ཚང་ཞི་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-02 17:24ལ་འགྲུབ།

ཚང་ཞི་རྫོང་།

ཚང་ཞི་རྫོང་།
ཚང་ཞི་རྫོང་ནི་སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་པ་དང་། སི་ཁྲོན་གཤོངས་སའི་བྱང་ངོས་དང་ཏ་པ་རི་བོའི་ལྷོ་འདབས། ཀྲུང་ཧྲན་རི་མ་ཐང་ཁུལ། ཀོང་ཡོན་གྲོང་ཁྱེར་གྱི་ལྷོ་སྣེ་རུ་མར་ཆགས་ཡོད། ཁོངས་གཏོགས་ས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2346.46ཡོད་པ་རེད། ཚང་ཞི་རྫོང་ནི་ཚ་ཁུལ་ཕལ་བའི་བརླན་གཤེར་ཅན་གྱི་དུས་རླུང་ནམ་ཟླའི་ཁུལ་ཡིན་པ་དང་། དྲོད་ཚད་ཕུན་སུམ་ཚོགས་པ་དང་། ཆར་ཆུ་འབེལ་བ། སད་མེད་དུས་རིང་བ། གནམ་གཤིས་དྲོ་བ། དུས་བཞིའི་དབྱེ་བ་གསལ་བ། དགུན་དང་དབྱར་དུས་ཐུང་བ། དཔྱིད་དངསྟོན་ཁའི་དུས་ཡུན་རིང་བའི་ཁྱད་ཆོས་ལྡན། སྤྱི་ལོ2018ལོ་བར་ཚང་ཞི་རྫོང་ཁོངས་ཀྱི་གྲོང་རྡལ24དང་ཤང15ཡོད་པ་དང་། གཞན་ཡང་ཤང་རིམ་པའི་ལུས་ཁུངས3ཡོད། རྫོང་སྲིད་གཞུང་ནི་ལིང་ཅང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་ཚང་ཞི་རྫོང་གི་ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི75.84ལ་སླེབས། སྤྱི་ལོ2018ལོར་ཚང་ཞི་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར152.90ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས8.3%འཕར། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར32.37ལ་སླེབས་ནས3.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར66.54ཡིན་པས་9.1%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར53.99ལ་སླེབས་ནས10.3%འཕར། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར25012ཡིན་པ་དེ་སྒོར2072ཇེ་མང་དུ་སོང་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན7.9%འཕར། སྤྱི་ལོ2020ལོའི་ཟླ2པར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཚང་ཞི་རྫོང་དབུལ་ཐར་བྱུང་བར་ཆོག་མཆན་བཀོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཚང་ཞི་རྫོང་།
རྒྱ་ཡིག་གི་མིང་།
苍溪县
ཕྱི་ཡིག་གི་མིང་།
Cangxi County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ24 ཤང15 ཤང་རིམ་པའི་སྡེ་ཁག3
སྲིད་གཞུང་སྡོད་གནས།
ལིང་ཅང་གྲོང་རྡལ་བཅིངས་འགྲོལ་ལམ་ནུབ་དུམ་ཨང་རྟགས196པ།
ས་ཁོངས་ཁ་པར་ཨང་རྟགས།
0839
སྦྲག་སྲིད་ཚབ་ཨང་།
628400
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2346.46
མི་གྲངས།
ཁྲི75.84
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་བརླན་བཤེར་ཅན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川H
སྲིད་འཛིན་ཚབ་ཨང་།
510824
GDP
དམངས་སྒོར་དུང་ཕྱུར152.90(སྤྱི་ལོ2018ལོ)
མེ་འཁོར་འབབ་ཚིགས།
ཚང་ཞི་མེ་འཁོར་འབབ་ཚིགས།
གནམ་གྲུའི་ཐང་།
ཀོང་ཡོན་ཕན་ལུང་གནམ་གྲུའི་ཐང་།
1 ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)སི་ཁྲོན་ཞིང་ཆེན་གྱི་པའོ་ཉིང་ཧྥུའུ་རུ་གཏོགས་པ་དང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པ(སྤྱི་ལོ1914ལོ་)ནས་བཟུང་སི་ཁྲོན་ཞིང་ཆེན་ཁོངས་ཅ་ལིན་ཏའོ་ཧྲུའུ་ཡི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བཞི་པའི(སྤྱི་ལོ1935ལོ)སི་ཁྲོན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་བཞི་པའི་ཁོངས་སུ་བཅུག མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོའི་ལོ་ཉེར་གཉིས(སྤྱི་ལོ1933ལོ)ཟླ7པར་ཚང་ཞི་རྫོང་སུའུ་ཝེ་ཨུའེ་སྲིད་གཞུང་ནི་ཡུན་ཧྲན་པ(ད་ལྟའི་ཡུན་ཧྲན་གྲོང་རྡལ)རུ་བཙུགས་ཤིང་། རྗེས་སུ་ད་ལྟའི་ཝུན་ཁྲང་གྲོང་རྡལ་ཝུན་ཁྲང་ཕོ་བྲང་དུ་གནས་སྤོས། སྤྱི་ལོ1934ལོའི་ཟླ9པར། ཚང་ཞི་རྫོང་སུའུ་ཝེ་ཨེད་སྲིད་གཞུང་ཝུན་ཁྲང་ཕོ་བྲང་ནས་ལའོ་ཀོན་ཁྲང་དུ(ད་ལྟའི་ཆན་ཀྲུང་གྲོང་ཁྱེར་ལའོ་ཀོན་གྲོང་རྡལ)སྤོས། སྤྱི་ལོ1935ལོའི་ཟླ3པར། ཚང་ཞི་རྫོང་སུའུ་ཝེ་ཨེད་སྲིད་གཞུང་ལའོ་ཀོན་ཁྲང་ནས་ལིན་ཅང་གྲོང་རྡལ་ནུང་ཐན་པ་རུ་སྤོས།

