ཀྲུང་ཅང་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-28 14:55ལ་འགྲུབ།

ཀྲུང་ཅང་རྫོང་།

ཀྲུང་ཅང་རྫོང་།
ཀྲུང་ཅང་རྫོང་ནི་སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། སི་ཁྲོན་དབུས་རྒྱུད་ཀྱི་རི་མ་ཐང་གི་ནུབ་རྒྱུད་ཀྱི་ཞིང་ལས་རྫོང་ཆེན་པོ་ཞིག་ཡིན། གནའ་བོའི་སྐབས་སུ་ཀྲུང་ཧྲུའེ(ད་ལྟའི་ལུའོ་ཅང)ཡིས་མིང་དེ་ལྟར་ཐོགས་པ་ཡིན། ཀྲུང་ཅང་ནི་སི་ཁྲོན་གཤོངས་སའི་ནུབ་བྱང་རྒྱུད་དུ་གནས་པ་དང་། ནུབ་ངོས་ཕྱོགས་སུ་ཁྲིན་ཏུའུ་དང་འབྲེལ་ཞིང་། བྱང་ངོས་ཕྱོགས་སུ་མེན་དབྱང་ལ་འབྲེལ། ལྷོ་ངོས་ཕྱོགས་སུ་སུའེ་ཉིང་ལ་བརྟེན་ཡོད། མངའ་ཁོངས་ནང་གི་གཞུང་ལམ་ལ་གཙོ་བོ་ཀྲུང་ཅིན་མྱུར་བགྲོད་དང་། ལུའོ་ཀུའེ་གཞུང་ལམ། ཐང་པ་གཞུང་ལམ། ཁྲིན་ཏེ་ལྕགས་ལམ། ཁྲེང་ནན(ཁྲུང)མྱུར་བགྲོད་གཞུང་ལམ། ཁྲིན་པ(པར་ཀྲུང)མྱུར་བགྲོད་གཞུང་ལམ་སོགས་ཡོད། ཀྲུང་ཅང་རྫོང་ནི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་སྟོབས་ཤུགས་ཆེ་བའི་རྫོང་ལས་གྲྭའི་ཚོད་ལྟའི་རྫོང(ཆུས)གི་ཁོངས་སུ་གཏོགས། རྫོང་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2200ཡོད་པ་དེའི་ཁོངས་སུ་ཤང་གྲོང45དང་གྲོང་ཚོ(སྡེ་ཁུལ)837ཡོད་པ་དང་ཐེམ་ཐོའི་མི་གྲངས་ཁྲི139.9(སྤྱི་ལོ2017ལོར)ཡོད་པ་རེད། སྤྱི་ལོ2018ལོར་ཀྲུང་ཅང་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར390.09ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས9.2%འཕར་ཡོད། སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་གི་རྫོང་བརྒྱའི་གྲས་སུ་བདམས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཀྲུང་ཅང་རྫོང་།
རྒྱ་ཡིག་གི་མིང་།
中江县
ཕྱི་ཡིག་གི་མིང་།
Zhongjiang County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ29 ཤང16
སྲིད་གཞུང་སྡོད་གནས།
ཁའེ་ཅང་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0838(+86)
སྦྲག་སྲིད་ཚབ་ཨང་།
618100
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2200
མི་གྲངས།
ཁྲི139.9
ནམ་ཟླ།
ཚ་ཁུལ་ཕལ་བའི་བརླན་བཤེར་ཅན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川FA、FB、FC
སྲིད་འཛིན་ཚབ་ཨང་།
510626
GDP
དམངས་སྒོར་དུང་ཕྱུར390.09(སྤྱི་ལོ2018ལོ)
མེ་འཁོར་འབབ་ཚིགས།
ཀྲུང་ཅང་ཚང་ཧྲན་མེ་འཁོར་འབབ་ཚིགས།
གནམ་གྲུའི་ཐང་།
མེན་དབྱང་ནན་ཅའོ་གནམ་གྲུའི་ཐང་།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1376ལོ་ནས་སྤྱི་ལོ1934ལོའི་བར་དང་། མིང་དང་ཆིང་རྒྱལ་རབས་གཉིས་དང་མིན་གོའི་དུས་འགོར། ཀྲུང་ཅང་རྫོང་ནི་ཧྲང་ཐུང་ཁྲོན་ཧྥུའུ་ཡི་མངའ་འོག་ཏུ་གཏོགས། སྤྱི་ལོ1376ལོར་ཀྲི་ཐུང་ཁྲོན་ཧྥུའུ་ནི་ཀྲི་ལི་ཐུང་ཁྲོན་ཀྲོའུ་ཡིན་པ་དང་། ཐུང་ཁྲོན་ཀྲོའུ་ཡི་མངའ་འོག་ཏུ་ཀྲུང་ཅང་རྫོང་གི་ལོ་ངོ558ཡོད།

