ཝང་ཚང་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-03 15:13ལ་འགྲུབ།

ཝང་ཚང་རྫོང་།

ཝང་ཚང་རྫོང་།
ཝང་ཚང་རྫོང་ནི་སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། སི་ཁྲོན་གཤོངས་སའི་བྱང་ངོས་དང་སྨི་ཚང་རི་བོའི་ལྷོ་འདབས་སུ་གནས། ཤར་ངོས་ཕྱོགས་སུ་པ་ཀྲུང་གྲོང་ཁྱེར་ནན་ཅང་རྫོང་དང་འབྲེལ་ཡོད། ནུབ་ངོས་ཕྱོགས་སུ་ཁྲའོ་ཐེན་ཆུས་དང་ལི་ཀྲོའུ་ཆུས། ཀྲའོ་ཧྭ་ཆུས་བཅས་གསུམ་ལ་འབྲེལ་ཡོད། ལྷོ་ངོས་ཕྱོགས་སུ་ཚང་ཞི་རྫོང་དང་འབྲེལ། བྱང་ངོས་ཕྱོགས་སུ་ཧྲན་ཤིས་ཞིང་ཆེན་གྱི་ནན་ཀྲེང་རྫོང་དང་ཉིང་ཆང་རྫོང་ལ་ས་མཚམས་འབྲེལ་ཡོད། རྫོང་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2987ཡོད་པ་དེའི་ཁོངས་སུ་གྲོང་རྡལ18དང་། ཤང17 ཁྲོམ་གཞུང་གཞུང་དོན་ཁང3བཅས་ཡོད། སྤྱི་ལོ2012ལོར་མི་གྲངས་བསྡོམས་འབོར་ཁྲི45.82ཡོད་པ་དང་། རྒྱ་རིགས་དང་། ཆའང་རིགས། དབྱིས་རིགས། བོད་རིགས། ཧུའེ་རིགས། མིའོ་རིགས། ཏུང་རིགས་སོགས་མི་རིགས་སྡོད་ཀྱིན་ཡོད། མངའ་ཁོངས་ནང་གི་ས་བབ་ཀྱི་བྱང་མཐོ་ལ་ལྷོ་དམའ་བ་དང་། དཀྱིལ་དབུས་ཀྱང་ཅུང་དམའ་བ། ས་ངོས་ཆགས་ཚུལ་ནི་བྱང་ཕྱོགས་ཀྱི་རི་ཚོགས་ལྷུན་གྱིས་གྲུབ་པ་དང་། ལྷོ་རྒྱུད་ཀྱི་ཁྲུང་ཧྲན་རི་བོ་གྱེན་ངེར་འགྲེང་ཞིང་དཀྱིལ་དབུས་ཀྱི་རི་མ་ཐང་དང་དེའུ་འབུར། གཙང་བོ་དང་ཆུ་བོ་ཕན་ཚུན་འདྲེས་ནས་ཡོད། ཝང་ཚང་རྫོང་ནི་ཚ་ཁུལ་ཕལ་བའི་བརླན་གཤེར་ཆེ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་16.5℃ཡིན་པ་དང་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི920.9ཡིན། སྤྱི་ལོ2019ལོའི་ཟླ3པར་སྐོར་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་ཚུད་ཡོད། ཞིང་ཆེན་རིམ་པའི་སྐད་གྲགས་ཅན་གྱི་མཛེས་ལྗོངས་ཁུལ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཝང་ཚང་རྫོང་།
རྒྱ་ཡིག་གི་མིང་།
旺苍县
ཕྱི་ཡིག་གི་མིང་།
Wangcang County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེ་ཀོང་ཡོན་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ18 ཤང17
སྲིད་གཞུང་སྡོད་གནས།
ཏུང་ཧོ་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0839
སྦྲག་སྲིད་ཚབ་ཨང་།
628200
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2987
མི་གྲངས།
ཁྲི53
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་བརླན་བཤེར་ཅན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川H
སྲིད་འཛིན་ཚབ་ཨང་།
510821
མེ་འཁོར་འབབ་ཚིགས།
ཝང་ཚང་མེ་འཁོར་འབབ་ཚིགས།
1 ལོ་རྒྱུས་འཕེལ་རིམ།

ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912)པའེ་ཀྲང་ཀོན་སྐོར་སྐྱོད་ཞིབ་དཔྱོད་སུའུ་མེད་པར་བཟོས་པ་དང་། དེར་ཀོན་ཧྥུན་རྫོང་བཙུགས་ནས་དེང་གི་ཏུང་ཧོ་གྲོང་རྡལ་པའེ་ཀྲང་གྲོང་ཚོ་ལ་དོ་དམ་བྱེད་བཞིན་ཡོད། དེའི་ཕྱི་ལོ་རྫོང་མེད་པར་བཟོས་ནས་རྫོང་བཅོས་ཙུའོ་ཀྲི་བཙུགས་ནས་སྤྱི་ལོ1916ལོར་མེད་པར་བཟོས།