སྤྱི་ལོ1949ལོའི་ཟླ12པའི་ཚེས31ཉིན། ཚང་ཞི་རྫོང་བཅིངས་འགྲོལ་བཏང་།

སྤྱི་ལོ1950ལོའི་ཟླ1པའི་ཚེས18ཉིན། ཚང་ཞི་རྫོང་མི་དམངས་སྲིད་གཞུང་དངོས་སུ་བཙུགས་པ་དང་། སི་ཁྲོན་བྱང་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཆུས་ཅན་ཀོ་ཀྲོན་ཆུས་སུ་གཏོགས། (སྤྱི་ལོ1953ལོར། ཅན་ཀོ་ཀྲོན་ཆུས་ཀོང་ཡོན་ཀྲོན་ཆུས་སུ་བསྒྱུར། ལོ་དེའི་ཟླ3པར་མེད་པར་བཟོས )

སྤྱི་ལོ1953ལོའི་ཟླ3པར། ཚང་ཞི་རྫོང་ནན་ཁྲུང་ཀྲོན་ཆུས་སུ་བགོས། (སྤྱི་ལོ1970ལོར། ནན་ཁྲུང་ཀྲོན་ཆུས་མེད་པར་བཟོས་ནས་ནན་ཁྲུང་ས་ཁུལ་དུ་བཙུགས )

