ཁྲི་ཁྲིན་རྫོང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-06-01 08:54ལ་འགྲུབ།

ཁྲི་ཁྲིན་རྫོང་།

ཁྲི་ཁྲིན་རྫོང་།
​ཁྲི་ཁྲེན་རྫོང་ནི་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་གྱི་ཤར་རྒྱུད་དང་པའེ་ཧོ་ཆུ་བོའི་སྟོད་རྒྱུད་དུ་ཆགས་ཡོད། “འགག་སྒོའི་ཕྱི་རོལ་གྱི་མུ་ཏིག”དང་། “པེ་ཅིང་བྱང་རྒྱུད་ཀྱི་ཆུ་གྲོང”ཞེས་པའི་མཚན་སྙན་ཡོད། མིང་རྒྱལ་རབས་དུས་སུ་ཁྲི་མཁར་རྫོང་བཙུགས་པ་དང་ཆིང་རྒྱལ་རབས་ཀྱི་དུས་སུ་ཁྲི་རྫོང་དུ་བསྒྱུར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赤城县
ཕྱི་ཡིག་གི་མིང་།
Chicheng County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར།
གནས་ཡུལ།
ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་གྱི་ཤར་བྱང་རྒྱུད།
སྲིད་གཞུང་གནས་ཡུལ།
ཁྲི་ཁྲེན་སྲིད་གཞུང་སྲང་ལམ་ཨང1པོ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ5238ཡོད།
མི་གྲངས།
ཁྲི29ཡོད།
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཁྲི་ཁྲིན་ཆུ་ཚན་དང་། ཧེ་ལུང་ཧྲན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། རྒྱ་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ།
སྐད།
ཅིན་སྐད།
མེ་འཁོར་འབབ་ཚུགས།
ཁྲི་ཁྲེན་མེ་འཁོར་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0313
སྦྲག་སྲིད་ཨང་རྟགས།
075500
རླངས་འཁོར་ཚབ་ཨང་།
ཅི(冀)G
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1948ལོའི་ཟླ4བར། ཁྲི་ཁྲིན་རྫོང་མཁར་བཅིངས་འགྲོལ་བཏང་ཞིང་། སྲིད་དབང་ལས་ཁུངས་གྲོང་གསེབ་ནས་རྫོང་མཁར་དུ་སྤོས། དེའི་ཁོངས་གཏོགས་ས་ཁུལ་བཅུ་གཅིག་དེ་ཆུས་དགུ་རུ་ལེགས་སྒྲིག་བྱས། ཞིན་རེན་པའོ་ཁུལ་མེད་པར་བཟོས་ནས་ཧྲང་ཅ་པའོ་ཁུལ་དུ་ཟླ་སྒྲིལ་བཏང་། ལོ་དེའི་ཟླ11པར། སྔོན་ཆད་ཧྥེང་ཉིན་རྫོང་གི་ཁོངས་སུ་གཏོགས་པའི་ཏུང་ཝན་ཁོའུ་དང་པའེ་ཚའོ་ཆུས་གཉིས་ཁྲི་ཁྲིན་རྫོང་རྫོང་ལ་བགོས་པ་དང་། ཏུང་ལོ་ཆུས་དེ་སི་ཧའེ་རྫོང་ལ་བགོས་པ་རེད། ཁྲི་ཁྲིན་རྫོང་ཁོངས་སུ་ཆུས་བཅུ་གཅིག་ཡོད།

སྤྱི་ལོ1949ལོའི་ཟླ4པར་བརྐོས་རིས་ཁུལ་ལུང་ཀོན་རྫོང་དུ་བགོས། སྤྱི་ལོ1949ལོའི་ཟླ9པར་དུ། ཁྲི་ཁྲིན་རྫོང་ཁོངས་ཀྱི་ཆུས་བཅུ་ཡོད་པ་དང་། བསྡོམས་པས་སྲིད་འཛིན་གྲོང་ཚོ330ཡོད། གོ་མིན་ཏང་སྲིད་གཞུང་དམག་གིས་བཟུང་བའི་ཁྲི་ཁྲིན་རྫོང་རྫོང་ཁོངས་ཀྱི་ཀྲེན་དང་པོ་དང་ཞང་བདུན་པ། ཁྲེང་ཀོན་གྲོང་རྡལ། རྨིན་ཞིན་ཞང་། (ཞིན་རེན་པའོ། )མིན་ཡིའུ་ཞང་། (ཡུན་ཀྲོའུ། )རྨིན་ལི་ཞང་། (ཀྲེན་ཉིན་པའོ)རྨིན་ཧྥུ་ཞང་། (དཔེ་ཞིང)རྨིན་ལེ་ཞང་། (ལུང་མོན་སོའོ)དམངས་འཚོའི་ཞང(ཧོའུ་ཁྲེང)རྨིན་ཆོན་ཞང(མ་ཡིང)བཅས་ཡོད།