ཀྲུང་ཧྭ་སུའུ་ཝེ་ཨུའེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་སུ། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ22(སྤྱི་ལོ1933)ཟླ6པར་ཀོང་ཡོན་རྫོང་བཙུགས་ནས་ཝང་ཚང་ལ་དོ་དམ་བྱས་པ་དང་། སི་ཁྲོན་དང་ཧྲན་ཞི་ཞིང་ཆེན་གཉིས་ཀྱི་ཁོངས་སུ་གཏོགས། ལོ་དེའི་ཟླ8པར་ཀོང་ཡོན་རྫོང་གི་མིང་དེ་ཝང་ཚང་རྫོང་དུ་བསྒྱུར། ལོ་དེའི་ཟླ12པར། དབྱིན་ཨན་རྫོང་བཙུགས་པ་དང་དེང་གི་དབྱིན་ཡུས་ཁྲང་ལ་དོ་དམ་བྱས། ཐོག་མའི་མིང་ལ་དབྱིན་དབྱི་རྫོང་ཟེར། མིན་གོའི་སྲིད་ལོ23(སྤྱི་ལོ1934)པར་དམར་དམག་ཤོག་སོ་གཅིག་པའི་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་དང་ཞིང་ཆེན་དམག་ཁུལ་གྱི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁྲང་ལིན་དབྱིན་ཨན་གྱིས་དབྱིན་དབྱི་རྫོང་གི་མངའ་ཁོངས་སུ་ཇག་འཇོམས་བྱེད་སྐབས་རང་སྲོག་ཤོར་བས། ཞིང་ཆེན་སུའུ་ཝེ་ཨུའེ་སྲིད་གཞུང་གི་བཀའ་བསྒྲགས་ནས་དབྱིན་ཨན་རྫོང་དུ་བསྒྱུར། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ23པ(སྤྱི་ལོ1934)ཟླ4པ་ནས་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ24པའི(སྤྱི་ལོ1935ལོ)ཟླ4པར་སི་ཁྲོན་དང་ཧྲན་ཞི་ཞིང་ཆེན་གྱིས་ཝང་ཚང་རྫོང་བཅོས་འཛུགས་བྱས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ24(སྤྱི་ལོ1935ལོ)ཟླ4པར་དམར་དམག་བྱང་ཕྱོགས་སུ་རི་འགོག་བྱེད་པར་བསྐྱོད་རྗེས་ཝང་ཚང་དང་དབྱིན་ཨན་རྫོང་གཉིས་མེད་པར་བཟོས།