སྤྱི་ལོ1985ལོའི་ཟླ9པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚང་ཞི་རྫོང་ནན་ཁྲུང་ས་ཁུལ་ནས་ཀོང་ཡོན་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག་པར་ཆོག་མཆན་བཀོད། སྤྱི་ལོ1986ལོའི་ཟླ1པོ་ནས་བཟུང་ཚང་ཞི་རྫོང་ཀོང་ཡོན་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་དུ་དངོས་སུ་གྱུར།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོ་བར་ཚང་ཞི་རྫོང་ཁོངས་གཏོགས་ཀྱི་གྲོང་རྡལ24སྟེ། ལིན་ཅང་གྲོང་རྡལ་དང་། ལུང་ཝང་གྲོང་རྡལ། སན་ཁྲོན་གྲོང་རྡལ། ཡུན་ཧྥུང་གྲོང་རྡལ། ཏུང་ཆིང་གྲོང་རྡལ། པའེ་ཆའོ་གྲོང་རྡལ། པ་མིའོ་གྲོང་རྡལ། ཝུའུ་ལུང་གྲོང་རྡལ། ཡུང་ཉིང་གྲོང་རྡལ། ཀྲང་ཞི་གྲོང་རྡལ། ཡོན་པ་གྲོང་རྡལ། ཧྲི་མ་གྲོང་རྡལ། ཧྲེ་ཧྲན་གྲོང་རྡལ། ལུང་ཐུའུ་གྲོང་རྡལ། ཀྲུང་ཐུའུ་གྲོང་རྡལ། ཐིང་ཙི་གྲོང་རྡལ། ཤང15སྟེ། ཅན་ལིན་ཤང་དང་། པའེ་ཧོ་ཤང་། ཀྲེ་ཧྲུའེ་ཤང་། གཡུང་ཧོ་ཤང་། ཞིན་ཀོན་ཤང་། ཧྲི་མོན་ཤང་། ཡུའེ་ཧྲན་ཤང་། པའེ་ཧྲན་ཤང་། ཕེང་ཏེན་ཤང་། ཆའོ་ཞི་ཤང་། ལུང་ཏུང་ཤང་། ཧོང་མའོ་ཤང་། ཧྲི་སུའུ་ཤང་། ཧོ་ཏི་ཤང་། ཧྲོང་ཧོ་ཤང་། གཞན་ཡང་ཤང་རིམ་པའི་སྡེ་ཁག3ཡོད་པ་སྟེ། ཚང་ཞི་ཅིའུ་ལུང་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཁྲུའུ་དང་། ཚང་ཞི་རྫོང་སན་ཤིས་ཁོའུ་ནགས་ཚལ་གཉེར་སྐྱོང་ཁང་། ཚང་ཞི་རྫོང་རྒྱུད་བཟང་ར་བ་བཅས་རེད། རྫོང་སྲིད་གཞུང་ནི་ལིང་ཅང་གྲོང་རྡལ་དུ་བཅའ་སྡོད་བྱས།

3 མི་གྲངས་གནས་ཚུལ།
3_1 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཚང་ཞི་རྫོང་གི་ཐེམ་ཐོ་མི་གྲངས་ཁྲི75.84ཡོད་པའི་ནང་ཞིང་ལས་མིན་པའི་མི་གྲངས་ཁྲི12.30དང་ཞིང་ལས་མི་གྲངས་ཁྲི63.54ཡོད་པ་རེད། ལོ་མཇུག་ཏུ་རྒྱུན་སྡོད་མི་གྲངས་ཁྲི61.2ལ་སླེབས་པ་དེ་ལོ་གོང་མ་ལས་མི་ཁྲི0.14འཕར་བ་དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི22.71ཡོད་པ་རེད། ལོ་ཧྲིལ་པོར་གསར་སྐྱེས་མི་གྲངས6767ཡོད་པ་དང་སྐྱེས་ཚད8.39‰ལ་སླེབས། རྐྱེན་ལམ་དུ་ཤོར་བའི་མི་གྲངས5472དང་ཤི་ཚད6.78‰ལ་སླེབས། མི་གྲངས་རང་ཤུགས་སུ་འཕར་ཚད1.6‰ཡིན།

4 ​མི་རིགས།

ཚང་ཞི་རྫོང་དུ་རྒྱ་རིགས་དང་། ཆའང་རིགས། དབྱིས་རིགས། བོད་རིགས། མིའོ་རིགས། ཧུའེ་རིགས། ཏུང་རིགས་སོགས་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱིས0.23%བཟུང་ཡོད།

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོར་ཚང་ཞི་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར152.90ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས8.3%འཕར། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར32.37ལ་སླེབས་ནས3.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར66.54ཡིན་པས9.1%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར53.99ལ་སླེབས་ནས10.3%འཕར། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར25012ཡིན་པ་དེ་སྒོར2072ཇེ་མང་དུ་སོང་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན7.9%འཕར། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད་སོ་སོར10.3%དང་། 48.3% 41.4%བཅས་ལ་སླེབས་ནས་དཔལ་འབྱོར་འཕར་ཚད་སོ་སོར0.9%དང་། 4.0% 3.4%བཅས་ལ་སྐུལ་ཁྲིད་བྱས་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་སྤྱི་ལོ2017ལོའི22.2:43.3:34.5ནས་སྤྱི་ལོ2018ལོའི21.2:43.5:35.3བར་ལེགས་སྒྲིག་བྱས་ཡོད།

