ཆིང་ཁྲོན་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-03 14:52ལ་འགྲུབ།

ཆིང་ཁྲོན་རྫོང་།

ཆིང་ཁྲོན་རྫོང་།
ཆིང་ཁྲོན་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ཀོང་ཡོན་གྲོང་ཁྱེར་ལ་གཏོགས་པའི་རྫོང་ཞིག་ཡིན་པ་དང་། སི་ཁྲོན་གཤོངས་སའི་བྱང་རྒྱུད་ཀྱི་མཐའ་མཚམས་དང་པེ་ལུང་གཙང་པོའི་སྨད་རྒྱུད། སི་ཁྲོན་དང་ཀན་སུའུ། ཧྲན་ཞི་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། ཀྲུང་གོའི་དབུས་ཁུལ་དང་ནུབ་རྒྱུད་ཀྱི་འབྲེལ་མཚམས་ཀྱི་ཁོངས་སུ་གནས། ཉེ་འདབས་དེ་ཧྲན་ཞི་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་ཉིང་ཆང་རྫོང་དང་། ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཝུན་རྫོང་དང་ཝུའུ་ཏུའུ་ཆུས། སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར་ཅང་ཡིའུ་གྲོང་ཁྱེར་དང་ཕིང་ཝུའུ་རྫོང་། ཀོང་ཡོན་གྲོང་ཁྱེར་ལི་ཀྲོའུ་ཆུས་དང་། ཁྲའོ་ཐེན་ཆུས། ཅན་ཀོ་རྫོང་སོགས་རྫོང(ཆུས)བརྒྱད་དང་འབྲེལ་ཞིང་། ས་བབ་ཀྱི་ལེགས་ཆའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད། སྤྱི་ལོ2019ལོའི་ཟླ་12བར་ཆིང་ཁྲོན་རྫོང་ཁོངས་གཏོགས་ཀྱི་གྲོང་རྡལ12དང་། ཤང8(མི་རིགས་ཤང2ཚུད)རྒྱུན་སྡོད་མི་གྲངས་ཁྲི21.28ཡོད་པ་རེད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར35.7565མངོན་འགྱུར་བྱུང་། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར7.8580དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར14.9811 ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར12.9174ལ་སླེབས་ཡོད། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད་སོ་སོར9.9%དང་། 57.2% 32.9%བཅས་ལ་སླེབས་ནས་དཔལ་འབྱོར་འཕར་ཚད་སོ་སཕར0.9%དང་། 5.1% 2.9%བཅས་སྐུལ་ཁྲིད་བྱས། སྤྱི་ལོ2019ལོའི་ཟླ3པར་སྐོར་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་སླེབས་ཡོད། སྤྱི་ལོ2019ལོའི་ཟླ4པའི་ཚེས28ཉིན། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆིང་ཁྲོན་རྫོང་དབུལ་ཐར་བྱུང་བར་ཆོག་མཆན་བཀོད། སྤྱི་ལོ2019ལོའི་ཟླ9པར་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་སྐོར་དང་པོའི་གྲས་སུ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཆིང་ཁྲོན་རྫོང་།
རྒྱ་ཡིག་གི་མིང་།
青川县
ཕྱི་ཡིག་གི་མིང་།
Qingchuan County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ12 ཤང8
སྲིད་གཞུང་སྡོད་གནས།
ཆའོ་ཀྲོང་གྲོང་རྡལ་ཀྲི་ཅིན་ལམ་ཆེན་དབུས་དུམ།
ས་ཁོངས་ཁ་པར་ཨང་རྟགས།
0839
སྦྲག་སྲིད་ཚབ་ཨང་།
628100
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ3216
མི་གྲངས།
ཁྲི21.28
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་བརླན་བཤེར་ཅན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川H
སྲིད་འཛིན་ཚབ་ཨང་།
510822
1 ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བཞི་པའི(སྤྱི་ལོ1935ལོའི)ཟླ4པར་དམར་དམག་སྐམ་ཤོག་དཔུང་བཞི་པས་ཕྱོགས་གཏོགས་དམག་གིས་རྒྱང་སྐྱོད་བྱེད་སྐབས་ཆིང་ཁྲོན་བརྒྱུད་དེ་ཡུལ་གྱི་གཤེད་མ་གཏོར་བ་དང་། ས་ཞིང་དང་རྒྱུ་ནོར་བགོས་པའི་གསར་བརྗེའི་འཐབ་རྩོད་བཅས་བྱས་པ་མ་ཟད། རྫོང་དང་ཆུས། ཤང་བཅས་སུའུ་ཝེ་ཨུའེ་སྲིད་དབང་གི་རྩ་འཛུགས་ཀྱང་བཙུགས་པ་རེད།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་གཅིག་པར(སྤྱི་ལོ1942ལོར)ཆིང་ཁྲོན་རྫོང་བསྐྱར་དུ་བཙུགས།