མི་སེར་རྒྱལ་ཁབ་ཀྱི་ལོ30པའི(སྤྱི་ལོ1941)ཟླ10པའི་ཚེས7ཉིན་རྒྱལ་དམངས་སྲིད་གཞུང་གི་ནང་སྲིད་པུའུ་ཡིས་ཀོང་ཡོན་རྫོང་གི་ཤར་རྒྱུད་ས་ཁུལ་དུ་ཕྱེ་ནས་བཅོས་སྐྱོང་བྱ་དགོས་པའི་བཀའ་བཏང་བ་དང་། མི་སེར་རྒྱལ་ཁབ་ཀྱི་ལོ31(སྤྱི་ལོ1942)པའི་ཟླ8པའི་ཚེས1ཉིན་ཝང་ཚང་གིས་བཅོས་སྐྱོང་ཅུས་བཙུགས་པ་རེད། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ34པའི(སྤྱི་ལོ1945ལོ)ཟླ9པའི་ཚེས1ཉིན་བཅོས་སྐྱོང་ཅུས་མེད་པར་བཟོས་ནས་ཝང་ཚང་རྫོང་བཙུགས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ལ་དོ་དམ་བྱས། སི་ཁྲོན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་བཞི་པར་གཏོགས་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་། སྤྱི་ལོ1950ལོའི་ཟླ1པའི་ཚེས12ཉིན་ཝང་ཚང་བཅིངས་འགྲོལ་བཏང་ཞིང་། སྔར་བཞིན་ཝང་ཚང་རྫོང་བཙུགས་པ་དང་ཅན་ཀོ་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1953ལོར་མེན་དབྱང་ཀྲོན་ཆུས་སུ་གཏོགས། (སྤྱི་ལོ1968ལོར་མེན་དབྱང་ས་ཁུལ་དུ་བསྒྱུར) སྤྱི་ལོ1957ལོར་སི་ཁྲོན་ཞིང་ཆེན་ཝང་ཚང་རྫོང་སན་ཏའོ་ཤང་ཧྲན་ཤིས་ཞིང་ཆེན་ལི་ཕིང་ལྟེ་བའི་ཆུས་ཀྱི་ཁོངས་སུ་བཅུག་པ་དང་། སྤྱི་ལོ1985ལོར་ཝང་ཚང་རྫོང་ཀོང་ཡོན་གྲོང་ཁྱེར་གྱི་ཁོངས་སུ་བགོས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2017ལོའི་ཟླ11པའི་ཚེས30ཉིན་བར་དུ། ཝང་ཚང་རྫོང་ཁོངས་སུ་ཏུང་ཧོ་གྲོང་རྡལ་དང་། ཅ་ཁྲོན་གྲོང་རྡལ། པའེ་ཧྲུའེ་གྲོང་རྡལ། ཧྲང་ཝུའུ་གྲོང་རྡལ། ཀྲང་ཧྭ་གྲོང་རྡལ། ཧོང་དབྱང་གྲོང་རྡལ། ཕུའུ་ཅི་གྲོང་རྡལ། གཙང་གསུམ་གྲོང་རྡལ། མུའུ་མོན་གྲོང་རྡལ། ཝུའུ་ཆོན་གྲོང་རྡལ། ཅིན་ཞི་གྲོང་རྡལ། ཧྲོང་ཧུའེ་གྲོང་རྡལ། ཀའོ་དབྱང་གྲོང་རྡལ། དབྱིན་ཧྥེང་གྲོང་རྡལ། གོ་ཧྭ་གྲོང་རྡལ། ལུང་ཧྥེང་གྲོང་རྡལ། ཅིའུ་ལུང་གྲོང་རྡལ། སྨི་ཚང་ཧྲན་གྲོང་རྡལ་བཅས་ཀྱི་གྲོང་རྡལ18དང་། ནུང་ཅན་ཤང་དང་། ཧྭ་ལུང་ཤང་། ལིའུ་ཞི་ཤང་། ཙའོ་ལིན་ཤང་། མ་དབྱིན་ཤང་། ཡན་ཙི་ཤང་། ཏ་ཧོ་ཤང་། ཏ་ཧོ་ཤང་། ཏ་ཧྲུའེ་མོ་ཤང་། ཏ་ཆིན་ཡུས་ཤང་། ཏ་ཆིན་ཤང་། ཏ་ཆིན་ཤང་། ཏ་ཆིན་ཤང་། ཏ་ཆིན་ཡུས་ཤང་། ཏ་ཆིན་ཡུས་ཤང་། ཝན་ཧྲན་ཡུས་ཤང་། ཡན་ཤང་། ཏ་ཆིན་ཡུས་ཤང་། ཝན་ཤང་། ཝན་ཤང་། ཝན་ཤང་བཅས་ཤང17 ཅིན་ལེ་དགོན་དང་། ཁྲེན་ཅ་ལིང་། མོ་ཡན་བཅས་ཁྲོམ་གཞུང་གཞུང་ལས་ཁང3དང་། སྡེ་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང40 སྡོད་དམངས་ཚོགས་ཆུང141བཅས་ཡོད། སྡེ་དམངས་ཨུ་ཡོན་ལྷན་ཁང351དང་། སྡེ་དམངས་ཚོ་ཆུང2475ཡོད་ཅིང་། སྤྱིའི་མི་གྲངས་ཁྲི53ཡོད། རྫོང་མི་དམངས་སྲིད་གཞུང་ནི་ཏུང་ཧོ་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

3 མི་གྲངས་གནས་ཚུལ
3_1 མི་གྲངས།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཝང་ཚང་རྫོང་གི་དུད་ཚང་བསྡོམས་འབོར་ཁྲི17.33ལ་སླེབས་པ་དང་ལོ་མཇུག་ཏུ་ཐེམ་ཐོ་ཡོད་པའི་མི་གྲངས་ཁྲི45.82ལ་སླེབས་པའི་ནང་ཞིང་ལས་མི་གྲངས་ཁྲི34.85དང་ཞིང་ལས་མིན་པའི་མི་གྲངས་ཁྲི10.97ལ་སླེབས་པ་དང་། སྐྱེས་པའི་མི་གྲངས་ཁྲི23.63དང་བུད་མེད་མི་གྲངས22.19ཡོད། ལོ་འདིའི་ནང་སྐྱེས་པའི་མི་གྲངས3934དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས2759ཡོད་པ། མི་གྲངས་སྐྱེ་ཚད8.55‰དང་། ཤི་ཚད6.0‰ མི་གྲངས་རང་ཤུགས་སུ་འཕར་ཚད2.55‰ཡིན། འཆར་ལྡན་བུ་བཙའི87.7%ལ་སླེབས་ཡོད། ལོ་མཇུག་ཏུ་རྒྱུན་སྡོད་མི་གྲངས་ཁྲི39.06ལ་སླེབས་ཡོད།

