ལི་ཀྲོའུ་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-03 16:51ལ་འགྲུབ།

ལི་ཀྲོའུ་ཆུས།

ལི་ཀྲོའུ་ཆུས།
ལི་ཀྲོའུ་ཆུས་ནི་སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་པ་དང་། སི་ཁྲོན་གཤོངས་སའི་བྱང་རྒྱུད་ཀྱི་མཐའ་མཚམས་དང་ཅ་ལིན་ཅང་གཙང་པོའི་སྟོད་རྒྱུད་དུ་གནས། སི་ཁྲོན་དང་ཧྲན་ཞི། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་དང་ཀོང་ཡོན་གྲོང་ཁྱེར་གྱི་དབུས་རྒྱུད་དུ་གནས། ཤར་ངོས་ཕྱོགས་སུ་ཝང་ཚང་རྫོང་དང་ཉེ། ལྷོ་ངོས་ཕྱོགས་སུ་ཅན་ཀོ་རྫོང་དང་ཀྲའོ་ཧྭ་ཆུས་གཉིས་ལ་འབྲེལ། ནུབ་ངོས་ཕྱོགས་སུ་ཆིང་ཁྲོན་རྫོང་ལ་འབྲེལ། བྱང་གི་མཚམས་སུ་ཁྲའོ་ཐེན་ཆུས་ལ་འབྲེལ་ཡོད། ལི་ཀྲོའུ་ཆུས་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་གོང་མ་ཝུའུ་ཙེ་ཐེན་གྱི་འཁྲུངས་ཡུལ་ཡིན་པ་དང་ད་བར་ལོ་ངོ2300ལྷག་ཙམ་གྱི་རིང་གི་གྲོང་ཁྱེར་བཙུགས་པའི་ལོ་རྒྱུས་ལྡན་ཡོད། སྤྱི་ལོ1985ལོར་ཀོང་ཡོན་རྫོང་ནས་གྲོང་ཁྱེར་བཙུགས་པ་དང་། དེ་སྔའི་ཀོང་ཡོན་རྫོང་དེ་ཀོང་ཡོན་གྲོང་ཁྱེར་གྱི་དབུས་ཁུལ་ཆུས་སུ་བསྒྱུར། སྤྱི་ལོ1989ལོར་ཡོན་པ་ཆུས་དང་ཁྲའོ་ཐེན་ཆུས་གཉིས་བཙུགས། སྤྱི་ལོ2007ལོའི་ཟླ3པར་ལི་ཀྲོའུ་ཆུས་སུ་མིང་བསྒྱུར། ཆུས་ཡོངས་ཀྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ1538.53ཡོད་པ་དེའི་ཁོངས་སུ་ཁྲོམ་གཞུང8དང་། གྲོང་རྡལ7 ཤང3བཅས་གཏོགས་ཡོད། སྤྱི་ལོ2011ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་ཐེམ་ཐོའི་དུད་ཚང199201ཡོད་པ་དང་ཐེམ་ཐོའི་མི་གྲངས480594ཡོད། སྤྱི་ལོ2014ལོརGDP194.1མངོན་འགྱུར་བྱུང་བ་དེས་ཀོང་ཡོན་གྲོང་ཁྱེར་གྱི་དཔལ་འབྱོར་བསྡོམས་འབོར་གྱི34.3%བཟུང་བ་དང་། སི་ཁྲོན་ཞིང་ཆེན་གྱི་ཆུས། གྲོང་ཁྱེར་དང་རྫོང183གྲས་ཀྱི་ཨང54ལ་སླེབས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21088ལ་སླེབས། ཞིང་པ་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར8354ལ་སླེབས། རྫོང་རིམ་པའི་དཔལ་འབྱོར་ཕྱོགས་བསྡུས་མིང་རིམ་དེ་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་ཨང34ལ་སླེབས། སི་ཁྲོན་བྱང་ཤར་དཔལ་འབྱོར་ཁུལ་ཨང5པ་དང་ཆིན་པ་རི་ཁུལ་གྱི་ཆུས། གྲོང་ཁྱེར་དང་རྫོང80ཡི་གྲས་ཀྱི་ཨང8པར་སླེབས། ལི་ཀྲོའུ་ཆུས་ལ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དང་། རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར། ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར། ཀྲུང་གོའི་མི་སྡོད་ཁོར་ཡུག་གི་དཔེ་མཚོན་བྱ་དགའི་གྲོང་ཁྱེར། ཀྲུང་གོའི་ཐཱན་ཇེ་ཉུང་འཕེལ་རྒྱས་ཀྱི་ཚོད་ལྟའི་གྲོང་ཁྱེར། རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་གྱི་སྔོན་ཐོན་རྫོང(ཆུས) རྒྱལ་ཡོངས་ཀྱི་ཤེས་བྱའི་བདག་དབང་རྫོང་གི་སྟོབས་ཤུགས་ཆེར་གཏོང་བའི་ལས་གྲྭའི་ཚོད་ལྟའི་ཆུས། རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་ཚན་པ་སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་པ་དང་། དེ་ནི་ཀྲུང་གོའི་ནུབ་རྒྱུད་སྣོད་བཅུད་ཁོར་ཡུག་གི་སྡོད་མལ་ཡག་ཤོས་དང་འཚམ་ཤོས་ཀྱི་གྲོང་ཁྱེར་གྲས་ཤིག་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ལི་ཀྲོའུ་ཆུས།
རྒྱ་ཡིག་གི་མིང་།
利州区
ཕྱི་ཡིག་གི་མིང་།
Lizhou area
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེ་ཀོང་ཡོན་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང8 གྲོང་རྡལ7 ཤང3
སྲིད་གཞུང་སྡོད་གནས།
ཏུང་པ་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0839
སྦྲག་སྲིད་ཚབ་ཨང་།
628000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1538.53
མི་གྲངས།
ཁྲི49.3(སྤྱི་ལོ2016ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་བརླན་བཤེར་ཅན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川H
སྲིད་འཛིན་ཚབ་ཨང་།
510802
GDP
དམངས་སྒོར་དུང་ཕྱུར223.58
མེ་འཁོར་འབབ་ཚིགས།
ཀོང་ཡོན་མེ་འཁོར་འབབ་ཚིགས། ཀོང་ཡོན་ལྷོ་ཚིགས། ཧྲའོ་ཧྭ་མེ་འཁོར་འབབ་ཚིགས། ཀོང་ཡོན་ནུབ་ཚིགས།
གནམ་གྲུའི་ཐང་།
ཀོང་ཡོན་ཕན་ལུང་གནམ་གྲུའི་ཐང་།
1 ​ལོ་རྒྱུས་འཕེལ་རིམ།   

