲི2.3ལ་སླེབས་ནས1.88%འཕར་ཡོད། ལོ་ཧྲིལ་པོར་སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང་ཁྲི0.69ལ་སླེབས་ནས0.67%འཕར། ཐོན་འབབ་ཏུན་ཁྲི26.13ལ་སླེབས་ནས0.78%འཕར་བ་དང་། ཤིང་ཏོག(ཀྭ་རིགས་ཚུད་པ)ཐོན་ཚད་ཏུན་ཁྲི1.72ལ་སླེབས་ནས0.7%འཕར་ཡོད།

4_2 ཐོན་ལས་གཉིས་པ།

ཆུས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་198ལ་སླེབས་ནས9.4%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར621.04ལ་སླེབས་ནས11.9%འཕར། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང10.6%འཕར། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར545.95བྱུང་ནས11.8%འཕར། ཁེ་སྤོགས་སྒོར་དུང་ཕྱུར32.2ལ་སླེབས་ནས5.0%འཕར་ཡོད།

ཆུས་ཡོངས་ཀྱི་ཨར་ལས་སྤྱིའི་འགན་གཙང་ལེན་དང་ཆེད་ལས་འགན་གཙང་ལེན་གྱི་ཨར་ལས་ཁེ་ལས114 བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར98.19ལ་སླེབས་ནས15%འཕར་ཡོད།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2016ལོར་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར459.48བཏང་ནས12.0%འཕར་ཡོད།

སྤྱི་ལོ2016ལོར་ཆུས་ཡོངས་སུ་ཨར་ལས་རྣམ་གྲངས525ཡོད་པ་དེ་ལོ་གོང་མ་ལས5.2%འཕར། གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས385ཡོད་པ་དང་། ལོ་ཧྲིལ་པོར་ལས་མཇུག་འགྲིལ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་རྣམ་གྲངས327ཡོད་པ་རེད།

ལོ་ཧྲིལ་པོར་ས་ཁང་བདག་ཁོངས་ཀྱི་མ་དངུལ་སྒོར་དུང་ཕྱུར75.32བཏང་ནས28.5%འཕར་ནས་མ་འཇོག་བསྡོམས་འབོར་གྱི16.4%བཟུང་ཡོད། དེའི་ནང་སྡོད་ཁང་ལ་མ་དངུལ་སྒོར་དུང་ཕྱུར50.9བཏང་བ་དང་། ལོ་ཧྲིལ་པོར་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི618.6ལ་སླེབས་པའི་ནང་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི417.9ལ་སླེབས་པ་དང་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི72.7ལ་སླེབས་ཡོད།

ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར165.44ལ་སླེབས་ནས12.9%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་ར་མཐུན་སྦྱོར་ངང་འཕེལ་རྒྱས་བཏང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་སིལ་འཚོང་བྱས་གྲངས་སྒོར་དུང་ཕྱུར137.9ལ་སླེབས་པས12.6%འཕར་ཡོད། གྲོང་གསེབ་ཏུ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར27.54ལ་སླེབས་ནས13.7%འཕར་ཡོད།

ལས་རིགས་དབྱེ་ནས་བལྟས་ན། སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར18.13ལ་སླེབས་ནས13%འཕར། སིལ་ཚོང་ལས་རིགས་ལ་སྒོར་དུང་ཕྱུར117.69བྱུང་ནས12.7%འཕར། ཞག་སྡོད་ལས་རིགས་ལ་སྒོར་དུང་ཕྱུར5.31བྱུང་ནས13.2%འཕར། བཟའ་བཏུང་ལས་རིགས་ལ་སྒོར་དུང་ཕྱུར24.31བྱུང་ནས13.6%འཕར་ཡོད། སྤྱི་ལོ2016ལོར་བཅད་གྲངས་ཡན་གྱི་ཚོང་དོན་ཁེ་ལས་ལ་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར112.13ལ་སླེབས་པ་དེ་དུས་མཚུངས་ལས12.4%འཕར་ཡོད།

ལོ་ཧྲིལ་པོར་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི29343ལ་སླེབས་པ་དེ་སྔ་ལོ་ལས17.2%མར་ཆག་ཡོད།

སྤྱི་ལོ2016ལོར། ལོ་ཧྲིལ་པོར་ཆུས་ཡོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི1316.6ལ་སྣེ་ལེན་ཞུས་པ་དང་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར98.8ལ་སླེབས། རྒྱལ་ནང་དུ་ཡུལ་སྐོར་དུ་ཡོང་མཁན་མི་གྲངས330ཡོད། དེའི་ནང་ཕྱི་རྒྱལ་བ285དང་། ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ45ཡོད། ཆུས་ཡོངས་ཀྱིAརིམ་པའི་ཡུལ་སྐོར་མཛེས་ཆུས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4.76ལ་སླེབས་པ་དངAརིམ་པའི་ཡུལ་སྐོར་མཛེས་ཆུས་ཁུལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི1357ལ་སླེབས་ནས་ཡུལ་སྐོར་མཛེས་ཆུས་ཁུལ་གྱི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི18825.62བྱུང་ཡོད།

ལོ་ཧྲིལ་པོར་གཞུང་ལམ་ཐོག་འགྲུལ་སྐྱེལ་བྱེད་ཚད་སྤྱི་ལེ་ཁྲི་56028.98ལ་སླེབས་ནས་དུས་མཚུངས་ལས་16.9%མར་ཆག ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི201117ལ་སླེབས་ནས6.9%འཕར་ཡོད། ལོ་མཇུག་ཏུ་མངའ་ཁོངས་ནང་གི་གཞུང་ལམ་སྤྱིའི་ལམ་ཚད་སྤྱི་ལེ1402ལ་སླེབས་ཡོད།

ལོ་ཧྲིལ་པོར་སྦྲག་ཏར་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི67081ལ་སླེབས་པ་དེ་དུས་མཚུངས་ལས9.8%འཕར། ལོ་མཇུག་ཏུ་གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང་ཁྲི14.31ལ་སླེབས་ནས3.8%འཕར། ལོ་མཇུག་ཏུ་སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི83.41ལ་སླེབས་ནས7.5%འཕར། ལོ་མཇུག་ཏུ་དྲ་སྦྲེལ་སྤྱོད་མཁན་དུད་ཚང་ཁྲི20.12ལ་སླེབས་ནས24.3%འཕར་ཡོད།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར584.83ལ་སླེབས་པ་དེ་ལོ་འགོ་ལས18.1%འཕར་ཡོད། ལོ་མཇུག་ཏུ་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར411.77ལ་སླེབས་པ་དེ་ལོ་འགོ་ལས8.6%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།