སྤྱི་ལོ2018ལོར་ཚང་ཞི་རྫོང་དུ་དཇེ་མངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར81.42བྱུང་བ་དེ་དུས་མཚུངས་ལས8.5%འཕར་ནས་ལོ་ཧྲིལ་པོའིGDPའཕར་ཚད་ལས0.2%མཐོ་བ་ཡོད་པ་རེད། བསྡོམས་འབོར་གྱིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་53.3%ལ་སླེབས་པ་དང་། དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད53.6%ལ་སླེབས། GDP4.4%འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་བཅས་རེད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར11.72ལ་སླེབས་ནས4.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར46.26ལ་སླེབས་ནས8.5%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར23.44ལ་སླེབས་ནས11.0%འཕར།

སྤྱི་ལོ2018ལོའི་ལོ་མཇུག་བར་ཚང་ཞི་རྫོང་དུ་ཁྱོན་ཁྲིམས་མིའི་ཚན་པ3198ཡོད་པ་དེ་ལོ་གོང་མ་ལས0.2%འཕར། ཐོན་ལས་ཚན་པ1160ཡོད་པ་དེ་སྔ་ལོ་ལས11.4%མར་ཆག་ཡོད། “མཐོ་རིམ་བཞིའི”ཁེ་ལས་ཚན་པ144ཡོད་པ་དེ་ལོ་གོང་མ་ལས་ཁེ་ལས15ཇེ་མང་དུ་ཕྱིན་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས50དང་། འོས་ཐོབ་ཡན་གྱི་ཨར་སྐྲུན་ལས་རིགས་དང་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས48ཡོད། བཅད་གྲངས་ཡན་གྱི་སྡེབ་ཚོང་སིལ་ཚོང་དང་ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་ཁེ་ལས་31ཡོད་པ། ཞབས་ཞུའི་ལས་རིགས་གཙོ་བོའི་ཁེ་ལས15བཅས་ཡོད།

སྤྱི་ལོ2018ལོར་ཚང་ཞི་རྫོང་གི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར19.79ལ་སླེབས་པ་དེ་ལོ་གོང་མ་ལས65.6%འཕར་བའི་ནང་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར5.49ལ་སླེབས་པ་དེ་ལོ་གོང་མའི་དུས་མཚུངས་ལས10.0%འཕར། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར3.94ལ་སླེབས་པ་དེས་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ནང་བཟུང་བའི་བསྡུར་ཚད71.7%ལ་སླེབས་ཡོད། ནོར་སྲིད་ཀྱི་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར56.89ཡིན་པས20.9%འཕར། དེའི་ནང་སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར45.06ལ་སླེབས་ནས1.0%འཕར།

5_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ཚང་ཞི་རྫོང་གི་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི119.6ལ་སླེབས་པའི་ནང་ཞའོ་ཁྲུན་མུའུ་ཁྲི38དང་ཏ་ཁྲུན་མུའུ་ཁྲི81.6ལ་སླེབས་ཡོད། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི43.3ལ་སླེབས་ནས2%མར་ཆག་པ་དེའི་ནང་ཞའོ་ཁྲུན་གྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི10.5ལ་སླེབས་ནས1.0%མར་ཆག་པ་དང་། དཔྱིད་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི32.8ལ་སླེབས་ནས2.3%མར་ཆག་ཡོད། སྣུམ་རྒྱུའི་ཐོན་ཚད་ཏུན་ཁྲི6.2ལ་སླེབས་ནས2.3%འཕར། ཤིང་ཏོག་ཐོན་ཚད་ཏུན་ཁྲི20.9ལ་སླེབས་ནས7.5%འཕར།