སྤྱི་ལོ1949ལོའི་ཟླ12པའི་ཚེས14ཉིན་ཀོང་ཡོན་རྫོང་ཁོངས་ཅན་ཀོ་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1952ལོར་ཅན་ཀོ་ཀྲོན་ཡོན་ཀུང་ཧྲུའུ་ཞེས་པའི་མིང་ཀོང་ཡོན་ཀྲོན་ཡོན་ཀུང་ཧྲུའུ་ཞེས་པར་བསྒྱུར།

སྤྱི་ལོ1953ལོར་ཀོང་ཡོན་ཀྲོན་ཆུས་དེ་མེན་དབྱང་ཀྲོན་ཆུས་སུ་ཟླ་སྒྲིལ་བཏང་བ་དང་ཀོང་ཡོན་རྫོང་མེན་དབྱང་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར།

སྤྱི་ལོ1959ལོར་ཀྲའོ་ཧྭ་རྫོང་མེད་པར་བཟོས་པ་དང་། ཁོངས་གཏོགས་ཀྱི་ཆུས5དང་ཀུང་ཧྲེ33ཀོང་ཡོན་རྫོང་གི་ཁོངས་སུ་བགོས།

སྤྱི་ལོ1985ལོའི་ཟླ2པར་ཀོང་ཡོན་རྫོང་མེད་པར་བཟོས་ནས་ས་ཁུལ་རིམ་པའི་ཀོང་ཡོན་གྲོང་ཁྱེར་འཛུགས་རྒྱུ་དང་། དེ་སྔའི་ཀོང་ཡོན་རྫོང་གྲོང་ཁྱེར་དབུས་ཁུལ་ཆུས་སུ་བསྒྱུར།

སྤྱི་ལོ1989ལོར་གྲོང་ཁྱེར་དབུས་ཁུལ་དུ་ཡོན་པ་ཆུས་དང་ཁྲའོ་ཐེན་ཆུས་གཉིས་ཀྱི་རྫོང་རིམ་པའི་ཆུས(གྲོང་ཁྱེར་གྱི་ཐད་སྐྱོང་ཆུས)ལོགས་སུ་བགར།