2 སྲིད་འཛིན་ས་ཁོངས།

ཁྲི་ཁྲིན་རྫོང་རྫོང་ཁོངས་སུ་ཞང་དང་གྲོང་རྡལ18(ཞང9དང་གྲོང་རྡལ9)དང་། སྲིད་འཛིན་གྲོང་ཚོ440 རང་བྱུང་གྲོང་ཚོ1318སྡེ་ཁུལ་ཨུ་ཡོན་ལྷན་ཁང4བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཁྲི་ཁྲིན་རྫོང་ནི་ཧོ་པེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ཤར་ངོས་ཁྲེང་ཏེ་གྲོང་ཁྱེར་དང་འབྲེལ་ཡོད། 

3_2 ས་དབྱིབས།

རྫོང་ཁོངས་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ95དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ88.75ཡོད། མཐའ་འཁོར་གྱི་རིང་ཚད་ལ་སྤྱི་ལེ420ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5284ཡོད་པ་དང་ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ཧོ་པེ་ཞིང་ཆེན་གྱི་ཨང་བཞི་པར་སླེབས་ཡོད།

3_3 ནམ་ཟླའི་ཁྱད་ཆོས།

ཁྲི་ཁྲིན་རྫོང་ནི་ཨེ་ཤ་ཡ་ཤར་མའི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་དྲོད་ཁུལ་གྱི་སྐམ་སའི་ཁུལ་དུ་གཏོགས། ལོ་གཅིག་དུས་བཞི་དང་གནམ་གཤིས་གསལ་བ། དཔྱིད་དུས་གངས་ཆར་བུ་ཡུག་མང་ལ་ཉི་འོད་རབ་ཏུ་འཚེར་བ། དབྱར་དུས་ཆར་པ་འབབ་ཚད་མང་བ་དང་། མཁའ་རླུང་གཙང་ཞིང་བཞའ་ཚན་ཆེ་བ། སྟོན་དུས་ནམ་མཁའ་དྭངས་ཤིང་བསིལ་བ། དགུན་དུས་གྲང་ངར་ཆེ་བས་ཁ་བ་འབབ་ཚད་ཅུང་ཉུང་བ་ཡིན།

4 མི་གྲངས་དང་མི་རིགས།

སྤྱི་ལོ2010ལོར་ཁྲི་ཁྲིན་རྫོང་དུ་བསྡོམས་པས་དུད་ཚང114658ཡོད། ལོ་གོང་མ་ལས་དུད་ཚང3380འཕར་བ་དང་མི་གྲངས290185ཟིན་པ་དེ་ལོ་གོང་མ་ལས་མི3298ཉུང་དུ་ཕྱིན་པ། གསར་སྐྱེས་མི་གྲངས5684ཡོད་པ་དེ་ལོ་གོང་མ་ལས་མི890ཉུང་དུ་ཕྱིན་ཡོད། རྐྱེན་ལམ་དུ་ཤོར་བའི་མི་གྲངས4952ཡོད་པ་དེ་ལོ་གོང་མ་ལས་མི3398འཕར་བ་དང་། མི་གྲངས་རང་ཤུགས་སུ་འཕར་ཚད་སྟོང་ཆའི2.5ཡིན་པ་དེ་ལོ་གོང་མ་ལས་སྟོང་ཆའི8.6གིས་དམའ་བ་ཡོད།