སྤྱི་ལོ1935ལོ་ནས་སྤྱི་ལོ1957ལོའི་བར་དང་། མི་སེར་རྒྱལ་ཁབ་ཀྱི་དུས་མཇུག་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་འགོར་ཀྲུང་ཅང་རྫོང་དེ་སུའེ་ཉིང་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1935ལོར་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་སྲིད་འཛིན་ལྟ་ཞིབ་ཁུལ་སི་ཁྲོན་བྱང་རྒྱུད་སྲིད་འཛིན་ཀུང་ཧྲུའུ་སུའེ་ཉིང་ཀྲོན་ཧྲུའུ་བཙུགས་པ་དང་དེའི་མངའ་འོག་ཏུ་ཀྲུང་ཅང་རྫོང་བཙུགས་ནས་ལོ་ངོ23སོང་།   

སྤྱི་ལོ1958ལོནས་སྤྱི་ལོ1982ལོའི་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་སྐབས་སུ་ཀྲུང་ཅང་རྫོང་མེན་དབྱང་ས་ཁུལ་གྱི་མངའ་འོག་ཏུ་གཏོགས།

སྤྱི་ལོ1958ལོར་སི་ཁྲོན་ཞིང་ཆེན་མེན་དབྱང་ས་ཁུལ་བཙུགས་པ་དང་དེའི་མངའ་འོག་ཏུ་ཀྲུང་ཅང་རྫོང་བཅུགས་ནས་ལོ་ངོ25འགོར།

སྤྱི་ལོ1983ལོ་ནས་ད་ལྟའི་བར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་སྐབས་སུ། ཀྲུང་ཅང་རྫོང་ནི་ཏེ་དབྱང་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས།

སྤྱི་ལོ1983ལོའི་ཟླ9པར། སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར་བཙུགས་པ་དང་། ཀྲུང་ཅང་རྫོང་ནི་དེའི་མངའ་འོག་ཏུ་གཏོགས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོ་བར་ཀྲུང་ཅང་རྫོང་དུ་གྲོང་རྡལ29(ཁའེ་ཅང་གྲོང་རྡལ། ཏུང་པེ་གྲོང་རྡལ། ཅེ་ཞིན་གྲོང་རྡལ། ཐུང་ཅི་གྲོང་རྡལ། ཧུའེ་ལུང་གྲོང་རྡལ། ཡུང་ཐའེ་གྲོང་རྡལ། ཧོང་ལུའུ་གྲོང་རྡལ། ནན་ཧྭ་གྲོང་རྡལ། ནན་ཧྲན་གྲོང་རྡལ། ཅི་ཧྥེང་གྲོང་རྡལ། ཧྥུ་ཞིན་གྲོང་རྡལ། ཞིན་ལུང་གྲོང་རྡལ། ཅི་ཆིང་གྲོང་རྡལ། ཡུང་ཨན་གྲོང་རྡལ། ཡུའེ་ལའེ་གྲོང་རྡལ། ཧྲོང་ལུང་གྲོང་རྡལ། ཅི་ཀོང་གྲོང་རྡལ། ཚང་ཧྲན་གྲོང་རྡལ། ཧྥེང་ཏན་གྲོང་རྡལ། ཅི་ཅིན་གྲོང་རྡལ། ཧུའེ་ལུང་གྲོང་རྡལ། མཉམ་འབྲེལ་གྲོང་རྡལ། ཐའེ་ཨན་གྲོང་རྡལ། ཝན་ཧྥུ་གྲོང་རྡལ། ཀོང་ཧྥུ་གྲོང་རྡལ། ཡུང་ཞིན་གྲོང་རྡལ། ཕུའུ་ཞིན་གྲོང་རྡལ། ཡུས་ཞིན་གྲོང་རྡལ། ལུང་ཐའེ་གྲོང་རྡལ)དང་། ཤང16(ཆིང་ཧྲི་ཤང་། ཝ་ཏེན་ཤང་། ཀུའུ་ཏེན་ཤང་། ཆིན་ཧོ་ཤང་། ཧོ་ཞིན་ཤང་། ཧྲི་ཆོན་ཤང་། པའེ་ཧྲུའུ་ཤང་། ཀའོ་ཏེན་ཤང་། ཐའེ་ཕིན་ཤང་། པའེ་ཀུའོ་ཤང་། དམངས་གཙོ་ཤང་། ཧྲི་སུན་ཤང་། ཡུང་ཧྥེང་ཤང་། ཡོན་ཞིན་ཤང་། ཧྲི་ལུང་ཤང་། ཐུང་ཧྲན་ཤང)གྲོང་ཚོ760 གྲོང་མིའི་ཚོགས་ཆུང8525 གྲོང་མིའི་ཨུ་ཡོན་ལྷན་ཁང77དང་གྲོང་མིའི་ཚོགས་ཆུང599བཅས་ཡོད་པ་རེད།