སྤྱི་ལོ2007ལོའི་ཟླ3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། གྲོང་ཁྱེར་དཀྱིལ་ཁུལ་ཆུས་དེ་ལི་ཀྲོའུ་ཆུས་སུ་མིང་བསྒྱུར།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2015ལོའི་བར་ལི་ཀྲོའུ་ཆུས་ཀྱི་སྲིད་འཛིན་ས་ཁོངས་དེ་ཁྲོམ་གཞུང8དང་། གྲོང་རྡལ7 ཤང3བཅས་སུ་དབྱེ་ཡོད། རྒྱལ་ཁབ་རིམ་པའི་ཀོང་ཡོན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དེ་ལི་ཀྲོའུ་ཆུས་གྱི་ས་ཁོངས་སུ་གནས་པ་དང་ཀོང་ཡོན་གྲོང་ཁྱེར་གྱིས་ཐད་ཀར་འགོ་ཁྲིད་བྱེད་པ་དང་ལི་ཀྲོའུ་ཆུས་གྱི་གྲོང་རྡལ1ཚབ་གཉེར་བྱེད་པ་དང་སྲིད་འཛིན་ས་ཁོངས་སྔར་བཞིན་ལི་ཀྲོའུ་ཆུས་གྱི་ཁོངས་སུ་གཏོགས་ཀྱིན་ཡོད། ལི་ཀྲོའུ་ཆུས་ཀྱིས་ཁྲོམ་གཞུང8དང་། གྲོང་རྡལ6 ཤང3བཅས་བདག་སྐྱོང་བྱས་པ་དང་ཁྱོན་གྲོང་ཚོ(སྡེ་ཁུལ)243ཡོད་པ་རེད།

ཀོང་ཡོན་གྲོང་ཁྱེར་ལི་ཀྲོའུ་ཆུས་མི་དམངས་སྲིད་གཞུང་གིས་ཏུང་པ་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད་པ་རེད།

ཁྲོམ་གཞུང་བརྒྱད། ཏུང་པ་ཁྲོམ་གཞུང་དང་། ཅ་ལིང་ཁྲོམ་གཞུང་། ཧོ་ནུབ་ཁྲོམ་གཞུང་། ཞུའེ་ཧྥུང་ཁྲོམ་གཞུང་། ནན་ཧོ་ཁྲོམ་གཞུང་། ཧྲང་ཞི་ཁྲོམ་གཞུང་། ཧུའེ་ལུང་གཙང་པོའི་ཁྲོམ་གཞུང་། དབྱང་ཅ་ཡན་ཁྲོམ་གཞུང་བཅས་དང་།

གྲོང་རྡལ་དྲུག། པའོ་ལོན་གྲོང་རྡལ། རུང་ཧྲན་གྲོང་རྡལ། ཏ་ཧྲི་གྲོང་རྡལ། ཕན་ལུང་གྲོང་རྡལ། ཁྲི་ཧྭ་གྲོང་རྡལ། སན་ཏུའུ་གྲོང་རྡལ། བཟོ་ཞིང་གྲོང་རྡལ།

ཤང་། པའེ་ཁྲའོ་ཤང་། ཅིན་ཏུང་ཤང་། ལུང་ཐན་ཤང་།

3 མི་གྲངས་གནས་ཚུལ།
3_1 མི་གྲངས།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས་ཁྲི49.3ལ་སླེབས་པ་དེ་ལོ་གོང་མ་ལས0.8%འཕར་ཡོད། དེའི་ནང་བུད་མེད་ཁྲི24.65དང་། སྐྱེས་པ་ཁྲི24.64ཡོད་པ། ཕོ་མོའི་བསྡུར་ཚད100.02:100ཡིན་པ། ཕོ་མོའི་བསྡུར་ཚད་བརྟན་པོ་ཡོད་པ་དང་། ཞིང་ལས་མིན་པའི་མི་གྲངས་ཁྲི29.35དང་ཞིང་ལས་མི་གྲངས་ཁྲི19.93ཡོད་པ་རེད། ལོ་མཇུག་ཏུ་རྒྱུན་སྡོད་མི་གྲངས་ཁྲི55.1ཡོད་པ་དང་། ལོ་རེར་ཁྱོན་བསྡོམས6101སྐྱེས་པ་དང་སྐྱེ་ཚད11.4‰ཡིན། མི4467ཤི་བ་དང་ཤི་ཚད4.99‰ཡིན། མི་གྲངས་རང་ཤུགས་སུ་འཕར་ཚད6.46‰བཅས་ལ་སླེབས་ཡོད།