སྤྱི་ལོ1949ལོའི་ཟླ12པར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཤོག་ཁག་བཅོ་བརྒྱད་པའི་དཔུང་ཚོགས62པས་པུའུ་དང་པོའི་བཀའ་ལྟར་ཆིང་ཁྲོན་བཅིངས་འགྲོལ་བཏང་། ལོ་དེའི་ཟླ12པའི་ཚེས19ཉིན། ཆིང་ཁྲོན་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། རྫོང་སྲིད་གཞུང་དེ་ད་ལྟའི་ཆིང་ཁྲོན་རྫོང་ཆའོ་ཀྲོང་གྲོང་རྡལ་དུ་གནས་ཡོད། ཆིང་ཁྲོན་རྫོང་དེ་སི་ཁྲོན་བྱང་རྒྱུད་ཀྱི་མི་དམངས་སྲིད་འཛིན་ཀུང་ཧྲུའུ་ཅན་ཀོ་ཀྲོན་ཧྲུའུ(ཀོང་ཡོན་རྫོང་དུ་བཅའ་སྡོད་བྱས་པ)རུ་བཅའ་སྡོད་བྱས་ཡོད།

སྤྱི་ལོ1953ལོར་ཅན་ཀོ་ཀྲོན་ཡོན་ཀུང་ཧྲུའུ་ཞེས་པའི་མིང་ཀོང་ཡོན་ཀྲོན་ཧྲུའུ་ཞེས་པར་བསྒྱུར། ལོ་དེར་ཀོང་ཡོན་ཀྲོན་ཧྲུའུ་མེད་པར་བཟོས་པ་དང་། ཆིང་ཁྲོན་རྫོང་མེན་དབྱང་ཀྲོན་ཆུས་ཀྱི་ཁོངས་སུ་བགོས།

སྤྱི་ལོ1985ལོའི་ཟླ2པར་མེན་དབྱང་ས་ཁུལ་ནས་ས་ཁུལ་རིམ་པའི་ཀོང་ཡོན་གྲོང་ཁྱེར་གྱི་ཁོངས་སུ་བགོས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོའི་ཟླ12པའི་ཚེས24ཉིན་བར་ཆིང་ཁྲོན་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ12(ཆའོ་ཀྲོང་གྲོང་རྡལ། ཆིང་ཤིས་གྲོང་རྡལ། ཧྥང་ཧྲི་གྲོང་རྡལ། ཀོན་ཀྲོང་གྲོང་རྡལ། ལེང་ཧྲུའེ་གྲོང་རྡལ། ཀྲུའུ་ཡོན་གྲོང་རྡལ། མུའུ་ཡུས་གྲོང་རྡལ། ཧྲ་ཀྲོའུ་གྲོང་རྡལ། ཡའོ་ཏུའུ་གྲོང་རྡལ། སན་ཀུའུ་གྲོང་རྡལ། ལེ་ཨན་གྲོང་རྡལ། ཅན་ཧྥུའུ་གྲོང་རྡལ)དང་། མི་རིགས་ཤང2ཚུད་པའི་ཤང8(ཁྲ་པ་ཤང་། ཀའོ་ཤིས་ཧུའེ་རིགས་ཤང་། ཆུས་ཧོ་ཤང་། ཧྲེ་པཱ་ཤང་། ཏ་ཡོན་ཧུའེ་རིགས་ཤང་། ཆི་ཧྥོ་ཤང་། ཆི་མ་ཤང་། ཀོན་དབྱིང་ཏེན་ཤང)བཅས་ཡོད།

3 མི་གྲངས་གནས་ཚུལ།
3_1 ​མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཆིང་ཁྲོན་རྫོང་གི་ཐེམ་ཐོའི་མི་གྲངས་ཁྲི23.0867ལ་སླེབས་ཡོད། དེའི་ནང་བུད་མེད་ཁྲི11.1487དང་སྐྱེས་པ་ཁྲི11.938ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི48.3%དང51.7%བཟུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས42548ཡོད་པ་དང་། གྲོང་གསེབ་ཀྱི་མི་གྲངས་ཁྲི18.8319ཡོད་པ་དེས་མི་གྲངས་བསྡོམས་འབོར་གྱི་སོ་སོར18.4%དང81.6%བཟུང་ཡོད། ལོ་མཇུག་ཏུ་རྫོང་དེ་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི21.28ལ་སླེབས་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི7.38དང་གྲོང་གསེབ་ཀྱི་མི་གྲངས་ཁྲི13.9ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད34.7%ལ་སླེབས་པ་དེ་སྤྱི་ལོ2016ལོ་ལས2%འཕར་ཡོད། མི་གྲངས་སྐྱེ་ཚད7.95‰དང་ཤི་ཚད6.6‰ཡིན་ཞིང་། རང་བྱུང་འཕར་ཚད1.35‰ཡིན།