3 མི་གྲངས་གནས་ཚུལ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཀྲུང་ཅང་རྫོང་གི་ཐེམ་ཐོའི་དུད་ཚང་ཁྲི53.2ལ་སླེབས་པ་དང་ཐེམ་ཐོའི་མི་གྲངས་ཁྲི139.48ལ་སླེབས་པ་དེ་དུས་མཚུངས་ལས3.2%མར་ཆག་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི24.3དང་གྲོང་གསེབ་ཀྱི་མི་གྲངས་ཁྲི115.2ལ་སླེབས་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་གྲངས་ཁྲི1.2ཡོད་པ་དང་། ཤི་རྨས་མི་གྲངས་ཁྲི0.9ཡོད། མི་གྲངས་རང་ཤུགས་སུ་འཕར་ཚད2.3‰ཡིན། ལོ་མཇུག་ཏུ་རྒྱུན་སྡོད་མི་གྲངས་ཁྲི107.7ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད40.91%ཡིན།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོར་ཀྲུང་ཅང་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར390.09ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས9.2%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར87.49ལ་སླེབས་ནས3.6%འཕར་བ་དང་། དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད9.7%ལ་སླེབས། དཔལ་འབྱོར་འཕར་ཚད0.8འཕར་རྒྱུར་སྐུལ་ཁྲིད་ཐུབ་པ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར149.66ལ་སླེབས་ནས10.9%འཕར་བ་དང་། དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད46.1%ལ་སླེབས། དཔལ་འབྱོར་འཕར་ཚད4.3%ལ་སྐུལ་ཁྲིད་ཐུབ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར152.94ལ་སླེབས་ནས11.3%འཕར་བ་དང་། དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད44.2%ལ་སླེབས། དཔལ་འབྱོར་འཕར་ཚད4.1%ལ་སྐུལ་ཁྲིད་ཐུབ་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་སྔོན་མའི24.1:37.4:38.5ནས22.4:38.4:38.4:39.2བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར36234ལ་སླེབས་ནས9.3%འཕར།

སྤྱི་ལོ2018ལོར་ཀྲུང་ཅང་རྫོང་དུ་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར251.4ལ་སླེབས་པ་དེ་ལོ་གོང་མ་ལས་9.4%འཕར་བ་དང་དམངས་གཉེར་དཔལ་འབྱོར་གྱིསGDPནང་བཟུང་བའི་བསྡུར་ཚད64.5%ལ་སླེབས་ནས་ལོ་གོང་མ་ལས0.1%མཐོ་རུ་ཕྱིན་ཡོད། དམངས་གཉེར་དཔལ་འབྱོར་གྱིས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད63.2%ལ་སླེབས་ནས་དཔལ་འབྱོར་འཕར་ཚད5.8%འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།

སྤྱི་ལོ2018ལོར་ཀྲུང་ཅང་རྫོང་གི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར145.2བཏང་བ་དེ་ལོ་གོང་མ་ལས20%(ཁ་ཚད་གཅིག་པ)འཕར་ཡོད། དེའི་ནང་བདེ་འཇགས་ལས་གྲྭའི་མ་འཇོག་སྒོར་དུང་ཕྱུར104.7ལ་སླེབས་ནས6.5%འཕར་བ་དང་། བཟོ་ལས་ལག་རྩལ་བསྒྱུར་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར48.3བཏང་ནས22.7%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར6.4བཏང་ནས64.3%འཕར་བ་དེས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡུར་ཚད4.5%བཟུང་བ་དང་། ཐོན་ལས་གཉིས་པས་མ་དངུལ་སྒོར་དུང་ཕྱུར48.3བཏང་ནས21.5%འཕར་བ་དེས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡུར་ཚད་ཀྱི34.2%བཟུང་། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར86.6བཏང་ནས18.2%འཕར་ནས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡུར་ཚད61.3%ལ་སླེབས་ཡོད།