3_2 མི་རིགས།

ཝང་ཚང་རྫོང་དུ་རྒྱ་རིགས་དང་། ཆའང་རིགས། དབྱིས་རིགས། བོད་རིགས། ཧུའེ་རིགས། མིའོ་རིགས། ཐུང་རིགས། ཏའེ་རིགས། མན་ཇུ་རིགས། པའེ་རིགས། ཀྲོང་རིགས། ཧོར་རིགས། པུའུ་དབྱི། འཇང་རིགས། ལི་སུའུ་རིགས་སོགས་མི་རིགས་མང་པོ་ཡོད།

4 ཆབ་སྲིད་འགོ་ཁྲིད།

རྫོང་ཏང་ཨུའི་ཧྲུའུ་ཅི། ཐང་ཝུན་ཧུའེ།

རྫོང་དཔོན། ལིའུ་ཡ་ཀྲོའུ།

རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཝང་ཀྲི་ཆང་།

རྫོང་ཆབ་སྲིད་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲའོ་ཅུན་ཁོ།

རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཝང་ཏིང་ཧྥང་།

སྒྲིག་ལམ་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་ཀུའེ་ཧྭ།

རྒྱུན་ལས་རྫོང་དཔོན་གཞོན་པ། ཏུའུ་ཏུའུ་ཧྥེ།

རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཝང་ཨེར་རྨིན།

སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཧའོ་ལིའང་།

རྫོང་དཔོན་གཞོན་པ། ཞེ་ཏུའུ་ཧྥེ། ཧྲེན་ཡིའུ་ཝུན། ཀྲུའུ་མིན་ཆིང་། ཀྲང་ལེ། ལི་རུང་ཅན། ཀྲུའུ་ཡིང་ཁྲུན། ཞུས་ཞུན་ལེ།

རྫོང་ཏང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། ཝང་མའོ།

མི་དམངས་དྲག་ཆས་པུའུ་ཡི་ཆབ་སྲིད་ཨུ་ཡོན། ཀྲོའུ་ཡུང་ཆང་།

དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། ཝང་སུའུ་པིན།

སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཀྲང་ཅན།

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2012ལོར་ཝང་ཚང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར66.1ལ་སླེབས་པ་དེ་ལོ་གོང་མ་ལས14.2%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར13.62ལ་སླེབས་ནས4.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར34.68ལ་སླེབས་ནས22.2%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར17.8ལ་སླེབས་ནས7.4%འཕར་ཡོད། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད་སོ་སོར7.3%དང་། 77.7% 15.0%བཅས་ལ་སླེབས་ནས་དཔལ་འབྱོར་འཕར་ཚད་སོ་སོར1.1%དང་། 11.0% 2.1%བཅས་སྐུལ་ཁྲིད་བྱས་ཡོད།

5_1 ཐོན་ལས་དང་པོ།

སྤྱི་ལོ2012ལོར་ཝང་ཚང་རྫོང་དུ་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར22.34ལ་སླེབས་པ་དེ་ལོ་གོང་མལས7.8%འཕར་ཡོད།