སྤྱི་ལོ2018ལོར་ཚང་ཞི་རྫོང་གི་ཤ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི8.6ལ་སླེབས་པ་དེ་ལོ་གོང་མ་ལས3.2%འཕར།    སྤྱི་ལོ2018ལོར་ཚང་ཞི་རྫོང་གིས་ཧྲན་ཕིང་ཐང384བཅོས་སྒྲིག་བྱས་པ་དང་། སིམ་འགོག་ཡུར་བུའི་མ་ལག་སྟོང་སྨི68.1གསར་སྐྲུན་བྱས། ཕན་ནུས་ལྡན་པའི་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་2.0གསར་འཕར་བྱུང་། ཞིང་ཆུ་འདྲེན་ཡུར་བུའི་མ་ལག་གི་ཆུ་སྤྱོད་ཚད0.55ལ་སླེབས་ཡོད། གཅིག་སྡུད་ཆུ་མཁོ་འདོན་ལས་གྲྭ332བསྐྲུན་ནས་མི་ཁྲི8.63གྱི་གནོད་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཡོད། རིམ་རྩིས་བྱས་ན་ས་ཞིང་མུའུ་ཁྲི28.89བྱས་པ་དང་སྤྱི་ལོ2018ལོར་མུའུ་ཁྲི1.2གསར་དུ་བསྐྲུན་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི6.68བསྐྲུན། འབྲུ་རིགས་ལོ་ཏོག་གཙོ་བོ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད66%ལ་སླེབས། ཚད་ལྡན་ཅན་གྱི་དཔེ་སྟོན་གླིང་ཁུལ་འཕྲུལ་ཆས་ཅན་དུ་འགྱུར་ཚད75%ལ་སླེབས་པ་བཅས་རེད། ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ་ཁྲི85.6ལ་སླེབས་པ་དེ་ལོ་གོང་མ་ལས1.8%འཕར།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཚང་ཞི་རྫོང་གི་བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར40.41ཡིན་པ་དེ་ལོ་གོང་མ་ལས10.2%འཕར་བ་དང་། བཟོ་ལས་ཀྱིས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད34.1%ལ་སླེབས་ནས་དཔལ་འབྱོར་འཕར་ཚད2.8%འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ལོ་གོང་མ་ལས11.2%འཕར། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ18.3%འཕར། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར18.48ལ་སླེབས་ནས17.5%འཕར་བ་དེའི་ནང་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར13.44ལ་སླེབས་ནས13.5%འཕར་བ་དང་། ཐོན་འཚོང་བྱེད་ཚད98.4%ལ་སླེབས་པ་དང་སྤྱིའི་རྒྱུ་ནོར་གྱིས་སྐྱེས་འབུལ་ཚད9.5%ལ་སླེབས་ཡོད། བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར25.29བཏང་ནས7.6%འཕར། དེའི་ནང་ལག་རྩལ་སྒྱུར་བཅོས་ཐད་མ་དངུལ་སྒོར་དུང་ཕྱུར13.03བཏང་ནས10.7%འཕར།

སྤྱི་ལོ2018ལོར་ཚང་ཞི་རྫོང་གི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར26.14ལ་སླེབས་པ་དེ་ལོ་གོང་མ་ལས7.2%འཕར། འོས་ཐོབ་ཡན་གྱི་ཨར་སྐྲུན་ཁེ་ལས24ཡོད་པ་དེས་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར33.58ལ་སླེབས་ནས30.5%འཕར།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཚང་ཞི་རྫོང་གི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར53.99ལ་སླེབས་པ་དེ་ལོ་གོང་མ་ལས10.3%འཕར།

སྤྱི་ལོ2018ལོར་ཚང་ཞི་རྫོང་གི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར70.37ལ་སླེབས་པ་དེ་ལོ་གོང་མ་ལས11.3%འཕར། གཉེར་སྐྱོང་ཚན་པའི་གནས་ཡུལ་གཞིར་བཟུང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར37.37ལ་སླེབས་ནས11.1%འཕར་བ་དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར33.00ལ་སླེབས་ནས11.6%འཕར། ལས་རིགས་ལ་གཞིགས་ནས་དབྱེ་ན་སྡེབ་ཚོང་དང་། སིལ་ཚོང་། ཞག་སྡོད། བཟའ་བཏུང་ལས་རིགས་བཅས་སོ་སོར8.2%དང་། 11.2% 13.0% 13.7%བཅས་འཕར་ཡོད་པ་རེད།