སྤྱི་ལོ2018ལོར་ཀྲུང་ཅང་རྫོང་གི་ནོར་སྲིད་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར27.5ལ་སླེབས་པ་དེ་ལོ་གོང་མ་ལས24.4%འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར10.6ལ་སླེབས་ནས5.9%འཕར་ཡོད། ནོར་སྲིད་ཀྱི་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར61.4ཡིན་པས13.0%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར49.8ཡིན་པས5.7%འཕར་ཡོད།

4_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ཀྲུང་ཅང་རྫོང་དུ་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར150.4ལ་སླེབས་པ་དེ་ལོ་གོང་མ་ལས3.6%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར77.7ལ་སླེབས་ནས4.3%འཕར་བ་དང་། ནགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར6.0ལ་སླེབས་ནས3.2%འཕར། འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར61.7ལ་སླེབས་ནས2.4%འཕར། ཉ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.8ལ་སླེབས་ནས5.9%འཕར་ཡོད། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.3ལ་སླེབས་ནས7.8%འཕར་ཡོད།

སྤྱི་ལོ2018ལོར་ཀྲུང་ཅང་རྫོང་གི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་སྤྱི་ཆིང་ཁྲི19.5ལ་སླེབས་པ་དེ་ལོ་གོང་མ་ལས0.5%མར་ཆག་པའི་ནང་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་ཁྲི14.4ལ་སླེབས་ནས0.4%མར་ཆག་ཡོད། ལོ་ཧྲིལ་བོའི་འབྲུ་རིགས་ཐོན་ཚད་ཏུན་ཁྲི81.2ཡིན་ཞིང་། ཐོན་ཚད་ཏུན་ཁྲི0.07ཡིན་ཞིང0.1%འཕར་སྣོན་བྱུང་། དེའི་ནང་ཞའོ་ཁྲུན་གྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི14.2ཡིན་ཞིང0.4%འཕར་སྣོན་བྱུང་། དཔྱིད་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི67ལ་སླེབས་ནས་གཞི་རྩའི་ཆ་ནས་དོ་མཉམ་བྱུང་ཡོད། འབྲས་ཐོན་ཚད་ཏུན་ཁྲི22.7ལ་སླེབས་ནས0.3%འཕར། གྲོའི་ཐོན་ཚད་ཏུན་ཁྲི12.1ལ་སླེབས་ནས་ཆ་སྙོམས་ཡིན་པ་དང་། སྣུམ་རྒྱུའི་ལོ་ཏོག་ཐོན་ཚད་ཏུན་ཁྲི9.6ལ་སླེབས་ནས1.5%འཕར། སྔོ་ཚལ་དང་དེ་བཞིན་བཟའ་བྱའི་ཤ་མོ་སྤྱིའི་ཐོན་འབོར་ཏུན་ཁྲི45.7ལ་སླེབས་ནས0.9%འཕར་ཡོད།

སྤྱི་ལོ2018ལོར་ཀྲུང་ཅང་རྫོང་གི་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི10.2ལ་སླེབས་པ་དང་། ཕན་ལྡན་ཆུ་འདྲེན་རྒྱ་ཁྱོན་སྤྱི་ཆིང་ཁྲི5.5ལ་སླེབས། ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ་ཁྲི64.5ལ་སླེབས་པ་བཅས་རེད།

4_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཀྲུང་ཅང་རྫོང་དུ་ཁྱོན་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས206ཡོད་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར436.1ལ་སླེབས་པ་དེ་ལོ་གོང་མ་ལས13.7%འཕར་བ་དང་། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་འཕར་ཚད9.3%ལ་སླེབས། བྲིན་ཚོང་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར424.5ལ་སླེབས་པ་དང་། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར413.0ལ་སླེབས་ནས11.0%འཕར། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར27.4ལ་སླེབས་ནས37.6%འཕར། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར37.5ལ་སླེབས་ནས26.2%འཕར་ཡོད། བཟོ་ལས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད97.3%ལ་སླེབས་ཡོད།