5 དཔལ་འབྱོར་སྤྱི་བཤད།

སྤྱི་ལོ2010ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི456620(མྱུར་ཞུ་ལྡོག་འདྲེན་གྲངས)མངོན་འགྱུར་བྱུང་། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས15.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི121169ཟིན་ནས14.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི213817ཟིན་པ་དེ17.9%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི121635ཟིན་ནས12.5%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི27.9:43.0:29.1ནས26.5:46.8:26.7བར་ལེགས་སྒྲིག་བྱས་ཡོད། དམངས་གཉེར་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ཁྲི་ཁྲིན་རྫོང་གི་དམངས་གཉེར་དཔལ་འབྱོར་ལ་སྒོར་ཁྲི334568འཕར་ཡོད། GDPཡི་བསྡུར་ཚད་ཀྱི73.3%ཟིན་པ་དང་། དངོས་སུ་འཇལ་བའི་ཁྲལ་དངུལ་སྒོར་ཁྲི57620ཟིན་ཡོད། ནོར་སྲིད་ཡོང་འབབ་ཡོངས་ཀྱི་བསྡུར་ཚད་ཀྱི91.9%བཟུང་ནས་ཁྲི་ཁྲིན་རྫོང་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད། སྤྱི་ལོ2010ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ1375གསར་དུ་འཕར་སྣོན་བྱུང་། གྲོང་ཁྱེར་གྱི་ལས་འགན105%ལེགས་འགྲུབ་བྱུང་བ་དང་ལས་བྲལ་ལས་ཤོར་མི་སྣ་སླར་ཡང་ལས་ཞུགས་ཐུབ་པ་བྱུང་བ་རེད། གྲོང་ཁྱེར་གྱི་ལས་འགན113%ལེགས་འགྲུབ་བྱུང་ཡོད། ལས་ཞུགས་དཀའ་ངལ་ཡོད་པའི་མི302བསྐྱར་དུ་ལས་ཞུགས་ཐུབ་ནས་གྲོང་ཁྱེར་གྱི་ལས་འགན151%ལེགས་འགྲུབ་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆའི4.3ནང་ཚུན་དུ་ཚོད་འཛིན་བྱ་དགོས། སྤྱི་ལོ2002ལོར་ཁྲི་ཁྲིན་རྫོང་རྫོང་གི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར9.33ལེགས་འགྲུབ་ཟིན་པ་དང་ནོར་སྲིད་ཡོང་འབབ་ཡོངས་སྒོར་ཁྲི5418ལེགས་འགྲུབ་ཟིན་ཡོད།

5_1 ཞིང་ལས།

སྤྱི་ལོ2010ལོར་ཞིང་ལས་ཐོན་འབབ་ཡག་པོ་བྱུང་། ཁྲི་ཁྲིན་རྫོང་དུ་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི204968ཡོད། དེ་དུས་མཚུངས་ལས20.1%འཕར་ཡོད་པ་རེད། དེའི་ནང་འདེབས་འཛུགས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་། ཉ་ལས་ཀྱི་ཐོན་རྫས་རིན་ཐང་། ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བཅས་སོ་སོར་སྒོར་ཁྲི86024དང་། སྒོར་ཁྲི13494སྒོར་ཁྲི92568སྒོར་ཁྲི682སྒོར་ཁྲི12200བཅས་ཟིན་ཡོད། ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི26.6དང་། བརྒྱ་ཆའི6.1བརྒྱ་ཆའི16.2བརྒྱ་ཆའི19.2བརྒྱ་ཆའི24.8བཅས་འཕར་ཡོད། འབྲུ་རིགས་ཐོན་འབོར་བསྡོམས་གྲངས་ཏུན101415ཟིན། དུས་མཚུངས་ལས་ཏུན58748འཕར་ནས137.7%འཕར་བ། སྣུམ་རྒྱུ་ཐོན་ཚད་ཏུན1932ཟིན་ནས་ཏུན525འཕར་བ་དང37.3%འཕར་བ་དང་། སྔོ་ཚལ་ཐོན་ཚད་ཏུན259400ཟིན་ནས་ཏུན38582འཕར་ཡོད། 17.5%འཕར་ནས་ཆུ་ཐོན་དངོས་རྫས་ཀྱི་ཐོན་ཚད་ཏུན682ཟིན་པ་དེ་ལོ་གོང་མ་དང་ཧ་ལམ་མཉམ་པ་རེད། ཤ་དང་། འོ་མ། སྒོ་ང་བཅས་ཀྱི་སྤྱིའི་ཐོན་ཚད་སོ་སོར་ཏུན27242དང་། ཏུན6720ཏུན4206བཅས་ཟིན། ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི12.3དང་། བརྒྱ་ཆའི7.6བརྒྱ་ཆའི11.6བཅས་འཕར་ཡོད། ནོར་དང་། ཕག ལུག ཁྱིམ་བྱ་བཅས་བཤས་གཏོང་ཚད་སོ་སོར་ཁྲི4.9དང་། ཁྲི16.4ཁྲི28.9ཁྲི73.8བཅས་ཟིན་ཡོད། ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི12.0དང་། བརྒྱ་ཆའི15.5བརྒྱ་ཆའི9.8བརྒྱ་ཆའི70.9བརྒྱ་ཆའི78བཅས་འཕར་སྣོན་བྱུང་ཡོད།

5_2 བཟོ་སྐྲུན་ལས་རིགས།

བཟོ་སྐྲུན་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་བྱུང་། སྤྱི་ལོ2010ལོར་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི21518ཟིན་པ་དེ་དུས་མཚུངས་ལས25.8%འཕར་ཡོད།