སྤྱི་ལོ2018ལོར་ཚང་ཞི་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི701.1ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས27.1%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར46.06ལ་སླེབས་ནས15.6%འཕར།

སྤྱི་ལོ2018ལོའི་ལོ་མཇུག་བར་ཚང་ཞི་རྫོང་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར303.0ལ་སླེབས་པ་དེ་ལོ་འགོ་ལས3.4%འཕར་བའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར227.3ལ་སླེབས་པ་དེ་ལོ་འགོ་ལས8.6%འཕར། དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར140.3ལ་སླེབས་པ་དེ་ལོ་འགོ་ལས8.1%འཕར།

སྤྱི་ལོ2018ལོར་ཚང་ཞི་རྫོང་གི་འགན་བཅོལ་གྲོན་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར8.04ལ་སླེབས་པ་དེ་ལོ་གོང་མ་ལས18.4%འཕར། ལོ་ཧྲིལ་པོར་སྐྱིན་ཚབ་འཇལ་བའི་དངུལ་གྲངས་སྒོར་དུང་ཕྱུར1.56ལ་སླེབས་ཡོད།

སྤྱི་ལོ2018ལོར་ཚང་ཞི་རྫོང་གི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར10.73བཏང་བ་དེ་ལོ་གོང་མ་ལས12.4%འཕར་བའི་ནང་སྡོད་ཁང་ལ་མ་དངུལ་སྒོར་དུང་ཕྱུར4.7བཏང་ནས32.9%མར་ཆག་ཡོད། ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི96.5ལ་སླེབས་ནས2.4%མར་ཆག་པ་དེའི་ནང་གསར་དུ་ལས་འགོ་བཙུགས་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི13ལ་སླེབས་ནས40.3%འཕར་བ་དང་། སྡོད་ཁང་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི0.74ལ་སླེབས་ནས97.6%མར་ཆག་ཡོད། ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི31.2ལ་སླེབས་ནས35.6%འཕར་བའི་ནང་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི26.8ལ་སླེབས་ནས25.1%འཕར་བ་དང་། ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར13.2ལ་སླེབས་ནས41.9%འཕར་བ་དེའི་ནང་སྡོད་ཁང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར11.6ལ་སླེབས་ནས36.4%འཕར།

སྤྱི་ལོ2018ལོར་ཚང་ཞི་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར4.79ལ་སླེབས་པ་དེ་ལོ་གོང་མ་ལས4.8%འཕར། སྦྲག་སྲིད་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར0.81ལ་སླེབས་ནས3%འཕར།

6 གཟི་བརྗིད་མཚན་སྙན།

ཀྲུང་གོའི་ཞོལ་ལིའི་ཕ་ཡུལ།

སྐམ་དམག་གསར་སྒྲིག་ཅུན་ཤོག་བཞི་པ་རྒྱང་བསྐྱོད་འགོ་ཚུགས་ས།

རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་རྫོང་།

སི་ཁྲོན་ཞིང་ཆེན་གྱི་སྐོར་དང་པོའི་ཤེས་དཔལ་དང་འཕྲོད་བསྟེན་རྫོང་གྲོང་།

“གྲོང་གསེབ་ལམ་བུ་ཡག་པོ་བཞིའི”རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་།

སྤྱི་ལོ2020ལོའི་ཟླ3པའི་ཚེས19ཉིན་རྒྱལ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚུབ“ལྗང་མདོག་སྔོན་འགོག་ཚོད་འཛིན་གྱི་དཔེ་སྟོན་རྫོང”སྐོར་དང་པོའི་དཔྱད་འདེམས་མིང་ཐོའི་ནང་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། མི་རིགས། ཆོས། རྫོང་། སི་ཁྲོན།