སྤྱི་ལོ2012ལོར་ཞིང་ལས་སྐྱེ་དངོས་ཀྱི་སྤྱིའི་འདེབས་ཁྱོན་སྤྱི་ཆིང་ཁྲི5.53ལ་སླེབས་པ་དེ་ལོ་གོང་མ་ལས0.6%འཕར་བའི་ནང་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་ཁྲི3.63ལ་སླེབས་པ་དེ་ལོ་གོང་མ་དང་སྤྱིར་ན་གཅིག་མཚུངས་ཡིན་པ་རེད། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི18.7ལ་སླེབས་པ་དེ་ལོ་གོང་མ་ལས1.4%འཕར་བའི་ནང་ཞའོ་ཁྲུན་གྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི6.21ལ་སླེབས་ནས0.8%འཕར་བ་དང་། དཔྱིད་ཀའི་འབྲུ་རིགས་ཐོན་འབོར་ཏུན་ཁྲི12.49ལ་སླེབས་ནས1.7%འཕར་བ་དང་། སྣུམ་རྒྱུ་ཐོན་ཚད་ཏུན་ཁྲི1.48ལ་སླེབས་ནས་སྔ་ལོ་ལས4.9%འཕར་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2012ལོར་ཝང་ཚང་རྫོང་དུ་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར127.8ལ་སླེབས་པ་དེ་ལོ་གོང་མ་ལས24.5%འཕར་བའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར89.54ལ་སླེབས་ནས23.9%འཕར་བ་དང་། ཀོང་ཝང་ཚོགས་པ(དབང་ཆའི་ཆ་ཤས་སུ)ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར6.05ལ་སླེབས་ནས10.1%འཕར། ཀོང་ཡོན་ཝང་ཚང་གློག་ཤུགས་མཁོ་འདོན་ཅུས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4.5ལ་སླེབས་ནས12.0%འཕར། གཞི་ཁྱོན་མན་གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར27.71ལ་སླེབས་ནས33.0%འཕར་ཡོད། བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར32.36ལ་སླེབས་པ་དེ་ལོ་གོང་མ་ལས22.6%འཕར་བའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར31.42ལ་སླེབས་ནས18.4%འཕར་ཡོད།

ཝང་ཚང་རྫོང་གི་སྤྱི་ལོ2012ལོའི་ལོ་མཇུག་ཏུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས57(ཀོང་ཝང་ཚོགས་པ་དང་ཝང་ཚང་གློག་མཁོ་འདོན་ཅུས་ཚུད་མེད་པ)དེའི་ནང་ལོ་འདིའི་ནང་གཞི་ཁྱོན་ལྡན་པའི་ཁེ་ལས9གསར་དུ་ནང་འདྲེན་བྱ་རྒྱུ་ཡིན་པ་རེད། སྤྱི་ལོ2012ལོར་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་བཅུ་ཡན་ལ་སླེབས་པའི་ཁེ་ལས2དང་། སྒོར་དུང་ཕྱུར་ཡན་གྱི་ཁེ་ལས20 སྒོར་ཁྲི5000ནས་སྒོར་དུང་ཕྱུར1བར་གྱི་ཁེ་ལས10 སྒོར་ཁྲི2000ནས་སྒོར་ཁྲི5000བར་གྱི་ཁེ་ལས26བཅས་ཡོད་པ་རེད། སྒོར་དུང་ཕྱུར་གྱི་ཁེ་ལས4གསར་དུ་གསོ་སྐྱོང་བྱས་ཡོད།

སྤྱི་ལོ2012ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར88.03བྱུང་བ་དེ་ལོ་གོང་མ་ལས21.1%འཕར་བ་དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར3.28ལ་སླེབས་ནས་ལོ་གོང་མ་ལས་47.1%འཕར། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར7.86ལ་སླེབས་པ་དེ་ལོ་གོང་མ་ལས35.2%འཕར། སྤྱིའི་རྒྱུ་ནོར་གྱི་སྐྱེས་འབུལ་ཚད18.66%ལ་སླེབས། རྒྱུ་ནོར་བུ་ལོན་ཟུག་ཚད64.83%ལ་སླེབས། འཁོར་རྒྱུག་རྒྱུ་ནོར་འཁོར་རྒྱུག་བྱེད་ཚད་ཐེངས4.79ལ་སླེབས་ཡོད། ཐོན་འཚོང་བྱེད་ཚད98.8%ལ་སླེབས། བཟོ་ལས་དཔལ་འབྱོར་ཕན་འབྲས་ཀྱི་ཕྱོགས་བསྡུས་སྟོན་གྲངས238.7%ལ་སླེབས་ནས་སྔ་ལོ་ལས24.6%འཕར་ཡོད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2012ལོར་ཝང་ཚང་རྫོང་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར24.44ལ་སླེབས་པ་དེ་ལོ་གོང་མ་ལས15.8%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྲོམ་རའི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར13.04ལ་སླེབས་ནས15.9%འཕར། གྲོང་གསེབ་ཀྱི་ཁྲོམ་རའི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར11.4ལ་སླེབས་ནས15.7%འཕར་ཡོད། སྡེབ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར1.89ལ་སླེབས་ནས15.5%འཕར། སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར18.11ལ་སླེབས་ནས15.9%འཕར། ཞག་སྡོད་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར0.19ལ་སླེབས་ནས15.6%འཕར། བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར4.25ལ་སླེབས་ནས15.7%འཕར་ཡོད།

སྤྱི་ལོ2012ལོར་ཝང་ཚང་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི133.1ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས38.8%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར6.21བྱུང་བ་དེ་ལོ་གོང་མ་ལས60.9%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།