3_2 མི་རིགས།

སྤྱི་ལོ2011ལོའི་ལོ་མཇུག་བར་དུ། ལི་ཀྲོའུ་ཆུས་དུ་མི་རིགས27ཡོད་པ་དང་། མི་གྲངས་ཇེ་མང་ཆེ་བ་རྒྱ་རིགས་ཡིན་པའི་ནང་། གྲངས་ཇེ་ཉུང་མི་རིགས26ཡོད་ཅིང་། ཧུའེ་རིགས་དང་། བོད་རིགས། མན་ཇུ་རིགས། ཆའང་རིགས། མིའོ་རིགས། ཀྲོང་རིགས། པའེ་རིགས། སོག་རིགས། པུའུ་དབྱི་རིགས། ཐུའུ་ཅ་རིགས་སོགས་གྲངས་ཇེ་ཉུང་མི་རིགས་ཁ་འཐོར་དུ་སྡོད་ཅིང་། ཧུའེ་རིགས་ཅུང་མང་པོ་ཡོད།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2016ལོར་ཆུས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར223.58ལ་སླེབས་པ་དེ་ལོ་གོང་མ་ལས7.8%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར9.27ལ་སླེབས་ནས་འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར118.27ལ་སླེབས་ནས7.5%འཕར་བའི་ནང་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར102.20ལ་སླེབས་ནས7.6%འཕར་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར16.08ལ་སླེབས་ནས6.5%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར96.03ལ་སླེབས་ནས8.7%འཕར་ཡོད། དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་མཛོད་ཉར་དང་སྦྲག་སྲིད་ལས་རིགས4.4%འཕར་བ་དང་། སྡེབ་འཚོང་དང་སིལ་ཚོང་ལས་རིགས6.3%འཕར། ཞག་སྡོད་བཟའ་བཏུང་ལས་རིགས6.7%འཕར། དངུལ་རྩའི་ལས་རིགས13.0%འཕར། ས་ཁང་བདག་ཁོངས་ཐོན་ལས4.4%འཕར། ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས17.6%འཕར། ཁེ་གཉེར་རང་བཞིན་མིན་པའི་ཞབས་ཞུའི་ལས་རིགས4.9%འཕར་བ་བཅས་རེད། ཆུས་ཡོངས་ཀྱི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར40650ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས6.7%འཕར་ཡོད། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་རྒྱུར་ལེགས་འབུལ་ཚད་སོ་སོར3.8%དང་། 38.2% 58.0%བཅས་ལ་སླེབས་ནས་དཔལ་འབྱོར་འཕར་ཚད0.18%དང་། 4.02% 3.60%བཅས་སྐུལ་ཁྲིད་བྱས་ཡོད། ཐོན་ལས་དང་པོ་དང་གཉིས་པའི་བསྡུར་ཚད་མུ་མཐུད་མར་ཆག་པ་དང་ཐོན་ལས་གསུམ་པའི་བསྡུར་ཚད་འཕར་ཡོད། ཐོན་ལས་ཐེངས་གསུམ་པསGDPནང་བཟུང་བའི་བསྡུར་ཚད་དེ་སྤྱི་ལོ2015ལོའི4.2:54.1:41.7ནས4.1:52.9:43.0བར་ལེགས་སྒྲིག་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད1.54%ཇེ་མཐོར་སོང་སྟེ71.54%ལ་སླེབས་ཡོད། ལོ་ཧྲིལ་པོར་འཕར་ཐང་སྒོར་དུང་ཕྱུར130.12བྱུང་ནས་སྔ་ལོ་ལས8.2%འཕར་ཡོད། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱིས་ཆུས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད58.2%ལ་སླེབས་ནས་སྤྱི་ལོ2015ལོ་ལས0.1%འཕར་ཡོད།

སྤྱི་ལོ2017ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར249.35ལ་སླེབས་ནས8.7%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར88.96བཏང་ནས19.1%འཕར། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང13.2%འཕར། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར154.73ལ་སླེབས་ནས12.6%འཕར། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར6.29ལ་སླེབས་ནས་རྩིས་བྱ་གཅིག་མཚུངས13.2%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར28646ལ་སླེབས་ནས9.2%འཕར། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11172ལ་སླེབས་ནས10.3%འཕར་ཡོད།