3_2 མི་རིགས།

ཆིང་ཁྲོན་རྫོང་གི་མི་གྲངས་མང་ཆེ་བ་རྒྱ་རིགས་ཡིན་ཞིང་། སྤྱི་ལོ2015ལོའི་བར་ཧུའེ་རིགས་དང་། བོད་རིགས། ཆའང་རིགས། དབྱིས་རིགས། ཐུའུ་ཅ་རིགས། ཀྲོང་རིགས། ཏུང་ཞང་རིགས། ཁྲའོ་ཞན་རིགས། ཏའེ་རིགས་སོགས་གྲངས་ཉུང་མི་རིགས10ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་གྲངས8000ལྷག་ཡོད།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2017ལོར་ཆིང་ཁྲོན་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར35.7565བྱུང་བ་དེ་སྤྱི་ལོ2016ལོ་ལས8.9%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར7.8580ལ་སླེབས་ནས3.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར14.9811ལ་སླེབས་ནས12.2%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་2.9174ལ་སླེབས་ནས8.3%འཕར་ཡོད། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད9.9%དང་། 57.2% 32.9%བཅས་སོ་སོར་ལ་སླེབས་ནས་དཔལ་འབྱོར་འཕར་ཚད་སོ་སོར0.9%དང་། 5.1% 2.9%བཅས་སྐུལ་ཁྲིད་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར16835ལ་སླེབས་ནས8.6%འཕར་ཡོད། ཐོན་ལས་ཐེངས་གསུམ་གྱི་གྲུབ་ཆ་དེ་སྤྱི་ལོ2016ལོའི23.2:40.8:36.0ནས22:41.9:36.1བར་ལེགས་སྒྲིག་བྱས་པ་དང་། ཐོན་ལས་དང་པོ1.2%མར་ཆག ཐོན་ལས་གཉིས་པ1.1%འཕར། ཐོན་ལས་གསུམ་པ0.1%འཕར། ཐོན་ལས་གཉིས་པ་གཙོ་ཁྲིད་དང་ཐོན་ལས་གསུམ་པ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད། རྫོང་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་འཕར་ཐང་སྒོར་དུང་ཕྱུར21.0963ལ་སླེབས་ནས9.1%འཕར་བ་དེསGDPཡི་བསྡུར་ཚད་ཀྱི59%བཟུང་བ་དང་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད61.2%ལ་སླེབས་ནས་དཔལ་འབྱོར་འཕར་ཚད5.4%ལ་སླེབས་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར1.7660ལ་སླེབས་པ་དེ་སྤྱི་ལོ2016ལོ་ལས4.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར14.0502ལ་སླེབས་ནས10.6%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར5.2801ལ་སླེབས་ནས6.7%འཕར་ཡོད། སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་བཟོ་ཚོང་ཐོ་འགོད་སྒེར་གཉེར་ཁེ་ལས7903དང་། ཁྲིམས་མིའི་ཚན་པ2320ཐོན་ལས་བྱེད་སྒོའི་ཚན་པ263བཅས་ཡོད།

4_1 གཏན་འཇགས་མ་འཇོག

སྤྱི་ལོ2017ལོར་ཆིང་ཁྲོན་རྫོང་གི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར49.2534བཏང་བ་དེ་སྤྱི་ལོ2016ལོ་ལས17.5%འཕར་ཡོད། དེའི་ནང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག(ཞིང་དུད་ཚུད་མེད)སྒོར་དུང་ཕྱུར41.6337ལ་སླེབས་ནས18.1%འཕར་ཡོད། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག(ཞིང་དུད་ཚུད་མེད)ནང་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར1.4268བཏང་ནས10.6%མར་ཆག་ཡོད། གྲུབ་ཆའི་ཐད་ནས་བལྟས་ན། ཨར་སྐྲུན་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར29.9816བཏང་ནས17.1%འཕར་བ་དང་། སྒྲིག་སྦྱོར་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར2.7816བཏང་ནས21.5%འཕར། སྒྲིག་ཆས་བཟོ་པའི་ཡོ་བྱད་ཉོ་སྒྲུབ་ཐད་མ་དངུལ་སྒོར་དུང་ཕྱུར3.5454བཏང་ནས18.2%མར་ཆག མ་དངུལ་གཞན་དག་སྒོར་དུང་ཕྱུར5.3251བཏང་ནས75.5%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར3.8389བཏང་ནས88.7%འཕར་བ་དང་། ཐོན་ལས་གཉིས་པའི་མ་འཇོག་སྒོར་དུང་ཕྱུར12.9452ལ་སླེབས་ནས0.8%འཕར་བའི་ནང་བཟོ་ལས་མ་འཇོག་སྒོར་དུང་ཕྱུར12.9452ལ་སླེབས་ནས0.8%འཕར། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར24.8496བཏང་ནས21.9%འཕར།

