ཧོ་ཀྲུང་ཡིའུ།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-05-28 16:47ལ་འགྲུབ།

ཧོ་ཀྲུང་ཡིའུ།

ཧོ་ཀྲུང་ཡིའུ།
ཁོང་ནི་སྤྱི་ལོ1965ལོའི་ཟླ11པར་ཨན་ཧུའེ་ཝུའུ་ཝེ་ནས་སྐྱེས་ཤིང་། སྤྱི་ལོ1993ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1988ལོའི་ཟླ7པར་བྱ་བར་ཞུགས་ཤིང་དབྱིན་ཇིའི་ལུན་ཏུན་དཔལ་འབྱོར་སློབ་གླིང་དུ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་རབ་འབྱམས་པའི་བསླབ་གནས་བླངས་ཡོད། ད་ལྟ་ཧའེ་ནན་ཞིང་ཨུའི་རྒྱུན་ཨུ་དང་། ཧའེ་ཁོའི་གྲོང་ཨུའི་ཧྲུའུ་ཅི། ཧའེ་ཁོའི་ཉེན་ཟོན་བདེ་སྲུང་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
何忠友
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཨན་ཧུའེ་ཝུའུ་ཝེ།
སྐྱེས་ལོ།
སྤྱི་ལོ1965ལོའི་ཟླ11པ།
མཐར་ཕྱིན་སློབ་གྲྭ།
དབྱིན་ཇིའི་ལོན་ཏོན་དཔལ་འབྱོར་སློབ་གླིང་།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1965ལོའི་ཟླ11པར་ཨན་ཧུའེ་ཝུའུ་ཝེ་ནས་སྐྱེས་ཤིང་། སྤྱི་ལོ1993ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1988ལོའི་ཟླ7པར་བྱ་བར་ཞུགས་ཤིང་དབྱིན་ཇིའི་ལུན་ཏུན་དཔལ་འབྱོར་སློབ་གླིང་དུ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་རབ་འབྱམས་པའི་བསླབ་གནས་བླངས་ཡོད། ད་ལྟ་ཧའེ་ནན་ཞིང་ཨུའི་རྒྱུན་ཨུ་དང་། ཧའེ་ཁོའི་གྲོང་ཨུའི་ཧྲུའུ་ཅི། ཧའེ་ཁོའི་ཉེན་ཟོན་བདེ་སྲུང་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1984ལོའི་ཟླ9པ་ནས་སྤྱི་ལོ1988ལོའི་ཟླ7པའི་བར་ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་རྩིས་འཁོར་ཚན་ཁག་ཏུ་རྩིས་འཁོར་ཆེད་ལས་སུ་སློབ་སྦྱོང་བྱས།

སྤྱི་ལོ1988ལོའི་ཟླ7པ་ནས་སྤྱི་ལོ1989ལོའི་ཟླ8པའི་བར་ཀོང་ཏུང་ཞིང་ཆེན་འགྲིམ་འགྲུལ་ཚན་ཞིབ་འཇུག་སུའོ་གློག་རྡུལ་ཁང་གི་ལས་བྱེད་པ་ཡིན།

སྤྱི་ལོ1989ལོའི་ཟླ8པ་ནས་སྤྱི་ལོ1993ལོའི་ཟླ6པའི་བར་ཀོང་ཏུང་ཞིང་ཆེན་འགྲིམ་འགྲུལ་ཐིང་ཚན་རྩལ་ཁྲུའུ་ཡི་ལས་བྱེད་པ་ཡིན།

སྤྱི་ལོ1993ལོའི་ཟླ6པ་ནས་སྤྱི་ལོ1995ལོའི་ཟླ4བའི་བར་ཀོང་ཏུང་ཞིང་ཆེན་འགྲིམ་འགྲུལ་ཐིང་ཚན་རྩལ་ཁྲུའུ་ཡི་ཁོའོ་རིམ་པ་གཞོན་པའི་ལས་བྱེད་པ་ཡིན།

སྤྱི་ལོ1995ལོའི་ཟླ4པ་ནས་སྤྱི་ལོ1997ལོའི་ཟླ12པའི་བར་ཀོང་ཏུང་ཞིང་ཆེན་འགྲིམ་འགྲུལ་ཐིང་ཚན་རྩལ་སྤུས་ཚད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས། 

སྤྱི་ལོ1997ལོའི་ཟླ12པ་ནས་སྤྱི་ལོ2001ལོའི་ཟླ12པའི་བར་ཀོང་ཏུང་ཞིང་ཆེན་འགྲིམ་འགྲུལ་ཐིང་ཚན་རྩལ་སྤུས་ཚད་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ2001ལོའི་ཟླ12པ་ནས་སྤྱི་ལོ2003ལོའི་ཟླ5བའི་བར་ཀོང་ཏུང་ཞིང་ཆེན་གཞུང་ལམ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཨུའི་ཨུ་ཡོན་བཅས་ཀྱི་འགན་བཞེས། 

སྤྱི་ལོ2003ལོའི་ཟླ5པ་ནས་སྤྱི་ལོ2005ལོའི་ཟླ3པའི་བར་ཀོང་ཏུང་ཞིང་ཆེན་འགྲིམ་འགྲུལ་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་དང་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་བཅས་ཡིན། 

སྤྱི་ལོ2005ལོའི་ཟླ3པ་ནས་སྤྱི་ལོ2007ལོའི་ཟླ4བའི་བར་ཀོང་ཏུང་ཞིང་ཆེན་འགྲིམ་འགྲུལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་དང་སྤྱི་གཉེར་བ། ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས། 

སྤྱི་ལོ2007ལོའི་ཟླ4པ་ནས་སྤྱི་ལོ2008ལོའི་ཟླ3པའི་བར་ཀོང་ཏུང་ཞིང་ཆེན་འགྲིམ་འགྲུལ་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2008ལོའི་ཟླ3པ་ནས་སྤྱི་ལོ2009ལོའི་ཟླ9བའི་བར་ཀོང་ཏུང་ཞིང་ཆེན་འགྲིམ་འགྲུལ་ཐིང་གི་ཐིང་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2011ལོའི་ཟླ12པ་ནས་སྤྱི་ལོ2012ལོའི་ཟླ1པོའི་བར་ཀོང་ཏུང་ཞིང་ཆེན་ཧོ་ཡོན་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2012ལོའི་ཟླ1པོ་ནས་སྤྱི་ལོ2016ལོའི་ཟླ1པོའི་བར་ཀོང་ཏུང་ཞིང་ཆེན་ཧོ་ཡོན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ1པོ་ནས་སྤྱི་ལོ2017ལོའི་ཟླ5བའི་བར་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2019ལོའི་ཟླ12པ་ནས་སྤྱི་ལོ2020ལོའི་ཟླ5བའི་བར་ཧའེ་ནན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་དང་ཧའེ་ཁོའུ་གྲོང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2020ལོའི་ཟླ5པར་ཧའེ་ནན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་དང་། ཧའེ་ཁོའུ་གྲོང་ཨུའི་ཧྲུའུ་ཅི། ཧའེ་ཁོའུ་ཉེན་ཟོན་བདེ་སྲུང་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས། 

3 ལས་གནས་བསྐོ་འཐེན།

སྤྱི་ལོ2020ལོའི་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོ་བློ་མཐུན་ཧོ་ཀྲུང་ཡིའུ་ནི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། གྲོང་ཨུའི་ཧྲུའུ་ཅི། ཧའེ་ཁོའོ་ཉེན་ཟོན་བདེ་སྲུང་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ལ་བསྐོ་བཞག་བྱས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན་མི་སྣ། རྒྱལ་ནང་།