སྤྱི་ལོ2018ལོར་ཀྲུང་ཅང་རྫོང་གི་ཨར་ལས་སྤྱིའི་འགན་གཙང་ལེན་དང་ཆེད་ལས་འགན་གཙང་ལེན་གྱི་ཐོབ་ཐང་ཡན་གྱི་ཨར་ལས་ཁེ་ལས26ཡོད་པ་དང་། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར26.1(ཞིང་ཆེན་ཕྱི་རོལ་ཚུད་པ)ལ་སླེབས་ནས་ལོ་གོང་མ་ལས71.0%འཕར་བའི་ནང་ཨར་པོའི་ལས་གྲྭའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར22.1ལ་སླེབས་ནས56.6%འཕར་བ་དང་། ཁང་པའི་འཛུགས་སྐྲུན་ལས་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི77.2ལ་སླེབས་ནས5.7%འཕར་ཡོད།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཀྲུང་ཅང་རྫོང་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར184.8ལ་སླེབས་པ་དེ་ལོ་གོང་མ་ལས12.5%འཕར་ཡོད། གཉེར་སྐྱོང་ཁུལ་ལ་གཞིགས་ནས་དབྱེ་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར105.0ལ་སླེབས་ནས12.2%འཕར་བ་དང་། གྲོང་གསེབ་ཏུ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར79.8ལ་སླེབས་ནས12.7%འཕར་ཡོད། ལས་རིགས་ལ་གཞིགས་ནས་དབྱེ་ན་སྡེབ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར8.6ལ་སླེབས་ནས19.6%འཕར་བ་དང་། སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར151.2ལ་སླེབས་ནས12.1%འཕར། ཞག་སྡོད་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར1.2ལ་སླེབས་ནས14.1%འཕར། བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར23.8ལ་སླེབས་ནས12.4%འཕར་ཡོད།

སྤྱི་ལོ2018ལོར་ཀྲུང་ཅང་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི680.0ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས28.2%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར56.0ལ་སླེབས་ནས40%འཕར་ཡོད།

སྤྱི་ལོ2018ལོར་ཀྲུང་ཅང་རྫོང་གིས་རྒྱལ་ནང་དང་གྲོང་ཁྱེར་ཕྱིའི་མ་དངུལ་སྒོར་དུང་ཕྱུར81.9དོན་འཁྱོལ་བྱས་པ་དེ་ལོ་གོང་མ་ལས་8.8%འཕར་བ་དང་། རྒྱལ་ནང་གི་ཞིང་ཆེན་གཞན་གྱི་མ་དངུལ་སྒོར་དུང་ཕྱུར51.9བཏང་ནས8.7%འཕར་ཡོད།

སྤྱི་ལོ2018ལོར་ཀྲུང་ཅང་རྫོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར7.0ལ་སླེབས་པ་དེ་ལོ་གོང་མ་ལས30.7%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར6.6ལ་སླེབས་ནས45.2%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར0.3ནང་འདྲེན་བྱས་ནས55.4%མར་ཆག་ཡོད།

སྤྱི་ལོ2018ལོར་ཀྲུང་ཅང་རྫོང་གི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར15.3བཏང་བ་དེ་ལོ་གོང་མ་ལས5.7%མར་ཆག་པ་དེས་མ་འཇོག་བསྡོམས་འབོར་གྱི་བསྡུར་ཚད་ཀྱི10.8%བཟུང་ཡོད། ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི191.1ལ་སླེབས་ནས1.7%མར་ཆག ཚོང་སྒྱུར་སྡོད་ཁང་བསྐྲུན་ལ་སླེབས་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི34.8ལ་སླེབས་ནས52.1%མར་ཆག ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི48.2ལ་སླེབས་ནས17.6%འཕར་ཡོད།

སྤྱི་ལོ2018ལོ་བར་ཀྲུང་ཅང་རྫོང་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་སྣ་ཚོགས་ལྷག་གྲངས་སྒོར་དུང་ཕྱུར435.8ལ་སླེབས་པ་དེ་ལོ་གོང་མ་ལས12.3%འཕར་བའི་ནང་སྡོད་མཁན་དུད་ཚང་གི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར344.6ལ་སླེབས་ནས10.3%འཕར་ཡོད། དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར167.5ལ་སླེབས་ནས32.7%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།