5_3 མ་དངུལ་འཇོག་པ།

སྤྱི་ལོ2010ལོར《ཁྲི་ཁྲིན་རྫོང་རྫོང་གི་ཚོང་དང་མ་རྩ་འདྲེན་འགུགས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》(ཕྱི་ཕྱོགས་ལ་སྒོ་འབྱེད་པའི་དོན་ཚན་ལྔ་བཅུ)བསྐྱར་དུ་བཟོ་བཅོས་བརྒྱབ། མ་དངུལ་ནང་འདྲེན་གྱི་ཁོར་ཡུག་འགན་སྲུང་བྱ་རྒྱུ་ནན་བཤད་བྱས་ཡོད། གཙོ་གནད་རྣམ་གྲངས“གཅིག་འཐུས་རྣམ་པའི”གཞུང་དོན་ཞིབ་མཆན་འགོད་པའི་གོ་རིམ་བཏོན་པ་དང《ཁྲི་ཁྲིན་རྫོང་རྫོང་གི་གཙོ་གནད་ཁེ་ལས་སྲུང་སྐྱོང་བྱ་ཐབས》བཟོས་ནས་བཏོན་ཡོད། ཁག་དང་པོའི་གཙོ་གནད་སྲུང་སྐྱོང་ཁེ་ལས8ལ་སྒོ་བྱང་བཀལ་ནས་སྲུང་སྐྱོང་དང་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་བཅོས་སྐྱོང་ཞིབ་བཤེར་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་པ་རེད། ཁྲི་ཁྲིན་རྫོང་རྫོང་དང་པེ་ཅིང་རི་ཆུ་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་ཞིང་། དེ་ནི་པེ་ཅིང་གི་འཐུང་ཆུའི་ཐོན་ཁུངས་རྟེན་གཞི་དང་། སྣོད་བཅུད་སྲུང་སྐྱོང་སྲུང་ཡོལ་། ལྗང་མདོག་བཟའ་བཅའ་མཁོ་སྤྲོད་རྟེན་གཞི་བཅས་རེད།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོ།

སྤྱི་ལོ2010ལོར་ཁྲི་ཁྲིན་རྫོང་དུ་མཐོ་འབྲིང་དཀྱུས་མ1ཡོད། ལོ་མཇུག་ཏུ་སློབ་གྲྭར་ཡོད་པའི་སློབ་མ2348དང་ཆེད་བསྐོས་དགེ་རྒན176ཡོད། ལས་རིགས་མཐོ་རིམ་སློབ་འབྲིང1དང་སློབ་གྲྭར་ཡོད་པའི་སློབ་མ911དང་ཆེད་བསྐོས་དགེ་རྒན58ཡོད། དམའ་རིམ་སློབ་འབྲིང7དང་སློབ་གྲྭར་ཡོད་པའི་སློབ་མ10713དང་ཆེད་བསྐོས་དགེ་རྒན861ཡོད། ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ8དང་སློབ་ཆུང34ཡོད། སློབ་ཁྲིད་ས་ཚིགས53ཡོད་པ་དང་སློབ་ཆུང་དུ་སློབ་གྲྭར་ཡོད་པའི་སློབ་མ16213ཡོད་པ་དང་ཆེད་བསྐོས་དགེ་རྒན1197ཡོད། དམིགས་བསལ་སློབ་གསོ1སློབ་གྲྭར་ཡོད་པའི་སློབ་མ30དང་། ཆེད་བསྐོས་དགེ་རྒན7 སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད། བུ་བཅོལ་ཁང་(དམངས་གཉེར)82ཡོད། བུ་བཅོལ་ཁང་དུ་སློབ་མ5697ཡོད་པ་དང་ཆེད་བསྐོས་དགེ་རྒན109ཡོད།

6_2 འཕྲོད་བསྟེན།

འཕྲོད་བསྟེན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་དང་། ཁྲི་ཁྲིན་རྫོང་རྫོང་འཕྲོད་བསྟེན་སྒྲིག་གཞི(ཤང་གྲོང་འཕྲོད་བསྟེན་ཁང་དང་། འཕྲོད་བསྟེན་སློབ་གྲྭསྨན་བཅོས་ཁང)73དང་འཕྲོད་བསྟེན་ལག་རྩལ་མི་སྣ413ཡོད། ཉལ་ཁྲི735ཡོད། མི་ཐེངས་ཁྲི25.06ལ་ནད་བརྟག་སྨན་བཅོས་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།