4_1 ཐོན་ལས་དང་པོ།

སྤྱི་ལོ2016ལོར་ལོ་ཧྲིལ་པོར་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར19.28ལ་སླེབས་པ་དེ་ལོ་གོང་མ་ལས4.0%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར9.25ལ་སླེབས་ནས6.6%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར0.56ལ་སླེབས་ནས1.4%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར6.12ལ་སླེབས་ནས2.6%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.6ལ་སླེབས་ནས0.3%མར་ཆག ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཞི་ཡི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.74ལ་སླེབས་ནས0.5%འཕར་ཡོད།

ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་མུའུ222540ལ་སླེབས་ནས་མུའུ2715འཕར་བ་དང་ཐོན་ཚད་ཏུན78093ལེགས་གྲུབ་ལ་སླེབས་ནས3.6%འཕར་ཡོད། སྣུམ་རྒྱུ་འདེབས་ཁྱོན་མུའུ29550ལ་སླེབས་པ་དང་སྣུམ་རྒྱུ་ཐོན་ཚད་ཏུན3220ལ་སླེབས་པའི་ནང་པད་ཁ་ཐོན་ཚད་ཏུན2069ལ་སླེབས་ཡོད། སྔོ་ཚལ་དང་ཤིང་ཏོག་གི་ཐོན་ལས་འཕེལ་རྒྱས་དང་རིན་གོང་བརྟན་པོ་ཡོང་བར་བྱ་དགོས། སྔོ་ཚལ་འདེབས་ཁྱོན་སྔར་བས་ཆེ་རུ་བཏང་ནས་མུའུ137865ལ་སླེབས་པ་དང་སྔོ་ཚལ་ཐོན་ཚད་ཏུན358628ལ་སླེབས་ནས་ལོ་ཧྲིལ་པོར་ཤིང་འབྲས་ཐོན་ཚད་ཏུན29336ལ་སླེབས་ཡོད་པ་རེད།

ནགས་ཚལ་ཁེབས་ཚད62.5%ལ་སླེབས་ཡོད། ཆུས་ཡོངས་སུ་དེང་རབས་ནགས་ལས་ཐོན་ལས་རྟེན་གཞི་མུའུ་ཁྲི1.84ཇེ་མང་དུ་བཏང་བའི་ནང་ཤིང་སྨྱུག་མ་བཅོས་རྒྱུ་ཆའི་ནགས་ཚལ་མུའུ1950དང་། ཤིང་རྒྱུ་སྣུམ་རྒྱུའི་ནགས་ཚལ་མུའུ་ཁྲི1.57དེ་མིན་གྱི་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་མུའུ750བཅས་ཡོད་པ་རེད། སྟར་ཁ་མུའུ་ཁྲི3.05གསར་འཛུགས་བྱས་པར་ཐོན་ཚད་ཏུན་ཁྲི2.55ལ་སླེབས་པ་དང་ཆུས་ཡོངས་ཀྱི་སྟར་ཁའི་སྤྱིའི་གཞི་ཁྱོན་མུའུ་ཁྲི27.7ལ་སླེབས་ཡོད། ཤིང་གི་བཟའ་བྱའི་ཤ་མོ་སྤྱིའི་ཐོན་འབོར་ཏུན4335ལ་སླེབས་པ་དང་ཤ་མོ་དང་། མོག་རོ། ཀོ་ཤ་སོགས་ཁུག་མ་ཁྲི500ཇེ་མང་དུ་ཕྱིན་ཡོད།

ཚད་ཡོད་བརྙན་འཕྲིན་ཡོད་པའི་གྲོང་ཚོ150དང་། དྲ་ཆེན་ཡོད་པའི་གྲོང་ཚོ122 སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་པའི་གྲོང་ཚོ78བཅས་ཡོད་པ་དང་། གད་སྙིགས་གཅིག་སྡུད་གཙང་སེལ་གྲོང་ཚོ89དང་བཙོག་ཆུ་གཅིག་སྡུད་གཙང་སེལ་གྲོང་ཚོ25བཅས་ཡོད་པ་རེད། སྤྱི་ལོ2016ལོར་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཁྲི188810ལ་སླེབས་ནས་སྤྱི་ཆིང1300ལ་ཆུ་འདྲེན་ནུས་ལྡན་ཐུབ་ཡོད།