4_2 ནོར་ཁྲལ་གཏོང་ཡོང་།

སྤྱི་ལོ2017ལོར་ཆིང་ཁྲོན་རྫོང་གི་སྤྱི་པའི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ(རིམ་གསུམ་ཡོང་འབབ)སྒོར་དུང་ཕྱུར3.3མངོན་འགྱུར་བྱུང་བ་དེ་སྤྱི་ལོ2016ལོ་ལས14.1%འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1.8248ལེགས་གྲུབ་བྱུང་བས8.3%འཕར་བ་དང་། རྩིས་བྱ་གཅིག་མཚུངས17.5%འཕར། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི9706ལ་སླེབས་ནས1.5%འཕར་ཡོད། རྫོང་ཡོངས་ཀྱི་ས་གནས་ཀྱི་སྤྱི་པའི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར21.4971ལ་སླེབས་ནས13.4%འཕར། སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་དུང་ཕྱུར1.4887ཡིན་པས25.6%འཕར་ཡོད། ལོ་ཧྲིལ་པོར་རྒྱལ་ཁྲལ་ཡོང་འབབ་སྒོར་དུང་ཕྱུར1.5968ལ་སླེབས་ནས52.5%འཕར། ས་ཁྲལ་ཡོང་འབབ་སྒོར་ཁྲི8440ལ་སླེབས་ནས23.7%མར་ཆག

4_3 དམངས་ཀྱི་འཚོ་བ།

སྤྱི་ལོ2017ལོར་ཆིང་ཁྲོན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26951ལ་སླེབས་པ་དེ་སྤྱི་ལོ2016ལོ་ལས9.1%འཕར་ཡོད། དེའི་ནང་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར18332ལ་སླེབས་ནས8.8%འཕར་བ་དང་། གཉེར་སྐྱོང་ཡོང་འབབ་ཁེ་གཙང་སྒོར4213ལ་སླེབས་ནས9.7%འཕར། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཁེ་གཙང་སྒོར1017ལ་སླེབས་ནས13.1%འཕར། སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་ཁེ་གཙང་སྒོར3389ལ་སླེབས་ནས8.6%འཕར། མི་རེའི་ཆ་སྙོམས་ཀྱི་འཚོ་བའི་འཛད་སྤྱོད་གཏོང་སྒོ་སྒོར17872ལ་སླེབས་ནས9.5%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཨེན་ཀེར་བཏགས་གྲངས38.1%ལ་སླེབས་ནས0.1%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར10583ལ་སླེབས་ནས10.4%འཕར་ཡོད། དེའི་ནང་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར3927ལ་སླེབས་ནས8.8%འཕར་བ་དང་། གཉེར་སྐྱོང་ཡོང་འབབ་ཁེ་གཙང་སྒོར3925ལ་སླེབས་ནས13.1%འཕར། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཁེ་གཙང་སྒོར209ལ་སླེབས་ནས14.9%འཕར། སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་ཁེ་གཙང་སྒོར2522ལ་སླེབས་ནས8.3%འཕར། མི་རེའི་ཆ་སྙོམས་ཀྱི་འཚོ་བའི་འཛད་སྤྱོད་གཏོང་སྒོ་སྒོར8823ལ་སླེབས་ནས10.6%འཕར་ཡོད། གྲོང་གསེབ་ཀྱི་གྲོང་མིའི་ཨེན་ཀེར་བཏགས་གྲངས39.7%ལ་སླེབས་ནས0.8%མར་ཆག་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་ལྡབ་ཁྱད2.55ལ་སླེབས་ནས0.03ཆུང་དུ་ཕྱིན་ཡོད། སྤྱི་ལོ2017ལོར་གྲོང་གསེབ་ཀྱི་མི་གྲངས་དབུལ་པོ6284ཉུང་དུ་ཕྱིན་ནས་དབུལ་པོ་ཐོན་ཚད4.29%བར་མར་ཆག་ཡོད།


དཔྱད་གཞིའི་ཡིག་ཆ།