4_2 ཐོན་ལས་གཉིས་པ།

སྤྱི་ལོ2016ལོར་ཁོངས་གཏོགས་ཁུལ་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར102.20ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས7.6%འཕར་བ་དང་། བཟོ་ལས་དཔལ་འབྱོར་གྱིས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད32.4%ལ་སླེབས་ནས་དཔལ་འབྱོར་འཕར་ཚད2.5%འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།

ཆུས་རིམ་པ་དེ་གའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས76གིས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར96.61ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས10.2%འཕར། ཐོན་འཚོང་བྱེད་ཚད98.6%ལ་སླེབས། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ལོ་གོང་མ་ལས11.1%འཕར་ཡོད།

ཆུས་རིམ་པ་དེ་གའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར95.61ལ་སླེབས་ནས10.4%འཕར། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར4.51ལ་སླེབས་ནས6.9%འཕར། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར5.79ལ་སླེབས་ནས0.8%འཕར་ཡོད།

ལོ་ཧྲིལ་པོར་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར16.08ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་སྔ་ལོ་ལས6.5%འཕར་ཡོད། འོས་ཐོབ་རིམ་པ་ལྡན་པའི་ཨར་སྐྲུན་ལས་རིགས་ཀྱི་ཁེ་ལས95ཡིས་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར73.08ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས13.5%འཕར་ཡོད།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2016ལོར་ཆུས་ཡོངས་སུ་བཅད་གྲངས་ཡན་གྱི་ཚོང་དོན་ཚན་པ་ཁྱོན161(རྐྱང་གཉེར་སྐྱོང་དུད་ཚང་ཚུད་པ) གསར་དུ་བསྣན་པའི་བཅད་གྲངས་ཡན་གྱི་ཚན་པ17(རྐྱང་གཉེར་སྐྱོང་དུད་ཚང་ཚུད་པ)ཡོད་པ་རེད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར137.44ལ་སླེབས་ནས11.8%འཕར་ཡོད། དེའི་ནང་བཅད་གྲངས་ཡན་གྱི་ཚན་པའི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར67.20ལ་སླེབས་ནས16.0%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར108.57ལ་སླེབས་ནས11.6%འཕར། གྲོང་གསེབ་ཀྱི་འཛད་རྫས་ཁྲོམ་རའི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར28.87ལ་སླེབས་ནས12.5%འཕར་བ་དང་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྲོམ་ར་ལས0.9%ཡིས་མགྱོགས་པ་ཡོད་པ་རེད། ལོ་ཧྲིལ་པོར་སྡེབ་ཚོང་ལས་རིགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར40.77ལ་སླེབས་ནས11.5%འཕར། སིལ་ཚོང་ལས་རིགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར83.04ལ་སླེབས་ནས11.8%འཕར་ཡོད། ཞག་སྡོད་ལས་རིགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར1.53ལ་སླེབས་ནས16.2%འཕར། བཟའ་བཏུང་ལས་རིགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར12.11ལ་སླེབས་ནས12.5%འཕར་ཡོད།

སྤྱི་ལོ2016ལོར་ཆུས་ཡོངས་སུ་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས96ལག་བསྟར་བྱས་པ་དང་། གྲོང་ཁྱེར་ཕྱིའི་མ་དངུལ་སྒོར་དུང་ཕྱུར70དོན་འཁྱོལ་བྱས། ཞིང་ཆེན་ཕྱིའི་མ་དངུལ་སྒོར་དུང་ཕྱུར40དོན་འཁྱོལ་བྱས། བཟོ་ལས་ཀྱི་མ་དངུལ་སྒོར་དུང་ཕྱུར28.5དོན་འཁྱོལ་བྱས། གསར་དུ་གན་རྒྱ་བཞག་པའི་རྣམ་གྲངས39(དེའི་ནང་སྒོར་དུང་ཕྱུར་ཡན་གྱི་རྣམ་གྲངས18ཚུད་པ)ཡི་གན་འཇོག་མ་དངུལ་སྒོར་དུང་ཕྱུར90ལ་སླེབས་ཡོད།

ཆུས་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི1285ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས24.4%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར63བྱུང་བ་དེ་དུས་མཚུངས་ལས25.3%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།